ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཁྲུང་ཆིང་དང་ཧྲའན་ཤིས་ཀྱིས་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ནས་བོད་ལྗོངས་ཀྱི་རིམས་འགོག་ལ་རྒྱབ་སྐྱོར་བྱས་པ།

སྤེལ་དུས 2022-08-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཟླ་8ཚེས་16ཉིན་གྱི་ཐོ་རེངས། ཁྲུང་ཆིང་གྲོང་ཁྱེར་གྱི་མི་287ལས་གྲུབ་པའི་བོད་སྐྱོར་ཉིང་སྐྱུར་བརྟག་དཔྱད་རུ་ཁག་གཙང་གླས་གནམ་གྲུ་གསུམ་ལ་བསྡད་དེ་ལྷ་སར་འབྱོར་བ་དང་། ཟླ་8ཚེས་16ཉིན་གྱི་སྔ་དྲོ། མངའ་རིས་ལ་རོགས་སྐྱོར་བྱེད་མཁན་ཧྲའན་ཤིས་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་གི་རུ་མི་90མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་གྲོང་རྡལ་དུ་བདེ་བླག་ངང་འབྱོར་བ་རེད།
          ཁྲུང་ཆིང་གི་བོད་སྐྱོར་ཉིང་སྐྱུར་བརྟག་དཔྱད་རུ་ཁག་གི་རུ་སྣེ་འཁྲིད་མཁན་ཝང་དབྱང་གིས། བརྟག་དཔྱད་རུ་ཁག་ལ་ཁྱོན་མི་287ཡོད་པའི་ཁྲོད་ཉིང་སྐྱུར་བརྟག་དཔྱད་བྱེད་མཁན་200ལྷག་ཙམ་ཡོད། དེའི་ནང་བརྟག་དཔྱད་དང་། སྤུས་ཚད་ཚོད་འཛིན། སྐྱེ་དངོས་བདེ་འཇགས། ནད་གཞི་ལྕི་བ། སེམས་ཁམས་ཁྲིད་སྟོན་སོགས་ཀྱི་རིགས་གཅིག་མཁས་ཅན་13ཚུད་ཡོད། ད་རེས་ཀྱི་རོགས་སྐྱོར་ལ་དཔྱད་ཆས་pcrགྲངས་100དང་། འདོན་ཆས་30 ཉིང་སྐྱུར་བརྟག་དཔྱད་ཀྱི་ཚོད་སྨན་ཁྲི་30སོགས་ཀྱང་ཁྱེར་ཡོད། “ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་ང་ཚོས་འཕྲལ་མར་ཉིན་རེར་སྦུ་གུ་རྐྱང་པ་ཁྲི་10ལ་བརྟག་དཔྱད་ཚད་ལེན་ཐུབ་པའི་ཉིང་སྐྱུར་བརྟག་དཔྱད་རྟེན་གཞི་ཞིག་བསྐྲུན་ཐུབ”ཅེས་ངོ་སྤྲོད་བྱས།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཧྲའན་ཤིས་ཞིང་ཆེན་གྱིས་སྨན་ཁང་དང་འབྲེལ་ཡོད་ནད་ཡམས་ཚོད་འཛིན་གྱི་ཚན་པ་10ཡི་མི་90བདམས་ནས་ཧྲའན་ཤིས་ཞིང་ཆེན་གྱི་རིམས་འགོག་སྨན་བཅོས་རུ་ཁག་གྲུབ་པ་དང་དེ་དག་ནད་ཐོག་དང་། ནད་གཡོག བརྟག་དཔྱད་ཚད་ལེན། འགོ་ནད་ཚོད་འཛིན། ལོགས་འཇོག་ཆེད་ཚན། རིམས་དཔྱད། སྤྱི་པའི་འཕྲོད་བསྟེན་སོགས་སྡེ་ཚན་ནས་འོང་བ་ཤ་སྟག་ཡིན་པས་མི་སྣ་ཧ་ཅང་འཛོམས་པོ་ཡོད་པ་རེད།