ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུའི་སྐོར་གླེང་བ》ཞེས་པའི་ཨ་རབ་ཡི་གེའི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

སྤེལ་དུས 2021-09-28 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུའི་སྐོར་གླེང་བ》ཞེས་པའི་ཨ་རབ་ཡི་གེའི་དཔར་མ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
          ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུའི་སྐོར་གླེང་བ》ཞེས་པ་དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུའི་སྐོར་རྒྱས་བཤད་གནང་བའི་རྩོམ་ཡིག་གལ་ཆེན་85བསྡུས་ཡོད་པ་རེད། དཔེ་དེབ་དེའི་ཨ་རབ་ཡི་གེའི་དཔར་མ་དང་དེ་གོང་དཔེ་སྐྲུན་བྱས་པའི་དབྱིན་ཡིག་དང་། ཧྥ་རན་སེའི་ཡི་གེ  རི་པིན་གྱི་ཡི་གེ  ཨུ་རུ་སུའི་ཡི་གེ་བཅས་ཀྱི་དཔར་མ་དེ་དག་ཕྱི་རྒྱལ་གྱི་ཀློག་པ་པོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་ལ་ཤེས་རྟོགས་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་རང་རྒྱལ་གྱི་ཕྱི་འབྲེལ་བྱེད་ཕྱོགས་སྲིད་ཇུས་སོགས་ལ་གོ་བ་གཏིང་ཟབ་ལེན་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། 
རྩོམ་སྒྲིག་པ། རིག་གྲོལ།