ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞབས་ཞུ་གསར་གཏོད་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

སྤེལ་དུས 2022-09-23 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ཉེར་ཡོད་པའི་སྐབས་སུ། ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་དགའ་སྤྲོ་རབ་ཏུ་འཕེལ་བཞིན་དུ་སེམས་ཤུགས་ཆེར་སྐྱེད་དང་སྙིང་སྟོབས་རབ་འཕེལ་གྱིས་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བཞིན་ཡོད་པ་རེད།
  སུའེ་ཧྭ་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཐོག་སོ་དང་པོའི་ཚོམས་ཆེན་དུ་སྐྱོད་སྐབས། དང་ཐོག་མིག་ལམ་དུ་འཆར་བ་ནི་བརྙན་ཤེལ་ཆེན་པོ་ཞིག་ཡིན་ཞིང་། བརྙན་ཤེལ་ཐོག་ས་འོག་མེ་འཁོར་འཁོར་སྐྱོད་ལམ་རིས་དང་འདྲ་བའི་ལམ་ཐིག་རེའུ་མིག་གཅིག་ཡོད་པ་དང་། བབས་ཚུགས་ཁག་ཏུ་བརྡ་གཏོང་གློག་སྒྲོན་གྱིས་འོད་ཆེམ་ཆེམ་འཚེར་བ་དེའི་ཁྲོད“གསལ་བ”ནི་མེ་འཁོར་མིན་པར་སུའེ་ཧྭ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཡིན་པ་རེད།
  སུའེ་ཧྭ་གྲོང་ཁྱེར་གྱིས་རྣམ་གྲངས་དོན་འཁྱོལ་ཞབས་ཞུའི་འགན་ལེན་ལམ་སྲོལ་གསར་གཏོད་བྱས་ནས། རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་ཁེ་ལས་ཐོ་འགོད་དང་འཛུགས་སྐྲུན་དང་འབྲེལ་བའི་ཞིབ་མཆན་འགོད་པ་ནས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་བར་གྱི་ལྷུ་ཚིགས་ཁག་བབས་ཚུགས་14ཡི“ས་འོག་མེ་འཁོར་འཁོར་སྐྱོད་ལམ་རིས”ལ་ཇུས་འགོད་ཞིབ་ཚགས་བྱས་པས། བབས་ཚུགས་རེ་རེས་ཞིབ་མཆན་དོན་ཚན་གཅིག་མཚོན་པ་དང་། ལྗང་སྔོན་སེར་དམར་བཅས་ཚོས་གཞི་བཞིའི་བརྡ་གཏོང་གློག་སྒྲོན་གྱིས་ལྷུ་ཚིཌ་དེའི་བསྒྲུབས་ཚར་བ་དང་། བསྒྲུབ་མེད་པ། སྒྲུབ་བཞིན་པ་བཅས་དང་དེ་བཞིན་དུས་ཡུན་བརྒལ་བ་བཅས་ཀྱི་རྣམ་པ་བཞི་སོ་སོར་མཚོན་གྱི་ཡོད་པ་རེད།
  ས་འོག་མེ་འཁོར་འཁོར་སྐྱོད་ཀྱི་དུས་ཐོག་དང་། མྱུར་བགྲོད། བརྒྱུད་རིམ་ཧྲིལ་པོ་གསལ་མཐོང་། བབས་ཚུགས་སུ་འབྱོར་བའི་དུས་ཚོད་སྔོན་དཔག་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས། སུའེ་ཧྭ་གྲོང་ཁྱེར་གྱིས་2019ལོ་ནས་བཟུང་ཚོང་འགུགས་མ་འདྲེན་རྣམ་གྲངས་དོན་འཁྱོལ་ཞབས་ཞུ་འགན་ལེན་གྱི་ལྟ་འདོམས་མ་ལག་བསྐྱུན་རྒྱུ་འཚོལ་ཞིབ་བྱས་ནས་ཁེ་ལས་ལ་རྣམ་གྲངས་གཉེར་རོགས་བྱས་ཡོད། རིམ་སྤོར་ལེགས་སྒྱུར་བྱས་པ་བརྒྱུད“ས་འོག་མེ་འཁོར་འཁོར་སྐྱོད་ལམ་རིས”དེ་ཐོག་མའི་བབས་ཚུགས་34ནས་14བར་ཁུ་བསྡུ་ཐུབ་ཡོད་པ་རེད།
  “‘ས་འོག་མེ་འཁོར་འཁོར་སྐྱོད་ལམ་རིས’ལམ་སྲོལ་ནི་གསར་དུ་བཙུགས་པའི་ཁེ་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལས་འགོ་མགྱོཌ་མྱུར་འཛུགས་པ་དང་། འཛུགས་སྐྲུན་མགྱོགས་མྱུར་བྱེད་པ། ཐོན་སྐྱེད་མགྱོགས་མྱུར་བྱེད་པ། ཕན་འབྲས་མགྱོགས་མྱུར་ཐོན་པ་བཅས་ལ་རམ་འདེགས་བྱེད་རྒྱུ་དེ་ཡིན་པས། ཞིབ་མཆན་འགོད་པའི་དུས་བཀག་ཐུང་དུ་ཕྱིན་པ་དང་། ཁེ་ལས་ཀྱི་མ་གནས་གྲོན་ཆུང་ཐུབ་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད་ཅེས”སུའེ་ཧྭ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་པའོ་ཝུའེ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་འདི་ལོའི་ལོ་སྟོད་དུ་སུའེ་ཧྭ་གྲོང་ཁྱེར་གྱི་ཁྲོམ་རའི་བྱེད་པོའི་གྲངས་འབོར་དུས་མཚུངས་ལས་47%འཕར་ཡོད། “ང་ཚོས་གསར་གཏོད་བྱ་ཐབས་མུ་མཐུད་འཐུས་སྒོ་ཚང་དུ་གཏིང་ཟབ་གཏོང་བ་དང་། གྲངས་འཛིན་ནུས་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས་སྲིད་དོན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན”ཞེས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོན།