ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་པའོ་ཧྥུང་ཕྱེད་གླིང་འདམ་རར་སྤེལ་བ།

སྤེལ་དུས 2021-10-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཉེ་དུས་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཡུན་ནན་སློབ་ཆེན་ཞོར་གཏོགས་སློབ་འབྲིང་ཤིང་ཡའོ་སློབ་གྲྭའི་དགེ་སློབ་ཚོ་པའོ་ཧྥུང་ཕྱེད་གླིང་འདམ་རར་བསྐྱོད་དེ“ཕྱོགས་བཞིའི་འབྲས་ཞིང་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་བ་དང་མེ་ཏོག་པད་མའི་ཁྲོད་ནས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཀྱི་ལྟ་བ་མཉམ་སྐྲུན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད། ཏན་ཁྲེ་མཚོའི་ཤར་ངོགས་སུ་གནས་པ་དང་ས་ཁྱོན་མུའུ་1633.8ཟིན་པའི་པའོ་ཧྥུང་ཕྱེད་གླིང་འདམ་ར་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི(COP15)ཕྱི་རོལ་གྱི་འགྲེམས་སྟོན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། COP15ཡི་དུས་མཚམས་དང་པོའི་ཚོགས་འདུ་གྲོལ་རྗེས་པའོ་ཧྥུང་ཕྱེད་གླིང་འདམ་ར་ཟླ་10ཚེས་26ཉིན་སྤྱི་དམངས་ལ་དངོས་སུ་སྒོ་ཕྱེ་རྒྱུ་རེད། འདི་ནི་ཡུན་ནན་སློབ་ཆེན་ཞོར་གཏོགས་སློབ་འབྲིང་ཤིང་ཡའོ་སློབ་གྲྭའི་དགེ་སློབ་ཚོས་པའོ་ཧྥུང་ཕྱེད་གླིང་འདམ་རའི་ཞིང་ནང་དུ་སྐྱོད་བཞིན་པ།
རྩོམ་སྒྲིག་པ། སངས་སྐྱབས།