ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་ཁེ་ལས་མང་པོས་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་པ།

སྤེལ་དུས 2022-08-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་རིམས་ནད་ཀྱི་དུས་བབ་ཛ་དྲག་པོར་ཁ་གཏད་གཅོག་ཆེད། བོད་ལྗོངས་ཀྱི་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུ་དང་རང་ནུས་གང་ལྕོགས་ཀྱིས་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རམ་འདེགས་བྱས་ཏེ་གཅེས་སེམས་ཞལ་འདེབས་དང་། སྨན་བཅོས་རོགས་སྐྱོབ། ཟོག་འགྲེམས་འགན་ལེན། ཟ་མ་མཁོ་འདོན་ཞབས་ཞུ་སོགས་ཀྱི་ལས་དོན་ལ་ཞུགས་ཏེ་ཁེ་ལས་ཀྱི་གཅེས་སེམས་སྟོབས་ཤུགས་བཏོན་ནས་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་པ་རེད།