དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

རྒྱུད་བཞི་སྡེ་དགེའི་པར་མ་དཔེ་སྐྲུན་འགྲེམ་སྤེལ་བྱས།

སྤེལ་དུས 2021-04-01 ཡོང་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་པ་པོ།
            ཉེ་ཆར་རྫོང་སར་བློ་གྲོས་བོད་སྨན་ཞིབ་འཇུག་ཁང་གིས་བསྒྲིགས་པའི་རྒྱུད་བཞི་སྡེ་དགེའི་པར་མ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
            དེ་ཡང་རང་རེའི་གསོ་དཔྱད་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་མང་པོའི་ཐུགས་བསྐྱེད་དང་འབད་བརྩོན་ལ་བརྟེན་ནས་རྒྱུད་བཞི་ལ་ཡང་སྦྱོར་རའི་པར་མ་དང་། མངའ་རིས་ཀྱི་པར་མ། སྒམ་པོའི་པར་མ། རྟག་བརྟན་ཕུན་ཚོགས་གླིང་གི་པར་མ། ཨེ་རོང་ཆ་དཀར་པར་མ། པོ་ཏ་ལའི་པར་མ་དང་པོ། པོ་ཏ་ལའི་པར་མ་གཉིས་པ། དིང་རིའི་ཤེལ་དཀར་པར་མ། སྡེ་དགེའི་པར་མ་དང་པོ། སྡེ་དགེའི་པར་མ་གཉིས་པ། སྐུ་འབུམ་བྱམས་པ་གླིང་གི་པར་མ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ། ལྕགས་པོ་རིའི་པར་མ། པེ་ཅིང་གི་པར་མ། ནང་སོག་ཐུ་མེད་ཀྱི་པར་མ། འབྲུག་ཡུལ་གྱི་པར་མ་དང་པོ། འབྲུག་ཡུལ་གྱི་པར་མ་གཉིས་པ། ཕྱི་སོག་ཁལ་ཁའི་པར་མ། ཨུ་རུ་སུའི་ཨ་ཀོའི་པར་མ་སོགས་པར་གཞི་མི་འདྲ་བ་ཉི་ཤུ་ལྷག་བཞུགས།
            སྤྱིར་ལོ་རྒྱུས་སྟེང་རྒྱུད་བཞི་སྡེ་དགེའི་པར་མ་ལ་གཉིས་ཡོད་དེ། པར་མ་དང་པོ་ནི་སྡེ་དགེའི་ཁྲི་རབས་ལྔ་པ་བླ་ཆེན་བསོད་ནམས་ཕུན་ཚོགས་ཀྱིས་ཟུར་མཁར་བློ་གྲོས་རྒྱལ་པོས་ཞུས་དག་མཛད་དེ་པར་དུ་བསྒྲུབས་པའི་གྲ་ཐང་པར་མ་ལས་ཕྱི་མོ་འབྲུ་ལེན་བྱས་ནས་པར་ཞུས་མཛད་ཅིང་པར་བྱང་བསྩལ་ཏེ། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་པར་དུ་བསྒྲུབས་ནས་བཞུགས་སུ་གསོལ་ཡང་རྐྱེན་དུ་མའི་དབང་གིས་དེང་སྐབས་མཇལ་དུ་མེད་པར་གྱུར་འདུག་སྐད།
            པར་མ་གཉིས་པ་དེ་སྡེ་དགེའི་ཁྲི་རབས་དྲུག་པ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་གིས་སྤྱི་ལོ1733ལོར་མི་དབང་པཎྜི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཞུས་ཆེན་མཛད་པའི་པོ་ཏ་ལའི་པར་མ་ལས་ཕྱི་མོ་འབྲུ་ལེན་བྱས་ནས་པར་ཞུས་མཛད་ཅིང་པར་བྱང་བསྩལ་ཏེ། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་པར་དུ་བསྒྲུབས་པས་དུས་ད་ལྟའི་བར་དུ་མ་ཉམས་པར་ཡུལ་གངས་ཅན་པའི་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་ནས་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པར་བྱུང་དང་འབྱུང་བཞིན་ཡོད་པ་ལགས་སོ།།
 
པར་བསྐྲུན་དུས་ཚོད།:2020-12-31
དཔེ་རྟགས།:978-7-5409-9600-0
 རིན་གོང་:སྒོར110
རྩོམ་སྒྲིག་པ། བདེ་སྒྲོན།