ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཏོག་གསར་གློ་ཚད་རིམས་ནད་འགོས་ནས་དྲག་སྐྱེད་བྱུང་བའི་མངའ་རིས་ས་ཁུལ་གྱི་ཁག་དང་པོའི་ནད་པ་7སྨན་ཁང་ནས་དོན་པ།

སྤེལ་དུས 2022-08-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་8ཚེས་16ཉིན་གྱི་ཕྱི་དྲོ། མངའ་རིས་ས་ཁུལ་གྱི་རིམས་འགོག་ལས་དོན་ཐད་མི་སེམས་འགུལ་བའི་གཏམ་བཟང་གྲགས་ཤིང་། ཕྱི་དྲོའི་ཆུ་ཚོད་16ཙམ་ལ་དྲག་སྐྱེད་བྱུང་བའི་ཁག་དང་པོའི་གཏན་འཁེལ་ནད་པ་གཉིས་དང་རྟགས་མེད་ནད་དུག་འགོས་པ་ལྔ་རྒྱལ་ཁབ་དང་། བོད་རང་སྐྱོང་ལྗོངས། ས་ཁུལ་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྐྱོབ་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་གཏན་འཁེལ་བྱས་པ་དང་བསྟུད་མར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པ་དང་། དམིགས་ཚད་ཁག《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞིའི(ཚོད་ལྟའི་པར་གཞི་དགུ་པ)》སྨན་ཁང་ནས་དོན་ཆོག་པའི་ཚད་གཞི་དང་མཐུན་ནས་གསོ་རིག་གི་ལོགས་འཇོག་སྨན་བཅོས་བྱེད་མཚམས་བཞག་སྟེ་ཁྱིམ་སྡོད་བརྟག་དཔྱད་ལ་བསྒྱུར་ཡོད།