དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་མཛེས་རྩལ་མཐུན་ཚོཊ་ཀྱི་ཀྲུའུ་ཞི་ཡིས་རི་མོ་རྐུ་བཤུས་བྱས།

སྤེལ་དུས 2021-03-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        མཚོ་སྔོན་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཞའོ་ལི་ལས་མཚམས་བཞག་ནས་ཞིབ་བཤེར་བྱས།  དེ་སྔོན“རྐུ་བཤུས་དོན་རྐྱེན”བྱུང་ནས་དགོངས་དག་ཞུ་ཡིག་སྤེལ།
        ཟླ3པའི་ཚེས30ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡིས་ཞིབ་འཇུག་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཞའོ་ལི་ལ“ལས་མཚམས་བཞག་ནས་ཞིབ་བཤེར་བྱ་རྒྱུ”ཐག་གཅོད་བྱས་པ་རེད། དེ་སྔོན་ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ལས་འཛིན་པའམ་མཚོ་སྔོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཞའོ་ལི་ཡི་བརྩམས་ཆོས་རི་མོ་མང་པོ་ཞིག་སྒྱུ་རྩལ་མཁས་ཅན་མཱ་ཧན་སུང་གི་བརྩམས་ཆོས་ཁག་ཅིག་རྐུ་བཤུ་བྱས་པའི་དོགས་གཞི་ཡོད་ཅིང་། རི་མོ་རྣམས་ཞིབ་ཏུ་བསྡུར་ཚེ། རི་མོའི་བརྩམས་ཆོས་ཀྱི་རྣམ་པ་གཅིག་མཚུངས་ཀྱི་ཚད་གཞི་ནི“བསྐྱར་དཔར”ལྟ་བུ་རེད་ཅེས་དཔྱད་འཇོག་མང་པོ་བྱས་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི“བློ་མཐུན་ཝང་ཞའོ་ལི་ལས་མཚམས་བཞག་ནས་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་གཏན་འབེབས”ཡི་གེ།

མཱ་ཧན་སུང་གི་བརྩམས་ཆོས(གཡོན་ཕྱོགས)དང་ཝང་ཞའོ་ལི་ཡི་བརྩམས་ཆོས(གཡས་ཕྱོགས)བསྡུར་བ་བྱས་པ།
        ཉེ་ཆར། རྩོམ་ཡིག་ཅིག་གི་ཁ་བྱང་ལ《མཛེས་མ་རི་མོ་བ་སྟེ་མཚོ་སྔོན་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་འགན་འཛིན་པས་ལོ་ངོ་དུ་མར་བཤུ་འབྲི་བྱས་པའི་དོགས་གཞི་ཡོད་དམ》ཞེས་པའི་རྩོམ་ཡིག་ལ་དྲ་ཐོག་ནས་དོ་ཁུར་བྱེད་ཀྱིན་ཡོད། དྲ་ཐོག་ནས་བསྐུར་བའི་རྩོམ་ཡིག་ནང་མཚོ་སྔོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཞའོ་ལི་དང་སྒྱུ་རྩལ་མཁས་ཅན་མཱ་ཧན་སུང་གི་རི་མོ་མང་པོ་ཞིག་བསྡུར་བ་བྱས་པས། ཝང་ཞའོ་ལི་ཡིས་མཱ་ཧན་སུང་གི་རི་མོའི་བརྩམས་ཆོས་རྐུ་བཤུ་བྱས་པར་དོགས་པ་ཡོད་པ་དང་ཁོང་གཉིས་ཀྱི་རི་མོ་མང་པོ་ཞིག་མཛད་བྱང་དང་ཚོས་གཞི་ལས་གཞན་ཕལ་ཆེར་གཅིག་པ་གཅིག་མཚུངས་ཡིན་ཞིང་། མཚོ་སྔོན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དེའི་ཐད་འཕྲལ་མར་བརྟག་དཔྱད་བྱས་པ་རེད།
        དེའི་ཐད་མཱ་ཧན་སུང་གིས་བཤད་རྒྱུར། ཝང་ཞའོ་ལི་ཡིས་རང་ཉིད་ཀྱི་རི་མོའི་བརྩམས་ཆོས“རྐུ་བཤུ”བྱས་པའི་དོགས་ཡོད་གནས་ཚུལ2016ལོ་ནས་ཤེས་ཡོད། སྐབས་དེ་དུས་སྐད་འཕྲིན་གྲོགས་ཚོམས་ནང་མཚང་འབྱིན་བྱས་མྱོང་ཡང་འབྲེལ་ཡོད་སྡེ་ཚན་ལ་ཐེར་འདོན་གོང་ཞུ་བྱས་མེད། དོན་དག་དེ་ལ་དོ་སྣང་བྱས་རྗེས་ཕ་རོལ་པོས་མི་མངགས་ནས་དགོངས་དག་ཞུས་པ་མ་ཟད། ཁོང་གི་ཁྱིམ་ལ་སོང་ནས་དགོངས་དག་ཞུ་འདོད་ཀྱང་དུས་ཚོད་ཀྱི་དབང་གིས་དང་ལེན་མ་བྱས།“ལོ་འདི་དག་ནང་ངས་ཀྱང་རང་ཉིད་ཀྱི་གསར་རྩོམ་ལག་རྩལ་ལ་འགྱུར་ལྡོག་གཏོང་བའི་དམིགས་ཡུལ་ནི་མི་གཞན་ལ་རྐུ་བཤུས་བྱེད་དུ་མི་འཇུག་པའི་ཆེད་དུ་ཡིན། དྲ་ཐོག་གི་རྩོམ་ཡིག་ངས་ཀྱང་མཐོང་བྱུང་། མོས་ཕབ་ལེན་བྱས་པའི་དོགས་ཡོད་རི་མོ་དེ་དག་ཚང་མ་ངས་སྔོན་ཆད་དེབ་ཐོག་ཏུ་པར་སྐྲུན་བྱས་པ་ཡིན་པས་དཔེ་ཆའི་སྟེང་གི་རི་མོ་ཇེ་ཆེར་བཏང་རྗེས་རྐུ་བཤུས་བྱས་པ་དང་འདྲ།”ཞེས་བཤད།