དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི“ཧྥུང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”ཁག་དང་པོ་10ཁྱབ་བསྒྲགས་བྱས་པ།

སྤེལ་དུས 2021-04-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
       གསར་འགོད་པར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། ཚེས་9ཉིན་བོད་ཀྱི“ཧྥུང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”ཁག་དང་པོ་དངོས་སུ་དཔྱད་འདེམས་ཟིན་ཏེ་གཞི་རིམ་གྱི་མངགས་གཏོང་ཁང་10བདམས་ནས་ལྗོངས་ཡོངས་ཀྱི་སྤྱི་བདེ་མངགས་གཏོང་ཁང་ལ་མིག་དཔེ་བཏོད་པ་དང་དཔེ་མཚོན་བཟོས་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། “‘ཧྥུང་ཆའོ་ཡི་ཉམས་མྱོང’མཐའ་འཁྱོངས་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་བ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཡག་པོ་དང་ལག་བསྟར་ཡག་པོ”བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་དུས་རབས་གསར་པའི“ཧྥུང་ཆའོ་ཡི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྤྱི་བདེའི་གཞི་རིམ་གྱི་རྨང་གཞིའི་ལས་དོན་སྔར་བས་བརྟན་དུ་གཏོང་ཆེད། ལྗོངས་སྤྱི་བདེ་ཐིང་བདེ་འཇགས་སྤྱི་ཁྱབ་རུ་ཁག་གིས་བོད་ཀྱི“ཧྥུང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”ཁག་དང་པོ་འཛུགས་གཏོད་དང་དཔྱད་འདེམས་ཀྱི་བྱེད་སྒོ་སྤེལ་བ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། དེའང་2020ལོར་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུས་རྩ་རིང་གྲོང་རྡལ་མངགས་གཏོང་ཁང་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་ཉང་བྲན་མངགས་གཏོང་ཁང་རྒྱལ་ཡོངས་ཀྱི“ཧྥུང་ཆའོ་རྣམ་པའི་མངགས་གཏོང་ཁང”100ཡི་ནང་བདམས་རྗེས་རང་ལྗོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱིས་བོད་ཀྱི“ཧྥུང་ཆའོ་རྣམ་པའི་མངགས་གཏོང་ཁང”དཔྱད་འདེམས་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།
       བོད་ལྗོངས་ཀྱི“ཧྥུང་ཆའོ་རྣམ་པའི་མངགས་གཏོང་ཁང”ཁག་དང་པོའི་མིང་ཐོ་གཤམ་གསལ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་ཚལ་གུང་ཐང་མངགས་གཏོང་ཁང་དང་། ལྷ་ས་གྲོང་ཁྱེར་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་རྗེ་འབུམ་སྒང་མངགས་གཏོང་ཁང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྲུང་ཤིན་པ་མངགས་གཏོང་ཁང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ངར་རབ་གྲོང་རྡལ་མངགས་གཏོང་ཁང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ལྗའུ་གྲང་མངགས་གཏོང་ཁང་། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་སྤྱི་བདེ་ཅུས་ཚྭ་ཁ་ཤང་མངགས་གཏོང་ཁང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཉི་མ་ཤང་མངགས་གཏོང་ཁང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་རྫོང་གྲོང་མངགས་གཏོང་ཁང། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྤྱི་བདེ་ཅུས་འབྲི་རུ་གྲོང་རྡལ་མངགས་གཏོང་ཁང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་བཅས་སོ།། 
རྩོམ་སྒྲིག་པ། སངས་སྐྱབས།