ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གི་བཀའ་མངག་བློར་ངེས་ཏེ་ལུས་པོའི་བྱང་ཚད་མཐོ་རུ་གཏོང་།

སྤེལ་དུས 2021-09-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཉེ་ལམ་ལོ་ཤས་རིང་ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་བློ་ལ་བརྟན་པོར་ངེས་ནས། མི་དམངས་ཀྱི་ལུས་པོའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལུས་རྩལ་ནི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་སྐོང་རྒྱུ་དང་མིའི་ཁྱོན་ཡོངས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད་ཅེས་ནན་སྟོན་གནང་ཡོད། འདི་ཟླའི་ཚེས་15ཉིན། རྒྱལ་ནང་གི་གཞི་ཁྱོན་ཆེ་ཤོས་དང་ཆུ་ཚད་མཐོ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་རྒྱས་འཛོམས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་ཞི་ཨན་དུ་གཉེར་འགོ་ཚུགས་རྒྱུ་ཡིན་པ་རེད། ཉེ་ལམ་ལོ་ཤས་རིང་། རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་རྩལ་ནང་ཞུགས་པའི་སྤྲོ་སེམས་ལ་རྒྱུན་མཐུད་ངང་སྐུལ་སློང་ཐུབ་ཡོད་པ་རེད།
          ལུས་རྩལ་ནི་སྤྱི་ཚོགས་གོང་འཕེལ་དང་མིའི་རིགས་ཡར་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཞིག་དང་། ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་ཁབ་ཀྱི་གཉེན་ཤུགས་མངོན་ཚུལ་གལ་ཆེན་ཞིག་ཡིན། སྤྱི་ལོ་2016ལོའི་ཟླ་8པའི་ཚེས་25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་31པའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་སྐབས། རྩལ་འགྲན་ལུས་རྩལ་ཁྲོད་ཨོ་ལིམ་ཕིག་སྙིང་སྟོབས་དང་ཀྲུང་ཧྭ་ཡི་ལུས་རྩལ་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས། རྩལ་འགྲན་ལུས་རྩལ་དེ་བས་ཡག་པ་དང་དེ་བས་མགྱོགསཔ། དེ་བས་མཐོ་བ། དེ་བས་སྟོབས་ཆེ་བ་བཅས་གཉེར་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་ཁྱབ་གདལ་བཏང་ནས། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་ཁྲོད་ལག་ལེན་བསྟར་དགོས་པ་དང་། ལུས་རྩལ་སྒྱུར་བཅོས་བྱ་རྒྱུར་ཡང་བརྩོན་པ་ལྷོད་མེད་ཀྱིས་དམ་འཛིན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཉེ་ལམ་ལོ་ཤས་རིང་དམངས་ཡོངས་ཀྱི་ལུས་སྦྱོང་རྒྱལ་ཁབ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། བདེ་ཐང་གི་ཀྲུང་གོ་དང་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གསར་པ་སྤོ་ཐུབ་ཡོད།
          ཧྲའན་ཞི་ཞིང་ཆེན་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གཉེར་འགན་འཁུར་བ་དེ་གོ་སྐབས་སུ་བརྩིས་ནས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དམངས་ཕན་ལས་གཞི་ལག་བསྟར་བྱེད་པ་དང་། སྤྱི་པའི་ལུས་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཧྲའན་ཞི་ཞིང་ཆེན་ལུས་རྩལ་ཅུད་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཅུད་ཀྲང་གཞོན་པ་ཏུང་ལིས་ཀྱིས། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་མི་རེའི་ལུས་རྩལ་ཁང་དང་ལུས་རྩལ་ཐང་གི་རྒྱ་ཁྱོན་དེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དུས་མཇུག་ཏུ་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་1.97ཟིན་ཡོད་པ་དང་། ལུས་རྩལ་ཐང་དང་ལུས་རྩལ་ཁང་རིན་མེད་སྒོ་དབྱེའི་ནུས་འབྲས་མངོན་གསལ་དོད་པ། རྟག་ཏུ་ལུས་རྩལ་དང་ལུས་སྦྱོང་བྱེད་པར་ཡོང་མཁན་མི་གྲངས་བརྒྱ་ཆ་43ཟིན་གྱི་འདུག་ཅེས་བརྗོད་ཡོད་པ་རེད།
          ཧོ་ནན་ཞིང་ཆེན་གྱིས་ང་རང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་ཡིན་ཞེས་པའི་མུ་འབྲེལ་བྱེད་སྒོ་སྤེལ་ནས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་རྣམ་གྲངས་ལ་བདམས་ཐོན་པ་གདམ་གསེས་བྱས་ཡོད་པ་དང་། དམངས་ཡོངས་ཀྱིས་མཉམ་དུ་ཐེ་ཞུགས་བྱ་རྒྱུ་མངོན་འགྱུར་བྱུང་ཡོད། ཧོ་ནན་ཞིང་ཆེན་ལུས་རྩལ་ཅུད་ཀྱི་མང་ཚོགས་ལུས་རྩལ་ཁྲུའི་འགོ་འཛིན་ཀྲའོ་ཅུན་གྱིས། དམངས་ཡོངས་དང་རྒྱལ་ཡོངས་ཀྱི་ལུས་རྩལ་ཏེ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་རྩལ་འགྲན་ཁོ་ན་མ་ཡིན་པར། དེ་ནི་ང་ཚོ་མི་རེ་ངོ་རེ་ཞུགས་པའི་ཐོབ་ཐང་ཡོད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཞིག་ཀྱང་རེད་ཅེས་བཤད་ཡོད་པ་རེད།
          ལུས་རྩལ་ལུས་སྦྱོང་དེ་ཕྲུ་གུའི་དུས་ནས་དམ་འཛིན་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བ་བྱེད་དགོས། ན་ནིང་སྤྱི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་རིག་གནས་འཕྲོད་བསྟེན་ལུས་རྩལ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་འཐུས་མའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། གཞོན་ནུ་ལོ་ཆུང་གི་རིག་གནས་སློབ་སྦྱོང་དང་ལུས་རྩལ་ལུས་སྦྱོང་མཐུན་སྦྱོར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
          སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཁུལ་གྱིས་གསལ་ཐོ་170ཡི་བྱེད་ཐབས་བརྒྱུད་སློབ་མའི་གཟུགས་སྟོབས་ཐང་དུ་གཏོང་རྒྱུ་དང་ཀུན་སྤྱོད་ལེགས་སུ་གཏོང་རྒྱུ། སྙིང་སྟོབས་སྦྱོང་བརྡར་བཅས་ལ་སྐུལ་འདེད་གཏོང་བའི་ལས་དོན་རབ་དང་རིམ་པ་སྤེལ་ཡོད། ཁྲེང་ཧྭ་ཁུལ་སློབ་གསོ་ཅུད་ཀྱི་ལུས་རྩལ་ཆེད་དོན་ལས་དོན་པ་ཧོ་ཏེན་གྱིས། ང་ཚོས་ཕྲུ་གུ་རྒྱགས་པ་དང་ཕྲུ་གུ་མིག་ཤེལ་ཅན་སོགས་ཕྲུ་གུའི་ལུས་ཁམས་བདེ་ཐང་དེ་སློབ་གྲྭའི་དཔྱད་དཔོག་ནང་བཅུག་ནས་འགན་འཁྲི་བདའ་འདེད་ལམ་སྲོལ་ལག་བསྟར་བྱེད་པ་དང་། འབངས་གྲལ་སྒྲིག་ནས་དཔྱད་ཞིབ་གདེང་འཇོག་བྱེད་བཞིན་ཡོད་ཅེས་བཤད་ཡོད་པ་རེད།
          མི་རིང་བའི་གོང་མཇུག་སྒྲིལ་བའི་སྐབས་32པའི་ཨོ་རྩལ་འགྲན་ཚོགས་ཐོག ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་སྦྱངས་འབྲས་ཕུལ་དུ་བྱུང་བ་བླངས་ཡོད་པ་དང་། དེ་ཡང་ལུས་རྩལ་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཡག་པོ་ཐོབ་ཡོད་ཅིང་། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་བརྩོན་ལེན་བྱས་ཡོད། དུས་སང་གི་ལོ་འགོར། ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཙོ་གཉེར་བྱ་རྒྱུ་ཡིན། ད་ལོའི་སྤྱི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་གི་སྤྱི་ལོ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་གནས་ཚུལ་ལ་རྟོག་ཞིབ་གནང་སྐབས། ང་ཚོའི་རྩལ་འགྲན་ལུས་རྩལ་གྱིས་ལམ་བུ་གང་དུ་འགྲོ་དགོས་སམ་ཞེ་ན། དེ་ནི་ང་ཚོའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་སྟོབས་ཆེའི་ལམ་བུར་སྐྱོད་པ་དང་གཅིག་པ་ཡིན་ཞིང་། གསར་གཏོད་ལ་བརྟེན་དགོས་པ་དང་ཚན་རྩལ་ལ་བརྟེན་དགོས། ང་ཚོས་ཕྱོགས་གཅིག་ནས་རང་བརྟེན་གསར་གཏོད་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་སྔོན་ཐོན་གྱི་ཚན་རྩལ་དང་སྔོན་ཐོན་གྱི་སྦྱོང་བརྡར་ཆུ་ཚད་བསྡུ་ལེན་བྱས་ནས། ང་ཚོ་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
          མིག་སྔར། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་མཐའ་མའི་གདོང་མཆོང་དང་ཡོངས་སུ་མཇུག་འགྲིལ་བ། ཐག་གཅོད་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ་བཅས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་དང་། མི་དུང་ཕྱུར་གསུམ་གྱི་སྣེ་ཁྲིད་ནས་གངས་འཁྱགས་ལུས་རྩལ་ཁྲོད་ཞུགས་པའི་འདུན་པ་དེ་དོན་དངོས་སུ་འགྱུར་གྲབས་ཡོད་པ་རེད། ཛ་དྲག་ངང་འགྲན་བསྡུར་གྲ་སྒྲིག་བྱེད་བཞིན་པའི་རང་མོས་གངས་ཤུད་མཁའ་ཐོག་བྱང་རྩལ་གྱི་འཛམ་གླིང་གི་ཨང་དང་པོ་ཞུས་མོང་ཐའོ་ཡིས། མཚམས་དེར་རང་ཉིད་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ན། རང་རྒྱལ་ཁབ་ཀྱི་རྒྱལ་དར་སྒྲེང་ཐུབ་པས། དེ་ནི་ང་ཚོ་ཚང་མའི་འགན་སེམས་རེད། དེ་ལྟར་བྱུང་ན་དཀའ་ལས་ག་ཚོད་རྒྱག་དགོས་ཀྱང་རྒྱག་འོས་པ་ཞིག་རེད། ངས་འདི་ལྟར་གྱི་འགག་གཏོར་ཐེངས་མང་ཙམ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལ། རྣམ་གྲངས་འདིའི་ནང་རང་ཉིད་ཀྱི་ལམ་ཚད་རྡོ་རིང་ཡོད་པའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།