དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་མུ་རི་གཏེར་ཁུལ་ནས་ཁྲིམས་དང་མ་མཐུན་པར་རྡོ་སོལ་བསྔོགས་པའི་གནད་དོན་དང་འབྲེལ་བ་ཡོད་པའི་མི་15གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པ།

སྤེལ་དུས 2021-03-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            གསར་འགོད་པས་ཚེས་23ཉིན་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར། མུ་རི་གཏེར་ཁུལ་ནས་ཁྲིམས་དང་མ་མཐུན་པར་རྡོ་སོལ་བསྔོགས་པའི་གནད་དོན་ལ་དམིགས་ཏེ། མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་ཡོད་པའི་འགོ་ཁྲིད་ལས་བྱེད་པ་15གྱོད་དོན་ཐོ་བཀོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པའི་ཁྲོད་ཞིང་ཨུད་རྩ་འཛུགས་པུས་དོ་དམ་གཙོ་བོར་བྱེད་པའི་ལས་བྱེད་པ་4ཡོད་པ་རེད།
            2020ལོའི་ཟླ་8པར་མུ་རི་གཏེར་ཁུལ་ནས་ཁྲིམས་དང་མ་མཐུན་པར་རྡོ་སོལ་བསྔོགས་པའི་གནད་དོན་ཐེར་འདོན་བྱས་པ་དང་། འབྲེལ་ཡོད་ཀྱི་ཚན་པ་དང་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་མ་བྱུང་བའི་དབང་གིས་མུ་རི་གཏེར་ཁུལ་དུ་འཕྲོག་བཅོམ་རྣམ་པའི་སྔོག་འདོན་གནད་དོན་ཐོན་པར་དམིགས་ནས། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་མུ་རི་གཏེར་ཁུལ་ནས་ཁྲིམས་དང་མ་མཐུན་པར་རྡོ་སོལ་བསྔོགས་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་སྦྲགས་འགན་འཁྲི་རྩད་གཅོད་དང་འགན་འཁྲི་བདའ་འདེད་གཏོང་བའི་ལས་དོན་སྤེལ་འགོ་བཙུགས་ནས་འགན་ཤོར་དང་འགལ་འཛོལ་གྱི་འགོ་ཁྲིད་ལས་བྱེད་པ་མང་པོ་ཞིག་གནས་དབྱུང་བཏང་བ་རེད།
            མུ་རི་གཏེར་ཁུལ་ནས་ཁྲིམས་དང་མ་མཐུན་པར་རྡོ་སོལ་བསྔོགས་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་རྗེས། མཚོ་སྔོན་ཞིང་ཨུད་ཀྱིས་ཞིང་ཆེན་ཡོངས་སུ་མངོན་གསལ་དོད་པའི་སྤྱོད་ཚུལ་གྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་སྣེ་ཁྲིད་ནས་མཚོ་སྔོན་ཞིང་ཨུད་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྟ་བཤེར་ཚོགས་ཆུང་4བཙུགས་ཏེ་ཡུག་དབྱེ་ནས། གྲོང་ཁྱེར་དང་ཀྲོའུ། རྫོང་། གྲོང་ཁྱེར། ཆུས། དེ་བཞིན་ཞིང་ཆེན་ཐད་གཏོགས་ཚན་པ་བཅས་སུ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ས་ཁུལ་10ཡི་ཚན་པའི་བསམ་བློའི་ངོས་འཛིན་གནད་ལ་མ་འཁེལ་བ་དང་། བཤེར་འདོན་དང་དག་ཐེར་གཏིང་ཟབ་དང་ཏན་ཏིག་མ་བྱུང་བ་སོགས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་ནས“ཁག་དཀྲི་དང་། ནར་འགྱངས། སྐྲག་པ། ཧམ་བཟུང”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་པ་རེད།
            མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཐད་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་གནས་པ་དང་། ལྟ་འདོམས་འགན་འཁྲི་དང་གཏོགས་ཁོངས་ཀྱི་འགན་འཁྲི་མི་འདང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཉམ་གནས་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་བཤེར་དཔྱིས་ཕྱིན་པ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པ་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་ལ་ཐེ་ཇུས་བྱེད་པའི་གནད་དོན་ལ་དམིགས་ནས། མཚོ་སྔོན་གྱིས་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་ནས་འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་ཐེ་ཇུས་བྱེད་པ་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་གྱི་ཐོ་བཀོད་སྙན་ཞུ་དང་འགན་འཁྲི་བདའ་འདེད། ལྐོག་རྔན་སྤྲོད་མཁན་ཁེ་ལས“ཐོ་གཞུང་ནག་པོའི”ནང་བླུགས་པ་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེར་ཞིབ་བཤེར་དང་། གྲལ་བཤེར་ཆེན་པོ་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་ཐེ་ཇུས་བྱེད་པ་དང་། དེ་བཞིན་འགག་རྩའི་ལས་གནས་མི་སྣས་སྒྲིག་འགལ་ངང་ཁྲོམ་རར་ཞུགས་པའི་དཔེ་མཚོན་གྱོད་གཞི་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
            གཞན་ཡང་མཚོ་སྔོན་གྱིས་གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། 《མུ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ཇུས་གཞིར》སྐུལ་འདེད་བཏང་ཞིང་། ན་ནིང་ལོ་མཇུག་བར་ཁྱོན་ས་ངོས་སྨི་ངོས་གྲུ་ཁྲི་5765བརྒྱངས་པ་དང་། སྨི་ངོས་གྲུ་ཁྲི་729ཟིན་པའི་ས་ངོས་སྙོམས་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།