དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཧུའུ་པའེ་ཡིས་གོ་ལ་ཧྲིལ་བོར་འོས་སྦྱོར་བྱེད་པའི་བྱ་འགུལ་ཟླ4པའི་ཚེས12ཉིན་སྤེལ་རྒྱུ་ཡིན་པ།

སྤེལ་དུས 2021-04-09 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ།
           ཕྱི་འབྲེལ་པུའུ་ཡི་འགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཟླ4པའི་ཚེས7ཉིན་བཤད་རྒྱུར།  ཕྱི་འབྲེལ་པུའུ་དང་ཧུའུ་པའེ་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་ཟླ4པའི་ཚེས12ཉིན་གྱི་ཕྱི་དྲོར་ཕྱི་འབྲེལ་པུའུ་ཡི་ཐོག་ཁང་ལྷོ་མའི་ཚོམས་ཁང་དུ་དྲ་སྟེང་དང་ཡུལ་དངོས་ཟུང་འབྲེལ་གྱི་ལམ་ནས“དཔའ་སྤོབས་ལྡན་པའི་ཧུའུ་པའེ:དཀའ་སྡུག་ཁྲོད་གསོན་ཤུགས་རྒྱས་ཤིང་མཚར་སྡུག་གི་མ་འོངས་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་གོ་ལ་ཧྲིལ་བོར་འོས་སྦྱོར་བྱེད་པའི་དམིགས་བསལ་བྱ་འགུལ་སྤེལ་རྩིས་ཡོད། ཀྲའོ་ལི་ཅན་གྱིས་བཤད་རྒྱུར། འདི་ནི་ཕྱི་འབྲེལ་པུའུ་ཡིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྗེས་སུ་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་རིམ་པས་གོ་ལ་ཧྲིལ་བོར་འོས་སྦྱོར་བྱེད་པའི་བྱ་འགུལ་སྤེལ་བ་ཐེངས་དང་པོ་ཡིན། “ཧུའུ་པེ་དང་ཝུའུ་ཧན་གྱིས་རིམས་ནད་འགོག་བཅོས་ཐད་བླངས་བའི་གྲུབ་འབྲས་ལས་གཞན། ང་ཚོས་ད་དུང་རིམས་ནད་འགོག་བཅོས་ལ་རྒྱལ་ཁ་ཐོབ་རྗེས་ཀྱི་ཧུའུ་པའེ་དང་ཝུའུ་ཧན་གྱི་དཔལ་འབྱོར་སྤྱི་ཚོགས་ལ་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མངོན་པ་དང་།  ཧུའུ་པའེ་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱལ་གྱི་མདུན་ལྗོངས་གསར་བར་སྐུལ་འདེད། ཕྱི་ཕྱོགས་ལ་སྒོ་འབྱེད་པའི་བྱེད་ཕྱོགས་གསར་བ་འོས་སྦྱོར་བཅས་བྱས་ནས་རྒྱལ་ཁབ་སོ་སོས་ཧུའུ་པའེ་དང་ལྷན་དུ་མཉམ་ལས་བརྗེ་རེས་ཀྱི་འབྲེལ་ཟམ་གསར་བ་འཛུགས་པར་ཤུགས་སྣོན་བརྒྱག་རྒྱུ་རེད” ། །
རྩོམ་སྒྲིག་པ། བདེ་སྒྲོལ།