ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷོ་ཁའི་མི་འདི་དག་གིས་ལམ་སེང་ཐོ་འགོད་སྙན་སེང་ཞུ་དགོས་ཀྱི་འདུག

སྤེལ་དུས 2022-08-18 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།
  ལྷོ་ཁ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་ཛ་དྲག་དྲན་སྐུལ།
  རིམས་ནད་སྔོན་འགོག་དང་ཚོད་འཛིན་གྲལ་བཤེར་གྱི་དགོས་མཁོ་དང་། རིམས་ནད་ཕྱི་ནས་འགོ་བ་དང་མཆེད་པའི་ཉེན་ཁར་དོགས་ཟོན་ཏན་ཏིག་བྱ་ཆེད། ཟླ་8ཚེས་12ཉིན་གྱི་ཚུན་དུ་བདལ་གཏོང་རླངས་འཁོར་ཨང་རྟགས་བོད་C·XT005དངC·XT051ནང་སྡོད་མྱོང་མཁན་གྱིས་འཕྲལ་དུ་རང་གནས་སའི་རྫོང(ཆུས)གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་ལས་ཁང་དང་། གྲོང་ཚོ(སྡེ་ཁུལ) ཚན་པ་བཅས་ལ་རང་འགུལ་ངང་ཐོ་འགོད་སྙན་སེང་ཞུས་ནས། ལོགས་བཀར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དེ་བཞིན་ཉིང་སྐྱུར་བརྟག་དཔྱད་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་ཡག་པོ་བྱེད་པར་གཞོགས་འདེགས་བྱེད་དགོས་པ་དང་། དེའི་རིང(དཔེ་ལེན་གྱི་བར་ཐག་དུས་ཚོད་ཆུ་ཚོད་24ཡིན་པ)ཉིང་སྐྱུར་བརྟག་དཔྱད་ཐེངས2བྱེད་དགོས། གལ་སྲིད་ཚ་བ་རྒྱས་པ་དང་གློ་བརྒྱབ་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་འཕྲལ་དུ་ཉེ་འགྲམ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས། སྨན་བཅོས་བྱེད་པའམ་ཡང་ན་ཕྱི་རུ་ཉིང་སྐྱུར་བརྟག་དཔྱད་བྱེད་རིང་། བརྒྱུད་རིམ་ཚང་མར་ཁ་རས་ཡག་པོ་རྒྱག་དགོས་པ་དང་། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་མི་སྡོད་པ། མི་ཚོགས་མང་སར་མི་འགྲོ་བ་བཅས་བྱེད་དགོས་པ་མ་ཟད། ད་དུང་སྨན་དོན་མི་སྣར་འབྲེལ་ཡོད་ཀྱི་འབྲེལ་གཏུག་བྱུང་ཚུལ་རང་འགུལ་ངང་ཤོད་དགོས།
  ལྷོ་ཁ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།
  2022ལོའི་ཟླ་8ཚེས་17ཉིན།