ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

པེ་ཅིང་གི་ཆུས་12སུ་མུ་མཐུད་ཉིང་སྐྱུར་བརྟག་དཔྱད་བྱེད་བཞིན་པ།

སྤེལ་དུས 2022-05-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

         སྤྱི་ཚོགས་སུ་མངོན་མེད་ནད་དཔེ་གང་མགྱོགས་གྲལ་བཤེར་ཐུབ་པ་བྱ་ཆེད། པེ་ཅིང་གྲོང་ཁྱེར་གྱིས་ཟླ་5ཚེས་16ཉིན་ནས་བཟུང་གྲོང་ཤར་དང་། གྲོང་ནུབ། ཁྲའོ་དབྱང་། ཧའེ་ཏན། ཧྥུང་ཐའེ། ཧྲེ་ཅིང་ཧྲན། ཧྥང་ཧྲན། ཐུང་ཀྲོའུ། ཧྲུན་དབྱི། ཁྲང་ཕིང་། ཏ་ཤིང་། དཔལ་འབྱོར་གསར་སྤེལ་ཁུལ་བཅས་ཆུས་12ལ་རེས་སྐོར་གསུམ་པའི་ས་ཁོངས་ཀྱི་ཉིང་སྐྱུར་གྲལ་བཤེར་བྱས་ཡོད། མོན་ཐེའོ་རོང་དང་། ཕིང་ཀུའུ། ཧོའེ་རེའུ། སྨི་ཡུན། ཡན་ཆིང་བཅས་སྐྱེ་ཁམས་འཚོ་སྐྱོང་ཁུལ་5ལ་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་བརྟག་དཔྱད་བྱས་ཤིང་། འདི་ནི་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཅན་ཝེ་ཁྲོམ་གཞུང་པེ་ལང་སྡེ་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་ས་ཞིག་ཏུ་དང་བླངས་པས་གྲོང་མིར་ཉིང་སྐྱུར་བརྟག་དཔྱད་ཀྱི་ཁྲིད་སྟོན་བྱེད་བཞིན་པ།