དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་འཇགས་ཇེ་མཐོར་གཏོང་རྒྱུ་དེ་ང་ཚོའི་འོས་འགན་ཡིན།

ཀོས་ནན་རྫོང་མགོ་མང་གྲོང་རྡལ་མངག་གཏོང་ཁང་གི་སུའོ་ཀྲང་རྣམ་ཐར་གྱི་གནས་ཚུལ་བཀོད་པ།

སྤེལ་དུས 2021-03-26 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
            ཞོགས་པའི་ཆུ་ཚོད7སྟེང་། གློ་བུར་བའི་ཁ་པར་ཞིག་གིས་རྣམ་ཐར་གཉིད་ལས་དཀྲོགས་སོང་།
            ཁ་པར་གྱི་ཕར་སྣེ་རུ་མི་ཞིག་གིས་འཚབ་འཚུབ་ངང་། མདང་ནུབ་ཁོ་ཚང་གི་སྒོ་ཁའི་ལྕགས་རར་གཏོར་བརླག་བཏང་སོང་བས། མངག་གཏོང་ཁང་གི་ལས་མི་མངགས་ཏེ་རོགས་བྱེད་དགོས་པའི་རེ་འབོད་ཀྱི་སྐད་དེ་ཐོས་པ་ན། རྣམ་ཐར་མྱུར་མོར་ཡར་ལངས་ཤིང་ཁ་ལག་སྟབས་བདེ་ཞིག་བཀྲུས་རྗེས། ནམ་རྒྱུན་དང་འདྲ་བར་ལས་གྲོགས་ཚོ་དང་མཉམ་དུ་དུས་ཚོད་དང་པོའི་ནང་ཡུལ་དངོས་སུ་གནད་དོན་ཞིབ་བཤེར་བྱེད་དུ་ཆས།
            ལོ་གསར་ཐོན་ལ་ཉེ་བའི་སྐབས་སུ། མི་མང་པོ་ཞིག་ཕྱིར་ཕ་ཡུལ་དུ་ལོག་ནས་ཁྱིམ་མི་དང་ལྷན་འཛོམས་བྱེད་བཞིན་ཡོད། ཡིན་ནའང་། གཞི་རིམ་མངག་གཏོང་ཁང་གི་ལས་བྱེད་མི་སྣར་མཚོན་ནས་བཤད་ན། རྒྱུན་ལྡན་གྱི་བྱ་བར་བྲེལ་ཟིང་ཆེ་བ་ལས་གཞན་ལོ་རེའི་དུས་ཆེན་གྱི་སྐབས་ནི་ཆེས་བྲེལ་བ་ཆེ་བའི་དུས་ཡིན།
            ཁོ་ཚོས་བློ་བརྟན་འགྱུར་མེད་ཀྱི་ཏང་གི་མགོ་ཁྲིད་འོག་ལས་རྐང་བརྟན་སྲུང་བྱེད་བཞིན་ཡོད།
            ས་གནས་གང་ཞིག་ཏུ་ཉེན་ཁའི་གནས་ཚུལ་ཡོད་ཚེ་ཁོ་ཚོ་དེ་རུ་གནད་དོན་ཐག་གཅོད་བྱེད་པར་ཕྱིན་ཏེ། ནམ་ཡང་ཉིན་མཚན་དབྱེར་མེད་དུ་མང་ཚོགས་ཀྱི་དོན་ལ་བྲེལ་ཞིང་བདེ་འཇགས་ལ་དོ་སྣང་བྱེད་བཞིན་ཡོད་པས། ཁོ་ཚོ་ནི་མང་ཚོགས་ལ་ལུས་དང་གྲིབ་མ་བཞིན་འབྲལ་མ་མྱོང་བའི་བདེ་སྲུང་པ་ཡིན།
            རྣམ་ཐར་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་མངག་གཏོང་གི་སུའོ་ཀྲང་ཡིན། རྣམ་ཐར1999ལོར་བྱ་བར་ཞུགས་པ་ནས་བཟུང་། ཁོ་རང་ཆེས་དགའ་བ་ནི་རང་ཉིད་གཟི་བརྗིད་ལྡན་པའི་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར་བ་དེ་ཡིན། ཁོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་སེམས་སུ་བཟུང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད།
            ཉེན་རྟོག་པའི་ཆུང་མ་ཞེས་པའི་མིང་ནི་ཅི་འདྲའི་གཟི་བརྗིད་ལྡན་པ་ཡིན་རུང་། ཁོ་ཚོའི་སེམས་སུ་བཟའ་མི་དང་སེམས་གཏམ་གློད་མི་ཐུབ་པ་དང་མཉམ་འདུག་མཉམ་རོལ་གྱི་འཚོ་བར་རོལ་མི་ཐུབ་པའི་དཀའ་སྡུག་ནི་མེ་ལོང་བཞིན་གསལ།
            སྐྱེས་ཕོ་རབ་ཅིག་གི་རྒྱབ་ན་མ་མཛངས་མ་ཞིག་གི་རྒྱབ་སྐྱོར་ཡོད་ཅེས་པ་ནང་བཞིན། རྣམ་ཐར་གྲོང་རྡལ་མངག་གཏོང་ཁང་གི་འགན་འཁུར་པ་ཞིག་ཡིན་པའི་ཆ་ནས་བྱ་བར་བྲེལ་བ་ཤིན་ཏུ་ཆེ། ལོ་འདི་འགར་ཁྱིམ་མི་དང་བྱིས་པར་བདག་སྐྱོང་བཟང་པོ་བྱས་མ་ཐུབ་པ་ནི་རེ་ཞིག་ཁྱིམ་མཚེས་དང་ན་མཉམ་གྲོགས་པོ་ཚོའི་གླེང་བྱར་གྱུར་ཡོད། ཡིན་ནའང་ཁོའི་ལས་བཀུར་དང་ལས་བརྩོན་གྱི་སྤྱོད་བཟང་ལ་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་སུ་ཞིག་ཡོད་འང་།
            སུའོ་ཀྲང་རྣམ་ཐར་གྱི་མཚན་སྙན་ལོ་འདི་དག་རིང་ཀོས་ནན་རྫོང་གི་ག་ས་གང་དུ་ཁྱབ་པ་རེད། ཆུང་མས་ཉེན་རྟོག་པའི་བྱ་བའི་ངོ་བོ་ཤེས་པ་དང་རྒྱབ་སྐྱོར་ཐོབ་པར་བརྟེན། རྣམ་ཐར་སྔར་བས་བློ་བརྟན་འགྱུར་མེད་ངང་བྱ་བའི་ཁྲོད་ཞུགས་ནས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་ཉེན་རྟོག་པའི་སྣང་བརྙན་བཞེངས་སྐྲུན་བྱས་ཏེ། བདེ་སྐྱིད་ཀྱི་འཚོ་བའི་ཆེད་དུ་རང་ཉིད་ཀྱི་ཆེས་གཞོན་པའི་ལང་ཚོ་ཕུལ་བ་རེད།
            ད་ལོ་ནི་ཁྱིམ་ཐོ་ཞིབ་བཤེར་བྱ་བར་མཐོང་ཆེན་བྱེད་པའི་ལོ་ཞིག་ཡིན་ལ། མགོ་མང་གྲོང་རྡལ་དུ་མི་གྲངས་མང་བའི་ཁར་ཕྱི་ཡོང་མི་སྣ་མང་པོ་ཡོད་པས།མི་གྲངས་ཁྱབ་བཤེར་བྱེད་རྒྱུ་ནི་ཞང་གྲོང་གཞན་དང་བསྡུར་ན་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན།
            ཉིན་གུང་གི་ཆུ་ཚོད12སྟེང་། རྣམ་ཐར་གྱིས་ངལ་གསོའི་གོ་སྐབས་དང་བསྟུན་ནས་ས་ཆ་གཞན་དུ་སློབ་གཉེར་བྱེད་བཞིན་པའི་བུ་མོར་ཁ་པར་གཏོང་མགོ་བརྩམས། སྐབས་དེར་ལས་གྲོགས་ཤིག་གིས་སྒོ་བརྡུངས་ནས་སླེབས་བྱུང་། ལས་གྲོགས་དེས་བྲག་དཀར་སྡེ་བའི་རྒན་པོ་འབུམ་མེ་མི་གྲངས་ཁྱབ་བཤེར་དང་ཁྱིམ་ཐོ་ལེགས་སྒྲིག་བྱེད་སའི་ཡུལ་དངོས་སུ་ཐོན་མ་ཐུབ་པའི་གནས་ཚུལ་ཡར་ཞུ་བྱས་པ་ན། རྣམ་ཐར་གྱིས་འཕྲལ་དུ་ཁ་པར་གཏོང་མཚམས་བཞག་ནས་ལས་གྲོགས་ཚོ་དང་མཉམ་དུ་སྤྱི་ལེ70ལྷག་གི་མཚམས་ན་ཡོད་པའི་བྲག་དཀར་སྡེ་བར་ཆས།
            རྣམ་ཐར་གྱིས་རྒྱུན་ལྡན་གྱི་བྱ་བའི་ཁྲོད་དུ་མི་ཡི་གོ་གནས་ལ་མཐོ་དམན་མེད་པ་དང་། དབུལ་ཕྱུག་གི་ཁྱད་པར་མི་འཛིན་པའི་ལྟ་བ་རྒྱུན་འཁྱོངས་བྱས་པས། ཁོའི་བྱ་བ་ཞིག་ལ་བཟུང་བའི་རྣམ་འགྱུར་དེ་མགོ་མང་གྲོང་རྡལ་མངག་གཏོང་ཁང་གི་བྱ་བའི་རྣམ་པར་ཆགས་ཡོད།
            རྣམ་ཐར་ལས་ཀར་ཞུགས་པའི་ཚུན་དུ།གཞི་རིམ་གྱི་མངགས་གཏོང་ཁང་དུ་བྱ་བ་བསྒྲུབས་ནས་ད་ལྟའི་བར་དུ་མི་ལོ21ལྷག་འགོར།
            དེང་སྐབས་མངག་གཏོང་ཁང་དུ་མདའ་མདུང་གྲི་གསུམ་ཐོགས་པ་ལྟ་བུའི་དམར་འཛིང་མེད་ལ། ཐོས་ན་དངངས་སྐྲག་སྐྱེ་དགོས་པའི་ཇག་པ་དང་ཁ་གཏད་དུ་ལངས་དགོས་པའི་དོན་དག་ཆེན་པོའང་མེད་མོད། འོན་ཀྱང་སྤྱིར་བཏང་གི་ལས་རྐང་ཐོག་རྣམ་ཐར་གྱིས་བྱ་བ་ཆུང་ངུ་ནས་མགོ་བརྩམས་ཏེ་མང་ཚོགས་ཀྱི་སྐྱིད་སྡུག་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཅི་རིགས་སྣང་མེད་དུ་བཞག་མ་མྱོང་བས། ཀོས་ནན་རྫོང་ཁོངས་སུ་རྣམ་ཐར་ཞེས་མིང་གིས་བོས་ན་ཁོ་མི་ཤེས་མཁན་ཧ་ལམ་གཅིག་ཀྱང་མེད།
            ཁོའི་ལས་རོགས་རྣམས་ཀྱི་སེམས་སུ་ལོ་ཟླའི་འགྱུར་བ་དང་བསྟུན་ནས། རྣམ་ཐར་གྱི་ཐོད་པར་རིམ་གྱིས་རྒས་གཉེར་བབས་རུང་། བྱ་བར་བཟུང་བའི་རྣམ་འགྱུར་ལ་ནམ་ཡང་འགྱུར་བ་མེད་པ་ནི་ཁོའི་བབ་ཆགས་པའི་ལས་ཀའི་ངར་ཤུགས་ཡིན་ཞེས་ལས་གྲོགས་ཚོས་རྒྱུན་པར་བཤད་ཀྱིན་འདུག
            པྲོག་དབྱིབས་ནད་དུག་བྱུང་བའི་སྐབས་སུ།རྣམ་ཐར་གྱིས་ལས་རྐང་བརྟན་སྲུང་བྱས་ཏེ་ཁྱིམ་དུ་ལོག་མ་ཐུབ།ཁོའི་བུ་མོས་ཡུལ་གཞན་དུ་སློབ་གཉེར་བྱེད་བཞིན་ཡོད་པས། ཡར་སྔོན་བུ་མོར་ལོ་གསར་སྐབས་སུ་གྲོང་ཁྱེར་དུ་སོང་ནས་བཟའ་མི་དང་ལྷན་དུ་ལོ་གསར་ལ་རོལ་རྒྱུ་ཁས་ལེན་བྱས་ཡོད་མོད། བྱ་བའི་ཆེད་དུ་རྣམ་ཐར་གྱིས་བཟའ་མི་ལྷན་འཛོམས་ཀྱི་གོ་སྐབས་རྒྱབ་ཏུ་བསྐྱུར་ནས། ལས་གྲོགས་ཚོ་དང་མཉམ་དུ་ལས་རྐང་བརྟན་སྲུང་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་ཁག་ཐེག་བྱས།
            “རྒྱལ་ཁབ་དང་ས་གནས་ཀྱི་དཀའ་ཁག་གི་མདུན་དུ་བཟའ་མི་ལྷན་འཛོམས་བྱེད་རྒྱུ་ནི་དོན་ཆུང་དུ་སྙམ་བཞིན་ཡོད།མང་ཚོགས་ཀྱི་བྱ་བ་གཙིགས་སུ་བཟུང་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་འཇགས་ཇེ་མཐོར་གཏོང་རྒྱུ་དེ་ང་ཚོའི་འོས་འགན་ཡིན།”
            འཇིག་རྟེན་སྟེང་ཡིད་ལ་ཤོང་དཀའ་ཞིང་འགྲན་ཟླ་མེད་པའི་དཔའ་བོ་ཟེར་བ་ཞིག་མེད་ལ། དེ་ནི་མི་ཕལ་བ་གྲངས་ལས་འདས་པ་སྐོར་ཞིག་གིས་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་བཏོན་ནས་དམངས་ལ་ཞབས་ཞུ་སྒྲུབ་བཞིན་པ་དེ་ཡིན། དེ་བཞིན་མགོ་མང་གྲོང་རྡལ་མངག་གཏོང་ཁང་གི་ཉེན་རྟོག་པ་རྣམ་ཐར་ནི་ས་གནས་མང་ཚོགས་ལ་རྩིས་འདང་ཆེ་བའི་ཉེན་རྟོག་པ་དཔའ་རྒོད་ཅིག་ཏུ་བརྩི་རུང་ངོ་། །
རྩོམ་སྒྲིག་པ། བདེ་སྒྲོལ།