ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཡུས་ཧྲུའུ་ཁུལ་གྱིས“གཉིས་འཕྲི”སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པའི་དཔེ་མཛོད་སྒྱུ་རྩལ་ཁང་གི་འཕྲུལ་མའི་ཚོགས་པར། སློབ་མ་ཚོས་དགེ་རྒན་གྱི་འགྲེལ་བཤད་འོག འཕྲུལ་མིའི་རྩེད་ཆས་སྒྲིག་བཞིན་འདུག   ཉེ་ཆར། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་ཤེས་གསལ་ལྟར་ན། ད་ལོའི་སྟོན་དུས་སློབ་སྐབས་ནི་སློབ་གྲྭ་འབྲིང་ཆུང་གིས་ཁྱོན་ཡོངས་ནས“གཉིས་འཕྲི”བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པའི་སློབ་སྐབས་དང་པོ་ཡིན་ཞིང་།ཡུས་ཧྲུའུ་ཁུལ་སློབ་གསོ་སྡེ་ཁག་གིས་ཁྱོན་ཡོངས་ནས་འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་བྱས་ཏེ། སློབ་ཁྲིད་རྗེས་ཀྱི་ཞབས་ཞུ་ལེགས་པོར་སྒྲུབ་ནས། “གཉིས་འཕྲི”སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། 
            རྒྱུས་ལོན་པ་ལྟར་ན། “གཉིས་འཕྲི”སྲིད་ཇུས་ལག་བསྟར་བྱས་པའི་རིང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་སློབ་ཆུང་སོ་སོས་རྣམ་པ་འདྲ་མིན་དང་། ནང་དོན་ཕུན་སུམ་ཚོགས་པའི་སློབ་ཁྲིད་རྗེས་ཀྱི་བདག་སྐྱོང་དོ་དམ་ཞབས་ཞུ་སྒྲིག་བཀོད་བྱས། སློབ་གྲྭས་ཁྱད་ཆོས་ལྡན་པའི་སློབ་ཁྲིད་རྗེས་ཀྱི་བདག་སྐྱོང་དོ་དམ་ཞབས་ཞུ་བྱེད་པ་བརྒྱུད་དེ། སློབ་གྲྭའི་སྤུས་ལེགས་ཚོགས་པར་བརྟེན་ནས་ཞབས་བྲོ་དང་། རོལ་མོ། ཡིག་གཟུགས། ལས་གཉེར་གསར་སྐྲུན་སོགས་སྤྲོ་བསྐྱེད་འཛིན་གྲྭ་བསྡུས་ཤིང་ཆེད་གཉེར་དགེ་རྒན་གྱི་སློབ་ཁྲིད་ཟུར་ཁྲིད་བྱས། བྱིས་པས་སློབ་གྲྭའི་ནང་ཁུལ་དུ་སློབ་ཁྲིད་ལེགས་པོ་མྱོང་དུ་བཅུག་ནས། དུས་སྐབས་སློབ་གྲྭར་སྐྱེལ་མི་ཐུབ་པའི་སློབ་མའི་དཀའ་ཁག་ཐག་གཅོད་བྱས་པ་དང་། ཡུས་ཧྲུའུ་ཁུལ་དར་དམར་སློབ་ཆུང་གིས་དོན་དངོས་ཟུང་འབྲེལ་སྒོས་ལས་བྱ་དང་། དཔེ་ཀློག་ཟུར་ཁྲིད་ཞབས་ཞུ་སྒྲིག་བཀོད་བྱས་ཏེ་སློབ་གསོའི་ཞབས་ཞུ་ནུས་ཤུགས་ཡོད་རྒུས་མཐོར་འདེགས་སུ་བཏང་།། 
རྩོམ་སྒྲིག་པ། བདེ་སྒྲོན།