ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ངལ་རྩོལ་ནུས་ཤུགས་བརྟག་དཔྱད་བྱ་བ་ཚད་ལྡན་དུ་བཏང་།

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ10བའི་ཚེས13ཉིན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། ཉེ་ཆར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས《སྔར་ལས་ལྷག་པའི་སྒོ་ནས་ངལ་རྩོལ་ནུས་ཤུགས་བརྟག་དཔྱད་བྱ་བ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ངལ་རྩོལ་ནུས་ཤུགས་བརྟག་དཔྱད་སྡེ་ཁག་སྒྲིག་འཛུགས་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་འགན་ནུས་གསལ་པོར་བྱས་ཏེ། ཆེད་དོན་ལས་སྒྲུབ་མི་སྣ་སྡེབ་སྒྲིག་དང་། ངལ་རྩོལ་ནུས་ཤུགས་བརྟག་དཔྱད་གོ་རིམ་ཚད་ལྡན་དུ་བཏང་ནས། ཁྲིམས་ལྟར་ངལ་རྩོལ་ནུས་ཤུགས་བརྟག་དཔྱད་བྱ་བ་ཚད་ལྡན་ངང་སྤེལ་དགོས་པའི་བླང་བྱ་བཏོན། 
          《བརྡ་སྦྱོར》ནང་གྲོང་ཁྱེར་དང་(ཁུལ)སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ངལ་རྩོལ་ནུས་ཤུགས་བརྟག་དཔྱད་བྱ་བའི་སྒྲིག་སྲོལ་དང་། བྱ་བའི་གོ་རིམ་ཞིབ་ཚགས་སུ་བཏང་སྟེ། རྒྱུ་ཆའི་ཐོག་མའི་ཞིབ་བཤེར་དང་། དཔྱད་ཞིབ། བརྟག་དཔྱད་སོགས་གནད་འགག་གོ་རིམ་འགན་འཁྲི་མི་ཕྲག་ཏུ་འབབ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ངལ་རྩོལ་ནུས་ཤུགས་བརྟག་དཔྱད་ཚད་ལྡན་དང་གོ་རིམ་ཚད་ལྡན་དུ་བཏང་སྟེ། དྲང་བཞག  གཟབ་ནན་སྒོས་བརྟག་དཔྱད་མཇུག་འབྲས་ཕུད་དགོས་པ་མ་ཟད། སྤྱི་བསྒྲགས་དང་སྦ་གསང་སྒྲིག་སྲོལ་དོན་འཁྱོལ་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་བརྟག་དཔྱད་ཆེད་ལས་གསོ་སྦྱོང་དང་།དཔེ་མཚོན་བགྲོ་གླེང་སྤེལ་ཏེ། ངལ་རྩོལ་ནུས་ཤུགས་བརྟག་དཔྱད་ཆེད་མཁས་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣོན་དང་། “དྲ་རྒྱ་དང་ངལ་རྩོལ་ནུས་ཤུགས་བརྟག་དཔྱད”བྱ་བར་སྐུལ་འདེད་བཏང་སྟེ། ངལ་རྩོལ་ནུས་ཤུགས་བརྟག་དཔྱད་བྱ་བའི་གོ་རིམ་གློག་རྡུལ་ཅན་དུ་གཏོང་བ་མངོན་འགྱུར་བྱུང་ནས། གོ་རིམ་ཧྲིལ་བོར་ལྟ་སྐུལ་དང་རྗེས་སྙེག་བྱས་ཆོག་པར་བྱས་ཏེ། ཁྱོན་ཡོངས་ནས་ངལ་རྩོལ་ནུས་ཤུགས་བརྟག་དཔྱད་བརྡ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ངལ་རྩོལ་ནུས་ཤུགས་ཀྱི་སྲིད་གཙང་ཉེན་བརྡའི་སློབ་གསོར་ཤུགས་བསྣོན། འགན་འཁྲི་གཙོ་བོ་ཇེ་དམ་དུ་བཏང་སྟེ། བརྟག་དཔྱད་ཀྱི་གོ་རིམ་སོ་སོར་ལས་གནས་སྡེབ་སྒྲིག་དང་། མི་སྣ་དོ་དམ། དབང་ཆ་སྒྲིག་བཀོད། ལས་གཉེར་གོ་རིམ། ཡིག་ཚགས་དོ་དམ་སོགས་ཀྱི་ཚད་གཞི་དང་བླང་བྱ་དོན་འཁྱོལ་བྱས་ཏེ། ངལ་རྩོལ་ནུས་ཤུགས་ཀྱི་བརྟག་དཔྱད་ཡིག་ཚགས་དང་ལས་གཉེར་གཞི་གཅིག་ཅན་མངོན་འགྱུར་བྱུང་དགོས་པའི་བླང་བྱ་བཏོན།། 
རྩོམ་སྒྲིག་པ། བདེ་སྒྲོན།