ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

རྩིས་སྤྲོད་ཉེར་ཡོད་པའི་C919རྟགས་ཅན་གྱི་གནམ་གྲུ་ཆེན་པོ་ཐོག་མའི་འཕུར་སྐྱོད་ཀྱི་ཚོད་ལྟ་ལེགས་གྲུབ་བྱུང་བ།

སྤེལ་དུས 2022-05-17 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

འདི་ནི་ཟླ་5ཚེས་14ཉིན་C919རྟགས་ཅན་གྱི་གནམ་གྲུ་ཆེན་པོ་འཕུར་སྐྱོད་ཚོད་ལྟ་བྱེད་པའི་གནས་ཚུལ་ཡིན་པ།
           ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་14ཉིན་གྱི་ཆུ་ཚོད་6དང་སྐར་མ་52ཙམ་ལ་ཨང་རྟགས་B 0011Jཡིན་པའི་C919རྟགས་ཅན་གྱི་གནམ་གྲུ་ཆེན་པོ་ཧྲང་ཧའེ་ཕུའུ་ཏུང་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་9དང་སྐར་མ་54ཙམ་ལ་བདེ་འཇགས་ངང་བབས་པ་དེ་ཐོག་ནས་ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཀུང་སིས་རྩིས་སྤྲོད་ཉེར་ཡོད་པའི་C919རྟགས་ཅན་གྱི་གནམ་གྲུ་ཆེན་པོ་ཐོག་མའི་འཕུར་སྐྱོད་ཚོད་ལྟ་ལེགས་གྲུབ་བྱུང་བ་མཚོན་ཡོད། འཕུར་སྐྱོད་བྱེད་རིང་འཕུར་སྐྱོད་ཚོད་ལྟ་བྱེད་མཁན་དང་ཚོད་འཕུར་ལག་རྩལ་ཆེ་མོ་བས་མཐུན་སྦྱོར་གཞོགས་འདེགས་བྱས་ནས་སྔོན་གཏན་འཁེལ་བའི་ལས་འགན་ཁག་ལེགས་སྒྲུབ་བྱས་པ་དང་གནམ་གྲུའི་གནས་ཚུལ་དང་ནུས་པ་ཡག་པོ་ཡོད་པ་རེད།
           2019ལོ་ནས་བཟུང་C919རྟགས་ཅན་གནམ་གྲུ་6ཧྲང་ཧའེ་དང་། ཡན་ལེའང་། ཏུང་ཡིང་། ནན་ཁྲང་སོགས་སུ་འཕུར་སྐྱོད་ཚོད་ལྟ་བྱས་ནས་ས་ངོས་ཀྱི་ཚོད་ལྟ་དང་འཕུར་སྐྱོད་ཚོད་ལྟ་རབ་དང་རིམ་པ་བྱས་པ་རེད། 2020ལོའི་ཟླ་11པར་C919རྟགས་ཅན་གྱི་གནམ་གྲུར་བཟོ་དབྱིབས་ཞིབ་བཤེར་ཆོག་མཆན་ཡི་གེ(TIA)ཐོབ་ནས་ཅུས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཚོད་འཕུར་དུས་མཚམས་སུ་ཕྱོགས་ཡོངས་ནས་སླེབས་ཡོད་པ་རེད། མིག་སྔར་C919རྟགས་ཅན་གྱི་གནམ་གྲུ་ཆེན་པོ་ཚོད་འཕུར་གྱི་ལག་ཁྱེར་ལེན་པ་དང་རྩིས་སྤྲོད་ཀྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།