དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

སྤེལ་དུས 2021-04-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཚེས་13ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུ་དང་གསར་བརྗེའི་རིག་དངོས་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་དང་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་པ། རིམ་པ་མཐོ་བ་དང་དགོས་མཁོ་ཆེ་ཞིང་ཤིན་ཏུ་དཀོན་པའི་ཤེས་ལྡན་མི་སྣ་ནང་འདྲེན། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་པའི་གཏན་འབེབས། དབུལ་སྒྲོལ་འགག་སྒྲོལ་གྱི་གཟེངས་བསྟོད། ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཁང་དོ་དམ། རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་དོ་དམ་མ་ལག་མཐུན་སྦྱོར་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།
        ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་སྤྱི་ཡོངས་ཀྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱེད་པ། བོད་སྐྱོར་མ་དངུལ་དང་རྣམ་གྲངས་སྤྱི་འདོམས་བེད་སྤྱོད་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དབར་གྱི་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཐའ་མཚམས་ས་ཁུལ་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་གཞིའི་འགན་ནུས་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་འབྲེལ་བ་ལེགས་སུ་གཏོང་བ་བཅས་བྱས་ནས་བརྟན་པོའི་ངང་བར་བརྒལ་ཐུབ་པའི་འགན་ལེན་བྱེད་དགོས། ཤར་ནུབ་རྒྱུད་ཀྱི་རོགས་ལས་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་ཡག་པོ་བྱེད་པ་དང་། ལམ་སྲོལ་ཆགས་པ་དང་ཡུན་རིང་མཐའ་འཁྱོངས་བྱེད་པ། བོད་སྐྱོར་ལས་བྱེད་པའི་ནུས་པ་འདོན་སྤེལ་ཧུར་ཐག་བཅས་བྱས་ནས་རོགས་ལས་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ། ཤར་ནུབ་རྒྱུད་ཀྱི་རོགས་ལས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་པ་བཟང་པོ་གཏོད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།
        ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས། སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་འཇོག་པ་དང་། དངོས་ཐོག་བདེན་འཚོལ་དང་གྲོན་ཆུང་སྔོན་ལ་འཇོག་པ། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བཅས་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་འཆར་འགོད་གང་མགྱོགས་བཟོ་བ་དང་། རི་ཆུ་ནགས་ཞིང་མཚོ་དང་རྩྭ་ར་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། ཡུལ་བབ་དང་བསྟུན་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་དང“འགྲམ་བཞིའི”ཤིང་འཛུགས་བྱེད་སྒོ་སྤེལ་བ། ལྷ་སའི་ཆུའི་མ་ལག་བསྒྱུར་བཀོད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱིས་རྩྭ་འདེབས་ཤིང་འཛུགས་བྱེད་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
        ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་བརྗེའི་རིག་དངོས་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་གསར་བརྗེའི་རིག་དངོས་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གསར་བརྗེའི་རིག་དངོས་ཕྱོགས་ཡོངས་ནས་གསལ་རྟོགས། ལོ་རྒྱུས་ཀྱི་གོ་རིམ་གསལ་སྒྲིག ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ། གསར་བརྗེའི་རིག་དངོས་བེད་སྤྱོད་ལས་དོན་ལ་སྤྱི་འདོམས་འཆར་འགོད་ཡག་པོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་རྒན་རབས་ཚོས་བོད་ཀྱི་གསར་བརྗེ་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ལུགས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གསལ་པོ་བརྗོད་པ་དང་། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་གསལ་པོ་བརྗོད་པ། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་འབྲེལ་ཐག་དང་སེམས་ཀྱི་ཆགས་ས་ཡིན་པ་གསལ་པོར་བརྗོད་དགོས། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མགྱོགས་པོ་བྱེད་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་ལུགས་བསྟན་ཡོད།
        ཚོགས་འདུའི་ཐོག་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཏེ“གཟབ་རྒྱས་དང་སྤྲོ་སེམས་འཁོལ་བ་དང་། གཞི་ཁྱོན་འོས་འཚམ། དངོས་གཉེར་བབ་ཆགས། བདེ་འཇགས་འགན་ལེན”བཅས་རྩ་དོན་དུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་འབྲེལ་གཏུགས་སྦྲེལ་མཐུད་ལ་ཤུགས་སྣོན་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་ལ་གཞོགས་འདེགས་ཧུར་ཐག་གིས་ལས་དོན་སྤེལ་ཏེ་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ནས་གཟབ་རྒྱས་དང་འཁྲུག་ཆ་དོད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པའི་ནན་བཤད་བྱས་ཡོད།
        ཚོགས་འདུའི་ཐོག་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་བྱས་ཚུལ་སྐོར་གྱི་སྙན་སེང་ཉན་ཏེ་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྐོར་ཞིབ་དག་ཐེར་གྱི་ལས་དོན་དེ“འདུ་ཤེས་བཞིའི”ཚོད་བགམ་ཞིག་ཏུ་བརྩིས་ཏེ་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་སྔར་བས་ཆེ་རུ་བཏང་ནས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་ལ་དམིགས་ཏེ་ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ཀྱི་སྒོ་ནས་སྐོར་གཟིགས་ཀྱི་རྗེས་མཐུད་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ་དག་ཐེར་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད།
        ཚོགས་འདུའི་ཐོག་གནད་སྨིན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་ཤེས་ལྡན་མི་སྣའི་དགོས་མཁོར་གཞི་ཚུགས་པ་དང་། ཤེས་ལྡན་མི་སྣའི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ད་ཡོད་ཀྱི་ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཧ་ཅང་དཀོན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། ཤེས་ལྡན་མི་སྣར་བརྟེན་ནས་བོད་དར་རྒྱས་གཏོང་བའི་འཐབ་ཇུས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཁ་གཏད་བོད་སྐྱོར་ལས་སྟེགས་ལ་བརྟེན་ནས་སྟབས་བསྟུན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ལམ་སྲོལ་འཛུགས་པ་དང་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ཕུལ་བྱུང་གི་ཤེས་ལྡན་མི་སྣ་དེ་བས་མང་བས་འཇོན་ཐང་འདོན་པ་དང་བོད་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས། གསོ་སྐྱོང་དང་ནང་འདྲེན་གཉིས་ཀར་དམ་འཛིན་མཐའ་འཁྱོངས་བྱས་ཏེ་གྲུབ་ཆ་ལེགས་སུ་གཏོང་བ་དང་། བཀོད་སྒྲིག་ལུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་ས་གནས་དེ་གའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གཏོད་དགོས་ཞེས་བསྟན་ཡོད།
        ཚོགས་འདུའི་ཐོག་ལས་རིགས་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཐོན་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་དཔྱད་འདེམས་བྱས་ནས་སྟོན་ཕྱོགས་སྔར་བས་གྲུབ་སྟེ་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་བཤད་བྱས་ཡོད།
        ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།