དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

《བོད་རང་སྐྱོང་ལྗོངས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱིམ་ཚང་གི་བོགས་ལེན་ཁ་གསབ་དོ་དམ་བྱེད་ཐབས》བཏོན་པ།

སྤེལ་དུས 2021-04-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཉེ་ཆར། བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དང་། ནོར་སྲིད་ཐིང་། དམངས་སྲིད་ཐིང་བཅས་ཀྱིས་གཏན་འབེབས་བྱས་པའི《བོད་རང་སྐྱོང་ལྗོངས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱིམ་ཚང་གི་བོགས་ལེན་ཁ་གསབ་དོ་དམ་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། སྲིད་གཞུང་གཞུང་དོན་ཐིང་གིས་གྲོང་ཁྱེར(ས་ཁུལ)ཁག་གི་མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)ལ་སྤྲད་པ་དང་། རང་སྐྱོང་ལྗོངས་ཀྱི་ཨུ་ལྷན་ཁག་དང་། གཞུང་དོན་ཁང་། ཐིང་། ཅུས་བཅས་ཁག་གིས་ལག་ལེན་བསྟར་རྒྱུ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། 《བྱེད་ཐབས》དེར་ཁྱོན་དོན་ཚན་བཅུ་བདུན་ཡོད་པ་དང་། 2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་འགོ་ཚུགས་པ་རེད། 《བྱེད་ཐབས》བཏོན་པ་དེས་ཆོག་འཐུས་སྒོ་ཐེམ་དམའ་རུ་ཕྱིན་པ་དང་། ཁ་གསབ་ཀྱི་ཚད་གཞི་ལེགས་སྒྲིག་བྱས་པ། འགན་ལེན་ཁྱབ་ཁོངས་ཆེ་རུ་ཕྱིན་པ། དོ་དམ་ལམ་ལུགས་ཚད་ལྡན་དུ་ཕྱིན་པས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད།
        《བྱེད་ཐབས》ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་འབྲིང་རིམ་མན་གྱི་ཁྱིམ་ཚང་དང་། གསར་དུ་ལས་ཞུགས་ཐུབ་པའི་ཁང་པ་མེད་པའི་ལས་བཟོ། ལས་ཀ་བརྟན་པོ་རག་པའི་ཨར་པོ་རྒྱུག་མཁན་བཅས་འགན་ལེན་ཁྱབ་ཁོངས་ནང་བཅུག་པ་རེད། ཡོང་འབབ་ཀྱི་ཚད་གཞི་དེ་སྔའི་ཟླ་རེར་མི་རེར་སྒོར་1200ནས་རང་སྐྱོང་ལྗོངས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ཚད་གཞི(2019ལོའི་ལོར་སྒོར་37410དང་ཟླ་རེར་སྒོར་3117ཡིན་པ)བར་ལེགས་སྒྲིག་བྱས་ཡོད།
        རང་ལ་ཁང་པ་དབང་བའི་ཆོག་འཐུས་ཚད་གཞི་དེ་སྔའི་མི་རེའི་ཆ་སྙོམས་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་13ནས་ད་ལྟའི་སྨི་ངོས་གྲུ་15ལས་མི་བརྒལ་བའི་བར་ལེགས་སྒྲིག་བྱས་ཡོད། རྒྱུ་ནོར་གྱི་ཚད་གཞི་གསར་དུ་བསྣན་ཞིང་ཁྱིམ་ཚང་གི་རྒྱུ་ནོར་རེ་ཞུ་བྱེད་སྐབས་མཐོ་ཤོས་ལ་སྨི་ངོས་གྲུ་70ཡི་འཚོང་སྒྱུར་ཁང་པའི་ཆ་སྙོམས་བྲིན་ཚོང་རིན་གོང་གི་30%ལས་བརྒལ་མི་རུང་། འགན་ལེན་རྒྱ་ཁྱོན་གྱི་ཚད་གཞི་དེ་སྔའི་མི་རེར་ཆ་སྙོམས་སྨི་ངོས་གྲུ་15ནས་ཁྱིམ་ཚང་གཞིར་བཟུང་རྒྱ་ཁྱོན་གཏན་འཁེལ་བྱེད་པའི་བར་ལེགས་སྒྲིག་བྱས་པ་སྟེ། ནང་མི་གཅིག་ཡོད་པའི་ཁྱིམ་ཚང་ལ་སྨི་ངོས་གྲུ་20དང་། ནང་མི་གཉིས་ཡོད་པའི་ཁྱིམ་ཚང་ལ་སྨི་ངོས་གྲུ་40 ནང་མི་གསུམ་དང་དེ་ཡན་ཡོད་པའི་ཁྱིམ་ཚང་ལ་སྨི་ངོས་གྲུ་60བཅས་རེད། བོགས་ལེན་ཁ་གསབ་ཁྱད་པར་ཅན་ལག་ལེན་བསྟར་ནས། ས་གནས་དེ་གའི་གྲོང་མིའི་ཐེམ་ཐོ་ཡོད་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་100%ཡི་བསྡུར་ཚད་གཞིར་བཟུང་སྤྲོད་རྒྱུ་དང་། འགན་ལེན་བྱ་ཡུལ་གཞན་དག་ལ་70%ཡི་བསྡུར་ཚད་གཞིར་བཟུང་སྤྲོད་རྒྱུ་ཡིན་པ་སྟེ། ས་གནས་དེ་གའི་གྲོང་མིའི་ཐེམ་ཐོ་ཡོད་པའི་ཡོང་འབབ་དམའ་བའི་ནང་མི་གཅིག་གི་ཁྱིམ་ཚང་ལ་མཐོ་ཤོས་ཟླ་རེར་སྒོར་300སྤྲོད་རྒྱུ་དང་། ནང་མི་གཉིས་ཀྱི་ཁྱིམ་ཚང་ལ་མཐོ་ཤོས་ཟླ་རེར་སྒོར་600སྤྲོད་རྒྱུ། ནང་མི་གསུམ་དང་དེ་ཡན་གྱི་ཁྱིམ་ཚང་ལ་མཐོ་ཤོས་སྒོར་900སྤྲོད་རྒྱུ་རེད། ཁྱིམ་ཚང་གཞན་དག་གི་ནང་མི་གཅིག་གི་ཁྱིམ་ཚང་ལ་མཐོ་ཤོས་ཟླ་རེར་སྒོར་210དང་། ནང་མི་གཉིས་ཀྱི་ཁྱིམ་ཚང་ལ་མཐོ་ཤོས་ཟླ་རེར་སྒོར་420སྤྲོད་རྒྱུ། ནང་མི་གསུམ་དང་དེ་ཡན་གྱི་ཁྱིམ་ཚང་ལ་མཐོ་ཤོས་ཟླ་རེར་སྒོར་630སྤྲོད་རྒྱུ་བཅས་རེད།
        མིག་སྔར་རང་ལྗོངས་སུ་སྤྱི་པའི་བོགས་གཏོང་ཁང་པའི་ཆ་འཕྲིན་མ་ལག་བཙུགས་ཟིན་པ་དང་། ད་ཆ་རིམ་སྤོར་བྱེད་བཞིན་ཡོད། སྔོན་དཔག་ལྟར་ན། ཟླ་5ཚེས་1ཉིན་ནས་བཟུང“སྦར་མཐིལ་སྤྱི་པའི་བོགས་གཏོང”ཞེས་པའི་APPབརྒྱུད་རེ་ཞུ་བྱེད་ཆོག་ལ། ས་གནས་དེ་གའི་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་དྲ་སྦྲེལ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་རེ་ཞུ་བྱེད་ཆོག དེ་དང་དུས་མཚུངས་སྒུལ་རྣམ་དོ་དམ་དང་འཐེན་བཤེར་ལམ་སྲོལ་བཙུགས་ཟིན་པ་མ་ཟད། ཕྱིར་འཐེན་ལམ་སྲོལ་ཡང་འཐུས་སྒོ་ཚང་དུ་བཏང་སྟེ་གནད་སྨིན་འགན་ལེན་ཡོང་བ་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།