ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

“རྒྱུན་མཐུད་གསུམ”ལ་བརྟེན་ནས་ཟི་ལིང་གི་རླུང་ཁམས་ཆེན་མོའི་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་བ།

སྤེལ་དུས 2022-05-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ཟླ5པའི་ཚེས15ཉིན་བར། ད་ལོའི་ཟི་ལིང་གྲོང་ཁྱེར་གྱི་མཁའ་རླུང་བཟང་པའི་ཉིན་གྲངས118ཡོད་པས། མཁའ་རླུང་བཟང་ཚད་ཀྱིས87.4%ཟིན་པ་དང་། དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་ཚེག0.7འཕར་ཡོད། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལས་དོན་དོན་འཁྱོལ་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱིས“རྒྱུན་མཐུད་གསུམ”ལ་བརྟེན་ནས་རླུང་ཁམས་ཆེན་མོའི་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། རླུང་ཁམས་ཆེན་མོའི་ཁོར་ཡུག་གི་སྤུས་ཚད་བརྟན་འཇགས་སྒོས་ཇེ་ལེགས་སུ་གཏོང་བར་འགན་ལེན་བྱ་རྒྱུ་རེད།
  གསར་འགོད་པསར་ཟི་ལིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་གྱིས་མུ་མཐུད་དུ་རླུང་ཁམས་ཆེན་མོའི་གནད་ཕིགས་དོ་དམ་ཚོད་འཛིན་གཙོ་གནད་དུ་བཟུང་ནས། དུས་ཐོག་ཏུ་རླུང་ཁམས་ཆེན་མོའི་གཞི་གྲངས་འགྱུར་ལྡོག་བྱུང་ཚུལ་ལ་དམ་པོར་དམིགས་པ་དང་། ལས་སྟེགས་ཀྱི་བྱེད་ནུས་སྣ་ཚོགས་སྡེབ་སྒྲིག་བྱེད་པ། གཞི་གྲངས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཁག་ལ་ཤུགས་སྣོན། གྲོང་ཁྱེར་ཡོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཞིབ་ཚགས་ཅན་གྱི་དོ་དམ་ལ་མུ་མཐུད་སྐུལ་འདེད་གཏོང་བ། གོམ་གང་མདུན་སྤོས་ཀྱིས་ཡུལ་དངོས་ཞིབ་བཤེར་དང་སྐོར་ཞིབ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ལྟར་ལྡོག་ལན་སྤྲོད་པ་དང་དུས་ཐོག་ཏུ་རྗེས་འདེད་བྱེད་པ། དུས་དང་བསྟུན་ནས་སྡེ་ཁག་སོ་སོ་དང་ས་ཁུལ་སོ་སོའི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་སེལ་བྱ་བར་བཀོད་གཏོང་བྱེད་པ། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་འགན་འཁྲི་ནན་ཏན་གྱིས་བསྒྲུབ་པར་སྐུལ་འདེད་གཏོང་བ་དང་། རྡུལ་ཕྲ་དང་དཀུ་དབྱང་བར་གྱི་མཐུན་སྦྱོར་དོ་དམ་ཚོད་འཛིན་མུ་མཐུད་ལེགགས་པར་བསྒྲུབ་པ། གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ། ཁང་ཁོངས་སོགས་ཀྱི་སྡེ་ཁག་དང་མཉམ་འགུལ་གྱིས་མཐུན་སྦྱོར་བྱེད་པར་སྔར་ལས་ཤུགས་སྣོན་བྱེད་པ། བློ་རིག་ཅན་གྱི་འཛུགས་སྐྲུན་ལས་ཡུལ་གྱི་ལྟ་ཞིབ་ཚད་ལེན་མ་ལག་དང་། དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ། རྡུལ་ཚད་གཅོག་པའི་དཔྱད་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད་ཐལ་རྡུལ་ཞིབ་ཚགས་ཅན་གྱི་དོ་དམ་ཚོད་འཛིན་ལ་མུ་མཐུད་སྐུལ་འདེད་གཏོང་བ། རྡུལ་དངོས་དོ་དམ་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན། གཙོ་གནད་སྒུལ་བདེའི་འབྱུང་རྩ་ཕྱིར་ཕུད་དང་། ཞུ་རྫས་ཕྱིར་ཕུད། བཟོ་ལས་ཕྱིར་ཕུད་སོགས་ཀྱི་ཐད་ལ་དམ་འཛིན་བྱེད་པ། ཟི་ལིང་གྲོང་ཁྱེར་གྱི་དྲི་ངན་དབྱང་རླུང་གྲུབ་པའི་རྒྱུ་རྐྱེན་དང་ཆོས་ཉིད་ལ་དབྱེ་ཞིབ་ཞིབ་འཇུག་བྱས་ནས། བཟའ་བཏུང་གི་སྣུམ་དང་དུ་བའི་དྲ་ཐོག་ལྟ་ཞིབ་ཚད་ལེན་མ་ལག་དང་གཙོ་གནད་དོ་དམ་ཚོད་འཛིན་གྱི་ས་ཁོངས་དྲ་ཁྱོན་ཟུང་འབྲེལ་ཞིབ་ཚགས་ཅན་དང་དོ་མཉམ་ཡོང་བའི་ལྟ་སྐུལ་དོ་དམ་རྣམ་གྲངས་གང་མགྱོགས་ཀྱིས་དོན་འཁྱོལ་བཅས་ནས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དབྱང་རླུང་འགོག་བཅོས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་རྒྱུ་རེད། །