དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ས་མཐོའི་གཤིན་སར་དཔའ་བོའི་གདུང་སྦས་པར། དུར་མཆོད་བགྱིས་ཏེ་དཔའ་བོར་གུས་འདུད་ཞུ།

སྤེལ་དུས 2021-04-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
---ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་དབུལ་བྲལ་འགག་སྒྲོལ་བཅར་འདྲི་ཚོགས་པ་གཞིས་ཀ་རྩེ་ཚོགས་ཆུང་གིས་ལྷ་སའི་དཔའ་བོའི་བང་སོར་གུས་འདུད་ཞུས་པ།
       “སྔོན་གཤེགས་དཔའ་བོས་ཚེ་སྲོག་བློས་བཏང་པས། བློ་སྤོབས་ཆེན་པོས་འཚོ་བ་གསར་པ་བསྐྲུན”ཞེས་པའི་མའོ་ཙེ་ཏུང་གི་སྙན་ཚིག་འདི་ནི་བོད་རང་སྐྱོང་ལྗོངས་སྔོན་གཤེགས་དཔའ་བོའི་བང་སོའི་སྒོ་ཆེན་གྱི་ཕྱོགས་གཉིས་སུ་བརྐོས་འདུག    ཟླ4པའི་ཚེས12ཉིན།  ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་དབུལ་བྲལ་འགག་སྒྲོལ་བཅར་འདྲི་ཚོགས་པ་གཞིས་རྩེ་ཚོགས་ཆུང་ལྷ་སའི་དཔའ་བོའི་བང་སོར་འབྱོར་ནས་གསར་བརྗེ་སྔོན་གཤེགས་དཔའ་བོར་མེ་ཏོག་མཆོད་པ་ཕུལ་ཏེ་གདུང་སེམས་ཆེན་པོས་ངང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་རེད།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནུབ་མཐའི་ལྷ་སའི་དཔའ་བོའི་བང་སོའི་སྒོ་ཆེན།
       ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ་ནི་སྔོན་ཆད་རྩྭ་ཆུ་གཉིས་འཛོམས་ཀྱི་སྐྱེད་ཚལ་ཞིག་ཡིན་ལ། བང་སོ་གསར་འཛུགས་ཀྱི་དུས་འགོར་ས་རྒོད་ཕྲུ་སློག་བཅའ་སྡོད་དམག་དཔུང་གི་དོ་དམ་གནང་གི་ཡོད་ལ་རྗེས་སུ་བོད་ལྗོངས་དམག་ཁུལ་ཆབ་སྲིད་པུའུ་ལ་སྤྲད་པ་དང་། དམག་དཔུང་ནས་རང་སྲོག་བློས་བཏང་པའི་དཔའ་བོ་སུ་ཡིན་རུང་འདི་གར་དུར་སྦས་གནང་གི་ཡོད་ཅིང་། སྐབས་དེར་ནུབ་མཐའི་དཔའ་བོའི་བང་སོ་ཞེས་འབོད། 1965ལོར་ས་གནས་ལ་སྤྲད་དེ་དོ་དམ་གནང་། དེང་ཆར་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོར་ས་ཁྱོན་སྨི་གྲུ་བཞི་མ་ཁྲི6ལྷག་ཡོད་ཅིང་། གཙོ་བོ་དྲན་གསོ་ཁང་དང་དྲན་གསོའི་རྡོ་རིང་། མྱ་ངན་ཞུ་སའི་ཐང་ཆེན། བང་སོའི་སྐྱེད་ཚལ། དཔའ་བོའི་སྡིངས་ཁང་། སྔོན་གཤེགས་དཔའ་བོའི་གྱང་སོགས་ཀྱིས་གྲུབ་ཡོད།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནུབ་མཐའི་ལྷ་སའི་དཔའ་བོའི་བང་སོའི་རྡོ་རིང་།
       ཉིན་དེར་གནམ་གཤིས་དྭངས་ཤིང་གསལ་ཏེ་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་གསར་འགོད་པ་རྣམས་བང་སོར་བསྐྱོད་ཚེ།  ཐོག་མར་མིག་མདུན་དུ་འགྲེང་ཡོང་པ་ནི་རྔམ་བརྗིད་ལྡན་པའི་དྲན་གསོའི་རྡོ་རིང་ཡིན་ལ། དེའི་སྟེང་དུ་བློ་མཐུན་ཀྲང་གོ་ཧྭ་ཡིས་ཕྱག་བྲིས་གནང་པའི“གསར་བརྗེའི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་གནས་པ་ཤོག”ཅེས་པ་བརྐོས་འདུག་པས་ཀུན་ལ་རྔམ་བརྗིད་གོང་བཀུར་གྱི་སྣང་བ་སྟེར།  ཁོ་ཚོ་ག་ལེར་དྲན་གསོའི་རྡོ་རིང་གི་ཕྱོགས་སུ་བསྐྱོད་དེ་སྔོན་གཤེགས་དཔའ་བོར་མེ་ཏོག་གི་མཆོད་པ་ཕུལ་ཞིང་། སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་པ་དང་། དེ་ནས་དྲན་གསོའི་རྡོ་རིང་དང་བང་སོའི་ཚོམས་ལ་སྐོར་བ་བརྒྱབ་པ།  སྔོན་གཤེགས་དཔའ་བོའི་སྡིངས་ཁང་དང་དཔའ་བོའི་གྱང་། དཔའ་བོའི་དྲན་གསོ་ཁང་བཅས་ལ་གུས་འདུད་ཞུས་པ་རེད།
ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་གསར་འགོད་པས་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་མཆོད་པ་ཕུལ་བ་མ་ཟད་གུས་ཕྱག་བྱེད་བཞིན་པ།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནུབ་མཐའི་སྔོན་གཤེགས་དཔའ་བོའི་བང་སོའི་དཔའ་བོའི་སྡིངས་ཁང་།
       སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ནི“བོད་ལྗོངས་ཞི་བའི་བཅིངས་འགྲོལ་གཏོང་ཐད་རང་སྲོག་བློས་བཏང་པའི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་གནས་པ་ཤོག”“ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་པར་རང་སྲོག་བློས་བཏང་པའི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་གནས་པ་ཤོག”“བོད་ལྗོངས་ཀྱི་ངོ་ལོག་ཞི་འཇགས་དང་དམངས་གཙོའི་བཅོས་བསྒྱུར་ཐད་རང་སྲོག་བློས་བཏང་པའི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་གནས་པ་ཤོག”“སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་དང་བརྟན་བརླིང་ཐད་རང་སྲོག་བློས་བཏང་པའི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་གནས་པ་ཤོག”“རྣམ་ཤེས་ཇི་སྲིད་བར་དུ་བརྟན་གྱུར་ཅིག”ཅེས་དོན་ཚན་དྲུག་གིས་གྲུབ་ཡོད་ཅིང་། འགྲེམས་སྟོན་གྱི་ལམ་ཐིག་བརྒྱུད་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་གསར་འགོད་པ་ཚོས་ལོ་རྒྱུས་ཀྱིས་དུས་སྐབས་སོ་སོའི་སྔོན་གཤེགས་དཔའ་བོའི་རླབས་ཆེན་མཛད་རྗེས་དང་དཔའ་བོའི་མཛད་རྣམ་ལ་གུས་འདུད་ཞུས་ཏེ། ཁོང་ཚོས་སྒེར་སེམས་མེད་པའི་ཐུགས་དཀྱེལ་དང་རང་སྲོག་བློས་བཏང་པའི་སྙིང་སྟོབས་ལ་མྱོང་རོལ་གྱིས་སེམས་ཚོར་ཆེན་པོ་སྤྲད་པ་རེད།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནུབ་མཐའི་ལྷ་སའི་དཔའ་བོའི་བང་སོའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་།
       མེ་ཏོག་མཆོད་པས་དཔའ་བོར་གུས་འདུད་ཞུས་ཏེ་གདུང་སེམས་ཆེན་པོས་རྣམ་ཤེས་ལ་མྱ་ངན་ཞུ།  སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་དཔའ་བོར་གུས་འདུ་ཞུ་བ་ནི་ཏང་གི་ལོ་རྒྱུས་ལ་གོ་རྟོགས་གསར་པ་དང་ངེས་ཤེས་ཟབ་མོ་བླངས་པ་ཡིན་ཏེ། བསམ་བློར་གད་བདར་ཐེངས་ཤིག་བྱས་པ་ཡིན་ལ་འབྱུང་འགྱུར་ལ་ཕྱོགས་པའི་རྟོགས་སད་ཅིག་ཀྱང་རེད། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ནི་དུས་རབས་གསར་པའི་བསམ་བློའི་ཚད་ཐིག་ཏུ་བཟུང་སྟེ། དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་བསྐྲུན་ཁྲོད་སྣང་བརྙན་གསར་པ་དང་འགན་འཁྲི་གསར་པ། ལས་ཕྱོགས་གསར་པ་བཅས་མངོན་འགྱུར་བྱེད་དགོས་སོ།