དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་འགོག་གི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

སྤེལ་དུས 2021-04-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཟླ4པའི་ཚེས9ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་འགོག་གི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་། ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་འགོག་གི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ལྗོངས་ཀྱི་རིམས་འགོག་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱེད་པ། སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པ། ལྗོངས་ཡོངས་གོང་འོག་ཚང་མས་རླབས་ཆེའི་རིམས་འགོག་སྙིང་སྟོབས་དར་སྤེལ་གཏོང་བར་སྐུལ་སློང་དང་སྐུལ་ལྕག་སྔར་ལས་ལྷག་པ་བྱེད་པ། གོང་འཕེལ་གྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། གོང་འཕེལ་གྱི་གནས་སྟངས་གསར་པར་མཉམ་འདྲེས་ཐུབ་པ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཟམ་མི་ཆད་པར་གཅིག་ཏུ་བསྡུས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་པ་དེ་རེད།

          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་ཆེན་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་ཞུའེ་ཅེ་དང་། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པདྨ་དབང་འདུས། ཝང་ཝེ་ཏུང་། ཁྲེན་ཡུང་ཆི། ཝང་ཧའེ་ཀྲོའུ་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
          སྔ་དྲོའི་ཆུ་ཚོད་བཅུ་པར་ཚོགས་ཆེན་འགོ་ཚུགས་པ་དང་། ཚང་མས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཡོད།
          ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱང་གནང་ཡོད། ཀྲུའུ་ཞི་སྟེགས་བུའི་མདུན་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ། ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་འཐུས་མིར་བྱ་དགའ་གནང་ཡོད།

          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་པོས་བཀྲིས་སྨོན་འདུན་ཞུས་གནང་བ་དང་། ད་ཐེངས་ཀྱི་རིམས་འགོག་དམག་འཐབ་ནང་ཞུགས་མཁན་དང་། འབད་བརྩོན་བྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་གནང་བ། བོད་ལྗོངས་ཀྱི་རིམས་འགོག་འཐབ་རྩོད་ལ་རྒྱབ་སྐྱོར་ཧུར་ཐག་གནང་མཁན་རིམ་ཁག་དང་ཕྱོགས་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ། དུས་དང་རྣམ་པ་ཀུན་དུ་རྒྱུན་རྣམ་ཅན་གྱི་རིམས་འགོག་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་རིམས་འགོག་ལས་དོན་པར་ལྷག་བསམ་དག་པའི་སྨོན་འདུན་ཞུས་གནང་ཡོད་པ་རེད།
          ཝུའུ་དབྱིང་ཅེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་ཐབས་ཇུས་དང་བཀོད་འདོམས་འོག་དང་རྒྱལ་ཡོངས་གོང་འོག་ཚང་མས་ཀུན་སེམས་གཅིག་སྒྲིལ་དང་མཉམ་དུ་རིམས་འགོག་བྱས་པས་རྒྱལ་ཡོངས་ཀྱི་རིམས་འགོག་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རང་རེའི་ཏང་གི་སྟོབས་ཆེའི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་གང་ལེགས་མངོན་ཡོད། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་འགོག་གི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སེམས་ཤུགས་དང་ཆོད་སེམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད་ཅེས་གསུངས་པ་རེད།

          ཝུའུ་དབྱིང་ཅེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་ང་ཚོས་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། མཆན་འགོད་གལ་ཆེན་བཅས་ཀྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་མཐའ་གཅིག་ཏུ་འཁུར་བ། དམིགས་བསལ་གྱི་བྱ་ཐབས་ལ་བརྟེན་ནས་དམིགས་བསལ་གྱི་དོན་དག་ལ་ཁ་གཏད་གཅོག་པ། དུས་ཚོད་དམ་འཛིན་གྱིས་ནད་གདོན་ལ་ཁ་གཏད་གཅོག་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། བརྟན་ལྷིང་སྲུང་སྐྱོང་། དབུལ་སྒྲོལ་འགག་གཏོར། ཁྱོན་ཡོངས་འབྱོར་འབྲིང་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་ངང་སྐུལ་འདེད་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་དང་ལྗོངས་ཡོངས་ཀྱི་མི་དམངས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཕུལ་ཡོད་ཅེས་གསུངས་པ་རེད།

       ཝུའུ་དབྱིང་ཅེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་ནི་ང་ཚོས་ཉེན་ཁ་དང་འགྲན་རྩོད་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པའི་རྩ་བ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ལྡན་པའི་མངོན་གསལ་དོད་པའི་བཟང་ཆ་ནི་ཉེན་ཁ་དང་འགྲན་རྩོད་འགོག་ཐུབ་པ་དང་། མཐའ་མཚམས་སྐྱོང་བ་དང་བོད་ལྗོངས་བརྟན་ལྷིང་ཡོང་བའི་ནུས་པ་ཆེ་རུ་གཏོང་བར་འགན་ལེན་ཡོད་པ་དེ་ཡིན། མི་དམངས་མང་ཚོགས་ནི་ང་ཚོས་དུས་རབས་གསར་པར་བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ནི་ང་ཚོའི་ལས་དོན་ཧྲིལ་པོ་དང་འཐབ་འཛིན་ནུས་པའི་རྨང་གཞི་བརྟན་པོ་ཞིག་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་ནི་ང་ཚོའི་མི་སེམས་འདུས་ས་དང་། དམངས་ཤུགས་གཅིག་སྡུད་བྱེད་པའི་བསམ་པའི་རྨང་རྡོ་ལྟ་བུ་ཞིག་ཡིན་ཞེས་གསུངས་པ་རེད།

          ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། བོད་ལྗོངས་དམག་ཁུལ་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
          ལྗོངས་ཀྲུང་དབྱང་ཐད་གཏོགས་ཚན་པ་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་གཞུང་ལས་ཁང་དང་སྐོར་ཞིབ་ཚོགས་ཆུང་གི་འགན་འཁུར་བློ་མཐུན། ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཨུ་ཡོན་ལྷན་ཁང་། ལྗོངས་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། བོད་ལྗོངས་སློབ་ཆེན།  བོད་ལྗོངས་གསོ་རིག་སློབ་ཆེན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་། བོད་རང་སྐྱོང་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭའི་འགན་འཁུར་བློ་མཐུན། རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བློ་མཐུན། དེ་བཞིན་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་འགོག་གི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཚན་པ། ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་འཐུས་མི་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
          ཚོགས་ཆེན་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། བོད་ལྗོངས་མི་དམངས་ཚོགས་ཁང་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་དང་། ནང་སར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བྱ་དོན་ཁང་། བོད་ལྗོངས་མི་རིགས་སློབ་ཆེན། བོད་ལྗོངས་ཞིང་འབྲོག་སློབ་གླིང་བཅས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད་པ་རེད