ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་དང་འཇར་མན་གྱི་ཙུང་ལི་མའོ་ཁའོ་ཨར་གཉིས་ཀྱིས་ཕན་ཚུན་ལ་ཁ་པར་བཏང་།

སྤེལ་དུས 2021-04-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           ཟླ4པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མའོ་ཁའོ་ཨར་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།
           ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་ནིང་ང་ཚོས་ཐེངས་མང་ལ་འབྲེལ་འདྲིས་བྱས་ནས། ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་བར་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པའི་ནུས་པ་གལ་ཆེན་བཏོན། ཀྲུང་གོ་དང་འཇར་པན། ཀྲུང་གོ་དང་ཡོ་རོབ་བར་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། དོན་སྙིང་ལྡན་པའི་དོན་ཆེན་འགྲུབ་སྲིད་པ་ཡིན།  འཇར་མན་ཕྱོགས་དང་ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཧུར་ཐག་གིས་འབད་བརྩོན་བྱས་ནས་ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་བར་ཀྱི་མཉམ་ལས་ལ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོང་དང་སྐུལ་འདེད་བཏང་སྟེ། འགྱུར་བ་མང་བའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་བརྟན་བརླིང་རང་བཞིན་དེ་བས་མང་པོ་སྣོན་རྒྱུའི་རེ་བ་ཡོད་ཅེས་བསྟན། 
           ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་དངོས་སྒྲུབ་མཉམ་ལས་ཐད་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དང་རྒྱུ་རྐྱེན་གཞན་དག་གི་འགལ་རྐྱེན་ཁྱད་དུ་བསད་ནས། བརྟན་ཐོག་ཡར་རྒྱས་དང། ཀྲུང་གོ་བསྟུན་མར་ལོ5ལ་འཇར་མན་གྱི་འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་ཚོང་དོན་རོགས་ཟླར་གྱུར་པ་དེ་ཐོག་ནས། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ལ་མཉེན་ཆ་དང་མི་མངོན་པའི་ནུས་ཤུགས་མངོན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་ལ་དམིགས་ནས། ཀྲུང་གོ་དང་འཇར་མན་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་བར་ཀྱི་མཉམ་ལས་དང་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་པར་ཡིད་ཆེས་དང་སྒུལ་ཤུགས་སྣོན་པར་ཕན་ཐོགས་ཡོད། ཀྲུང་གོས་ཧུར་ཐག་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ། རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་སུ་བཏོང་བ་དང་ཆབས་ཅིག  ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཧུར་ཐག་གིས་རྒྱལ་སྤྱིའི་ལས་བགོས་མཉམ་ལས་ནང་ཞུགས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་འཇར་མན་གྱི་ཁེ་ལས་ཚུད་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་དང་མཉམ་དུ་ཀྲུང་གོའི་རེས་སྐོར་གསར་པའི་སྒོ་འབྱེད་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་ལོངས་སུ་སྤྱོད་འདོད་ཡོད་པ་རེད། འཇར་མན་ཕྱོགས་ཀྱིས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བར་སྟབས་བདེ་དེ་བས་མང་བ་བསྐྲུན་པའི་རེ་བ་ཡོད། ཕྱོགས་གཉིས་པོས་སང་ལོ་ཀྲུང་གོ་དང་འཇར་མན་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པ་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ཏེ་ཚན་རྩལ་དང་། སློབ་གསོ། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།
           ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  མིག་སྔར། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད་ལ་འགྲན་སློང་སྣ་ཚོགས་ཀྱང་འཕྲད་ཡོད།  འགག་རྩ་ནི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དང་ནང་དོན་གཙོ་བོ་ནན་མོ་བཟུང་སྟེ། ཕན་ཚུན་བརྩི་འཇོག་དང་འགལ་རྐྱེན་སེལ་དགོས། ཀྲུང་གོའི་འཕེལ་རྒྱས་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་གོ་སྐབས་ཡིན་པ་དང་། ཡོ་རོབ་མནའ་འབྲེལ་གྱིས་རང་ཚུགས་ཀྱིས་བརྡར་ཤ་ཡང་དག་བཅད་ནས་འཐབ་ཇུས་རང་བདག་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་དུས་མཚམས་རྗེས་མའི་ཆབ་སྲིད་གྲོས་རིམ་གལ་ཆེན་རབ་དང་རིམ་པ་གྲོས་མོལ་ཡག་པོ་བྱས་ནས།  ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་རྒྱ་ཆེར་བཏང་སྟེ་གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གནད་དོན་ཐད་ཀྱི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གིས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་འདོད་ཡོད་ཅེས་བསྟན།
           ཞི་ཅིན་ཕིང་གིས་བསྟན་དོན། རིམས་འགོག་སྨན་ཁབ་ནི་ནད་འགོག་པ་དང་མི་སྐྱོབ་པ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་སྨན་ཁབ་ཆབ་སྲིད་ཅན་དུ་འགྱུར་བའམ་ཡང་ན“རིམས་འགོག་སྨན་ཁབ་མི་རིགས་རིང་ལུགས”སྤེལ་རྒྱུར་ངོ་རྒོལ་བྱས་ནས། འཇར་མན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་ལུགས་མཐུན་ངང་བགོ་བཤའ་རྒྱག་པར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་ཐོབ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་མིའི་རིགས་མཉམ་དུ་རིམས་ནད་ལས་རྒྱལ་བར་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས་པ་རེད།
           མའོ་ཁའོ་ཨར་གྱིས་བཤད་རྒྱུར། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་ཕྱི་ཕྱོགས་འབྲེལ་བའི་ཐད་རང་བདག་མཐའ་འཁྱོངས་བྱས་ཡོད། དེང་སྐབས་འཛམ་གླིང་ལ་གནད་དོན་དང་འགྲན་སློང་མང་པོ་འཕྲད་ཡོད་པས་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱས་ནས་ཁ་གཏད་འཇལ་དགོས། ཡོ་རོབ་དང་ཀྲུང་གོས་གླེང་མོལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་པ་མ་ཟད། འཛམ་གླིང་ལའང་ཕན་པ་ཡོད་པས། འཇར་མན་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་པ་རེད།  འཇར་མན་ཕྱོགས་ཀྱིས་ཀྲུང་གོའི“ལོ་ལྔ་ཚའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་ལ་མཐོང་ཆེན་བྱེད་ཀྱིན་ཡོད། དེས་འཇར་མན་དང་ཀྲུང་གོ ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་གོ་སྐབས་གསར་པ་གལ་ཆེན་ཐོབ་པར་རེ་སྒུག་བྱེད་ཀྱིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རེས་སྐོར་གསར་པའི་འཇར་མན་དང་ཀྲུང་གོ་སྲིད་གཞུང་གི་གྲོས་མོལ་གྲ་སྒྲིག་ཡག་པོ་བྱེད་པ་དང་། མི་སྣ་འགྲོ་འོང་མགྱོགས་མྱར་གྱིས་སླར་གསོ་བྱེད་པ། རིམས་འགོག་ལ་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་འགྱུར་ལྡོག  སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས།  རིམས་འགོག་སྨན་ཁབ་དྲང་གཞག་བགོ་བཤའ་དང་ཕན་ཚུན་དཔང་བདེན་ར་སྤྲོད་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་འབྲེལ་བ་རྒྱུན་འཁྱོངས་ཐུབ་རྒྱུ་པའི་རེ་བ་ཡོད། འཇར་མན་ཕྱོགས་ཀྱིས་ཁུན་མིང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་པར་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།