ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་ཟོན་ལྟེ་གནས་ཀྱི་ཛ་དྲག་གསལ་བརྡ།

སྤེལ་དུས 2021-10-21 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། ཀླུ་མོས་བསྒྱུར།

            ཟླ10པའི་ཚེས21ཉིན། གཙོ་གནད་མི་ཚོགས་ལ་སྤེལ་བའི་གྲལ་བཤེར་ཁྲོད། K1309རྟགས་ཅན་གྱི་མེ་འཁོར་ནང་གི་འགྲུལ་པ1ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ཡོད་པ་ཤེས་རྟོགས་བྱུང་། ལྷག་པར་ནད་པ་དེ་ཟླ10པའི་ཚེས17ཉིན་གྱི་ཆུ་ཚོད8:23-11:35བར། ལན་ཀྲུ་ནས་མེ་འཁོར་ལ་བསྡད་དེ་ཟི་ལིང་ལ་བསླེབས་མྱོང་ཡོད།
            དེར་བརྟེན། ཐེངས་དེའི་མེ་འཁོར་ནང་བསྡད་མྱོང་ཡོད་པའམ། ནད་པ་དེ་དང་འབྲེལ་འདྲིས་བྱུང་མཁན་ཡོད་ན་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག །མྱུར་དུ་སོ་སོ་སྡོད་སའི་གཞིས་ཁུལ་དུ་སོང་ནས་སྙན་ཞུ་དང་ཐོ་འགོད་བྱས་ཐོག་དུས་ལྟར་རིམས་ནད་བརྟག་དཔྱད་བྱ་དགོས།
རྩོམ་སྒྲིག་པ། རིག་གྲོལ།