དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རི་པིན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་རྒྱུའི་ཐག་གཅོད་རྩིས་བྱེད་པའི་ཐད་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།

སྤེལ་དུས 2021-04-15 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་རི་པིན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་རྒྱུའི་ཐག་གཅོད་རྩིས་བྱེད་པའི་ཐད་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས། རྒྱལ་སྤྱིའི་སྤྱི་པའི་ཁེ་ཕན་དང་ཀྲུང་གོ་མི་དམངས་ཀྱི་བདེ་ཐང་གི་བདེ་འཇགས་སྲུང་སྐྱོང་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་རི་པིན་ཕྱོགས་ལ་དེར་དོ་ཁུར་ཆེན་པོ་བྱེད་ལུགས་གསལ་སྟོན་བྱས་པ་མ་ཟད། ད་དུང་རི་པིན་ཕྱོགས་ལ་འགན་འཁྲི་ཏན་ཏིག་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་གི་ཉིང་རྡུལ་བཙོག་ཆུ་ཐག་གཅོད་ཀྱི་གནད་དོན་ལ་ལྟ་སྟངས་གཟབ་ནན་འཛིན་དགོས་པའི་བླང་བྱ་ཡང་བཏོན་ཡོད་ཅེས་བརྗོད།
       གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་13ཉིན་རི་པིན་སྲིད་གཞུང་གིས་ནང་བློན་ཁང་གི་ཚོགས་འདུ་འཚོགས་ཏེ། རྒྱ་མཚོའི་ཁོར་ཡུག་སོགས་ལ་གནོད་འཚེ་ལྡན་པའི་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་གི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་རྒྱུའི་ཐག་དངོས་སུ་གཅོད་རྒྱུ་རེད། གཟའ་འཁོར་གོང་མའི་གཟའ་སྤེན་པར་ཕྱི་འབྲེལ་པུའི་མགྲིན་ཚབ་པས་དེའི་ཐད་རྣམ་འགྱུར་བསྟན་ཡོད་ལ། ཧན་གོའི་ཕྱི་འབྲེལ་པུའི་དཔོན་རིགས་ཀྱིས་ཀྱང་རི་པིན་སྲིད་གཞུང་ལ་ཆ་འཕྲིན་ཡོངས་བསྒྲགས་ཁ་གསལ་ཐུབ་པའི་འགན་ལེན་བྱས་པའི་ཁར། ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་དོན་དངོས་དང་མཐུན་པའི་སྒོ་ནས་ཚོད་སྐོར་བྱ་རྒྱུར་གཞིགས་ཏེ། ཁེ་ཕན་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཚང་མ་དང་འབྲེལ་གཏུག་དམ་ཟབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སྔར་ལས་ལྷག་པའི་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
       ཀྲའོ་ལི་ཅན་གྱིས་རི་པིན་ཧྥུའུ་ཏའོ་ཡི་ཉིང་རྡུལ་ལས་འཛོལ་ནི་ད་བར་གོ་ལ་ཧྲིལ་པོར་ཐོན་པའི་ཚབས་ཆེ་ཤོས་ཀྱི་ཉིང་རྡུལ་ལས་འཛོལ་གྱི་གྲས་ཤིག་རེད། ལས་འཛོལ་དེ་ལས་འགྱེད་འཕྲོའི་རང་བཞིན་གྱི་དངོས་པོ་འབོར་ཆེན་ཕྱིར་ཟགས་ནས་རྒྱ་མཚོའི་ཁོར་ཡུག་དང་། བཟའ་བཅའི་བདེ་འཇགས། མིའི་རིགས་ཀྱི་བདེ་ཐང་བཅས་ལ་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་ཡོད། ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་གི་བཙོག་ཆུའི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུ་དེ་རྒྱལ་སྤྱིའི་སྤྱི་པའི་ཁེ་ཕན་དང་མཐའ་འཁོར་རྒྱལ་ཁབ་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས། གཟབ་ནན་འོས་འཚམ་དང་གདེང་ཚོད་ཡོད་པ་བྱས་ཏེ། འབྲེལ་ཡོད་ཕྱོགས་ཁག་ཐུན་མོང་ཐོག་ཞུགས་པའི་འོག རྒྱ་མཚོའི་ཁོར་ཡུག་དང་། བཟའ་བཅའི་བདེ་འཇགས། མིའི་རིགས་ཀྱི་བདེ་ཐང་བཅས་ལ་གནོད་འཚེ་དེ་བས་ཆེ་བ་མི་ཕོག་པའི་འགན་ལེན་བྱེད་དགོས་ཞེས་བརྗོད།
       ཀྲའོ་ལི་ཅན་གྱིས་མིག་སྔར་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་རི་པིན་ཕྱོགས་ཀྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་རྒྱུའི་ཐག་གཅོད་རྩིས་བྱེད་པར་ཚད་མཐོའི་དོ་ཁུར་བྱེད་པ་མ་ཟད། ཚང་མས་དོགས་འདྲི་དང་ངོ་རྒོལ་ཡང་བྱེད་ཀྱི་ཡོད། རི་པིན་གྱི་རྒྱལ་ནང་དུའང་ངོ་རྒོལ་གྱི་བསམ་འཆར་འདོན་མཁན་མི་ཉུང་བ་ཞིག་ཡོད། ངས་རི་པིན་ཕྱོགས་ཀྱིས་རྒྱལ་ཁབ་གཞན་ལ་རྒྱལ་སྤྱིའི་འགན་འཁྲི་འཁུར་རྒྱུའི་རེ་བ་ཡང་ཡང་བཏོན་པར་དོ་སྣང་བྱུང་། ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རི་པིན་ཕྱོགས་ལ་ལྟ་བཞིན་ཡོད་པས། རི་པིན་ཕྱོགས་ཀྱིས་མཐོང་ཡང་མ་མཐོང་བ་དང་ཐོས་ཀྱང་མ་ཐོས་པ་ལྟར་བྱེད་མི་རུང་། གནད་དོན་དེ་ཕྱོགས་མང་པོ་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་པས་རི་པིན་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་པའི་ཁེ་ཕན་ལ་འགན་འཁུར་དགོས་ལ། དེ་ཡང་རང་རྒྱལ་ཁབ་ཀྱི་དམངས་ཚོགས་ཀྱི་ཁེ་ཕན་ལ་འགན་འཁུར་བ་ཞིག་ཀྱང་ཡིན་ཞེས་བརྗོད།
       ཀྲའོ་ལི་ཅན་གྱིས་རྒྱལ་སྤྱིའི་སྤྱི་པའི་ཁེ་ཕན་དང་ཀྲུང་གོ་མི་དམངས་ཀྱི་བདེ་ཐང་གི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་རི་པིན་ཕྱོགས་ལ་དེར་དོ་ཁུར་ཆེན་པོ་བྱེད་ལུགས་གསལ་སྟོན་བྱས་པ་མ་ཟད། ད་དུང་རི་པིན་ཕྱོགས་ལ་འགན་འཁྲི་ཏན་ཏིག་འཁུར་བའི་རྣམ་འགྱུར་ཐོག་ནས་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་གི་ཉིང་རྡུལ་བཙོག་ཆུ་ཐག་གཅོད་ཀྱི་གནད་དོན་ལ་ལྟ་སྟངས་གཟབ་ནན་འཛིན་དགོས་པའི་བླང་བྱ་ཡང་བཏོན་ཡོད་ཅེས་བརྗོད།
རྩོམ་སྒྲིག་པ། སངས་སྐྱབས།