ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བདམས་ཐོན་པ་3000ས་མཐོའི་རྒྱང་རྒྱུག་འགྲན་བསྡུར་ནང་ཞུགས་པ།

སྤེལ་དུས 2021-10-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཚེས་16ཉིན། 2021ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་དེ་ས་བབ་མཐོ་ཚད་སྨི་3646.31ཟིན་པའི་ཉི་འོད་གྲོང་ཁྱེར་ལྷ་སར་མེ་མདའི་སྒྲ་དང་བསྟུན་ནས་འགོ་ཚུགས་པ་དང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་བདམས་ཐོན་པ་3000ལྷག་ཙམ་ས་བབ་མཐོ་བའི་ས་མཐོར་ལམ་ཕྱེད་མར་སུན་འགྲན་རྒྱུག་བྱས་པ་རེད།
          ད་རེས་ཀྱི་འགྲན་བསྡུར་ནང་ཞུགས་མཁན་3000ཡོད་པ་དེ་དག་ལམ་ཕྱེད་མར་སུན་འགྲན་རྒྱུག(སྤྱི་ལེ་21.0975ཟིན་པ)ལ་མི་600དང་། ལམ་དུམ་བཞིར་བགོས་པའི་མར་སུན་འགྲན་རྒྱུག(སྤྱི་ལེ་10.54875ཟིན་པ)ལ་མི་600 རྒྱང་ཐུང་མར་སུན་འགྲན་རྒྱུག(སྤྱི་ལེ་5ཟིན་པ)ལ་མི་1800བཅས་ཚོགས་ཆུང་གསུམ་ལ་བགོས་ཤིང་། མཐའ་མཇུག་བསོད་ནམས་ཚེ་རིང་གིས་ཆུ་ཚོད་1དང་སྐར་མ་14དང་སྐར་ཆ་28ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ཨང་དང་པོ་བླངས་པ་དང་། ཚེ་རིང་མཚོ་མོས་ཆུ་ཚོད་1དང་སྐར་མ་24དང་སྐར་མ་01གི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ཨང་དང་པོ་བླངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།