ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཁག་དང་པོའི་རྟགས་མེད་ནད་དུག་འགོས་པ་5སྒྲོམ་ཚང་སྨན་ཁང་ནས་དོན་པ།

སྤེལ་དུས 2022-08-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་8ཚེས་15ཉིན་གྱི་དགོང་མོ། འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་དཔྱད་དཔོག་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་ནས་ཁག་དང་པོའི་རྟགས་མེད་ནད་དུག་འགོས་པ་5དོན་ཞིང་། ཚང་མའི་ངོ་གདོང་ནས་སྨན་ཁང་ནས་དོན་པའི་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ཡོད་པ་དང་། ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་གི་སྨན་དོན་མི་སྣས་ད་དུང་ཁ་བཏགས་གྲ་སྒྲིག་བྱས་ཏེ་ཁོང་ཚོར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། ཁག་དང་པོའི་ནད་པ་5པོ་ནི་རྟགས་མེད་ནད་དུག་འགོས་པ་ཤ་སྟག་ཡིན་ཞིང་། ཁོང་ཚོའི་ཁྲོད་ནས་ལོ་ན་མཐོ་ཤོས་ལོ་53དང་ཆུང་ཤོས་ལོ་5ཡིན་པ་དང་། སྒྲོམ་ཚང་ནང་གཟའ་འཁོར་གཅིག་རིང་སྨན་བཅོས་བྱས་པ་རེད། “ཉིན་གཉིས་བསྟུད་མར་ཆུ་ཚོད་24རེར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པའི་གནས་ཚུལ་འོག རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྟགས་མེད་ནད་དུག་འགོས་པ་5སྨན་ཁང་ནས་དོན་ཆོག་པའི་གཏན་འཁེལ་བྱས་ཡོད” ཅེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་པུའི་ཀྲུའུ་རེན་ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་གི་སྨན་བཅོས་སྐྱོབ་བཅོས་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་ཀྲའོ་དབན་ཆོན་གྱིས་བརྗོད།
  “ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་དུ་རིམས་ནད་ཐོན་རྗེས་ནད་པ་ཉར་བཅོས་དང་སྐྱོབ་བཅོས་ཀྱི་ལས་དོན་འཕྲལ་མར་སྤེལ་ཡོད། ང་ཚོས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་རྩ་དོན་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་བཅོས་ཀྱི་ལས་དོན་ནང་ཞུགས་ཡོད”ཅེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་གི་ཡོན་ཀྲང་ཉི་མས་བརྗོད་པ་དང་། ཁོང་གིས“ནད་པ་5སྨན་ཁང་ནས་དོན་པས་ང་ཚོ་ཧ་ཅང་དགའ་པོ་བྱུང་། ཁོང་ཚོ་གནས་གཏན་འཁེལ་གྱི་ལོགས་འཇོག་མགྲོན་ཁང་དུ་བསྐྱལ་ནས་མུ་མཐུད་གསོ་རིག་གི་ལོགས་འཇོག་བརྟག་དཔྱད་བྱ་རྒྱུ་རེད། ནད་པ་5པོ་དེ་དག་སྒྲོམ་ཚང་ནས་དོན་པ་ནི་འགོ་ཚུགས་པ་ཙམ་ཡིན་ཞིང་། སྒྲོམ་ཚང་གི་སྨན་དོན་མི་སྣས་ཚན་རིག་དང་མཐུན་པའི་ངང་སྨན་བཅོས་བྱས་ཚེ་ནད་པ་དེ་བས་མང་བ་གཅིག་རྗེས་གཉིས་མཐུད་ངང་སྨན་ཁང་ནས་དོན་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད།