ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཁྲེང་ཀོན་ཆུས་ཀྱི་ས་ཆ་འདི་དག་ནས་རིམས་འགོག་སྨན་ཁབ་གསུམ་པ་རྒྱག་ཆོག

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཏེ། ཁྲེང་ཀོན་ཆུས་ཀྱིས་ཟླ10པའི་ཚེས19ཉིན་ནས་བཟུང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་སྣོན་མ་(ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་གསུམ་པ།)རྒྱག་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་གསུམ་པ་རྒྱག་ཡུལ་ནི་ཏོག་གསར་རིམས་ནད་རྩ་མེད་བཟོ་བའི་རིམས་འགོག་སྨན་ཁབ་ཐེངས་གཉིས་བརྒྱབ་ནས་ཟླ6(2021ལོའི་ཟླ4པའི་ཚེས30ཉིན་གྱི་གོང་དུ་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་བརྒྱབ་ཟིན་པ།)འགོར་བའི་གྲོང་མི་དག་ཡིན་ཞིང་། མིག་སྔར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་།(པའེ་ཏེན་གནས་ཁུལ།) ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཀུན་བདེ་གླིང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། དར་དམར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། དེ་བཞིན་བཅིངས་འགྲོལ་ནུབ་ལམ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་སུ་རིམས་འགོག་སྨན་ཁབ་གསུམ་པ་རྒྱག་ཆོག 
          རིམས་འགོག་སྨན་ཁབ་གསུམ་པ་ནི་རིམས་འགོག་སྨན་ཁབ་དང་པོ་དང་གཉིས་པ་དང་མཚུངས་པར། པེ་ཅིང་ཁོ་ཞིང(科兴)  གིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་ནད་རྩ་མེད་བཟོ་བའི་རིམས་འགོག་སྨན་ཁབ་ཡིན་ལ། རིམས་འགོག་སྨན་ཁབ་རྒྱག་ཚད་དང་། རྒྱག་སྟངས། རྒྱག་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་ཚང་མའང་གཅིག་པ་ཡིན་ཏེ། གྲོང་མིས་སྤྱོད་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་རང་དང་ཐག་ཉེ་བའི་རིམས་འགོག་སྨན་ཁབ་རྒྱག་ས་རུ་སྨན་ཁབ་རྒྱག་ཆོག
          ཚན་རིག་ཞིབ་འཇུག་ལས་མངོན་པ་ལྟར་ན། རིམས་ཐར་ཇེ་དྲག་ཏུ་བཏང་རྗེས།(རིམས་འགོག་སྨན་ཁབ་གསུམ་པ་བརྒྱབ་རྗེས།)འགོག་གཟུགས་ཀྱི་ཚད་ཇེ་མཐོར་འགྲོ་བར་མ་ཟད། “འགོག་གཟུགས་ཀྱི་ངོས”ཀྱང་ཇེ་ཆེར་འགྲོ་བ་དང་། དེ་ལས་འདིས་གཞན་འགྱུར་རིམས་ནད་ལ་སྲུང་སྐྱོབ་ཀྱི་ནུས་པ་སྔར་ལས་ལེགས་པོ་ཐོན་པ་མཚོན།
          དེ་ལས་གཞན་ཁོངས་གཏོགས་ཁུལ་གྱི་གྲོང་མི་ཉུང་ཤས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་གཅིག་ལས་བརྒྱབ་མེད་པས། རིམས་འགོག་སྨན་ཁབ་བརྒྱབ་ན་གནོད་པ་མེད་མཁན་གྱིས་གང་མགྱོགས་སྒོས་རིམས་འགོག་སྨན་ཁབ་གཉིས་པ་རྒྱག་རྒྱུ་དང་། རིམས་འགོག་སྨན་ཁབ་བརྒྱབ་ན་གནོད་པ་མེད་པ་དང་རིམས་འགོག་སྨན་ཁབ་དང་པོ་བརྒྱབ་མེད་པའི་གྲོང་མི་ཚོས་ཀྱང་གང་མགྱོགས་སྒོས་རིམས་འགོག་སྨན་ཁབ་བརྒྱབ་སྟེ། མི་ཚོགས་ཀྱི་རིམས་འགོག་སྒྲིབ་ཡོལ་བསྐྲུན་དགོས་ཞེས་ང་ཚོས་འབོད་སྐུལ་བྱས། 
རྩོམ་སྒྲིག་པ། བསྟན་ཆོས།