ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གྱིས་བྱེད་ཐབས་མང་པོ་སྤྱད་དེ་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས་པ།

སྤེལ་དུས 2022-09-22 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  གསར་འགོད་པས“མཚོ་སྔོན་གྱི་ལོ་ངོ་བཅུ”ཞེས་པའི་ཆུ་བེད་ཆེད་དོན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ལོ་ངོ་བཅུ་ཡི་རིང་ལ། མཚོ་སྔོན་གྱི་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་གང་ལེགས་བྱས་ཤིང་། ཆུ་བེད་དབུལ་སྐྱོར་བྱ་བའི་ཕན་འབྲས་མངོན་གསལ་ཡིན་པ་དང་། རོང་འབྲོག་ཁུལ་གྱི་རང་འབབ་ཆུའི་ཁྱབ་ཚད་དང་ཆུ་འདོན་འགན་སྲུང་བྱེད་ཚད་སོ་སོར80%དང94%ལ་སླེབས་ཡོད་པས། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་དང་འཚོ་བའི་སྤུས་ཚད་ཕན་ནུས་ལྡན་པའི་སྒོ་ནས་ལེགས་བཅོས་དང་མཐོར་འདེགས་བྱས།
  མ་དངུལ་གྲ་སྒྲིག་ཐད་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་ཧུར་ཐག་གིས་འབྲེལ་མཐུད་བྱས་ཏེ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར55.67བརྩོན་ལེན་བྱས་ནས་རོང་འབྲོག་ཁུལ་གྱི་ཆུ་འདོན་ལས་གཞིའི་འཛུགས་སྐྲུན་བྱས་པར་མི་ཐེངས་ཁྲི102.5ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ནས། མི་ཐེངས་ཁྲི260.6ཡི་འཐུང་ཆུའི་བདེ་འཇགས་ཆུ་ཚད་མཐོ་རུ་ཕྱིན་པ་དང་མང་ཚོགས་དབུལ་བོ་ཁྲི30.14ཡི་འཐུང་ཆུའི་བདེ་འཇགས་ཁྱོན་ཡོངས་ལ་ཁྱབ་པ་དང་། མི་འབོར་དབུལ་བོའི་འཐུང་ཆུའི་བདེ་འཇགས་བྱ་བའི་དམིགས་འབེན་མངོན་འགྱུར་བྱས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་བཟོ་འགོད་སྤེལ་བས་མང་ཚོགས་ཁྲི53.8ལ་ཕན་ཐོགས། གཅིག་བསྡུས་རྣམ་པའི་བཟོ་འགོད2196དང་ཁ་ཐོར་རྣམ་པའི་བཟོ་འགོད་ཁྲི3.89ཡི་ཆུ་འདོན་འགན་སྲུང་མ་ལག་རགས་ཙམ་ཆགས་ནས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་དུ་རང་འབབ་ཆུ་ཁྱབ་ཚད་དང་ཆུ་འདོན་འགན་སྲུང་བྱེད་ཚད་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི་55.2%དང78.5%ནས་མིག་སྔའི80%དང94%བར་ཇེ་མཐོར་སོང་བ་དང་། བསྡོམས་པས་ཉམས་བཟོ་བདག་སྐྱོང་མ་དངུལ་སྒོར་དུང་ཕྱུར1.8དོན་འཁྱོལ་བྱས་ལ།རོང་འབྲོག་ཁུལ་དུ་ཆུ་འདོན་ལས་གཞི2315ཉམས་གསོ་དང་བདག་སྐྱོང་བྱས་ཏེ། རོང་འབྲོག་ཁུལ་གྱི་ཆུ་འདོན་བཟོ་སྐྲུན་ཡུན་རིང་དང་བརྟན་བརླིང་ངང་བྱེད་ནུས་འདོན་སྤེལ་བྱེད་པར་ཁག་ཐེག་བྱས།
  དེ་མིན་རོང་འབྲོག་ཁུལ་གྱི་ཆུ་འདོན་གྱི་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་ཕྱོགས་ཡོངས་ནས་གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་བྱས་ཏེ། “ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར”བྱེད་པ་དང་། གནད་དོན་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་དག་ཐེར་དོན་འཁྱོལ་བྱེད་པ། རོང་འབྲོག་ཁུལ་གྱི་ཆུ་འདོན་གྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ནས་མང་ཚོགས་རྣམས་ཀྱིས་བདེ་འཇགས་འཐུང་ཆུ་དང་བློ་བདེ་བའི་ཆུ་འཐུང་བར་འགན་ལེན་བྱས། བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ནས་རོང་འབྲོག་ཁུལ་གྱི་ཆུ་འདོན་གནད་དོན་ཞིབ་བསྡུར་དང་། ལྟ་སྐུལ་ཞིབ་བཤེར། འཚམས་ལན་ཞུ་བ་སོགས་ཀྱི་བྱ་བའི་བརྒྱུད་རིམ་ཧྲིལ་བོར་འགན་འཁུར་དགོས། ས་གནས་སོ་སོའི་རོང་འབྲོག་ཁུལ་མང་ཚོགས་ཀྱི་འཕྲིན་བཅར་གྱི་ཐེར་འདོན་ལྟ་སྐུལ་ཐབས་ལམ་ཤར་གཏོང་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་ཆུ་འདོན་གནད་དོན་གྱི་འཕྲིན་བཅར་ཐོག་མའི་འགན་འཁུར་བ་དང་། ཉིན7གྱིས་ཐག་གཅོད་བྱེད་པ་དང་ཉིན5ཡི་བཅར་འདྲི་དང་ལེན་བྱེད་པའི་བྱ་བའི་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། རོང་འབྲོག་ཁུལ་གྱི་ཆུ་འདོན་གནད་དོན་གཞི་རིམ་དུ་ཐག་གཅོད་དང་དག་ཐེར་གཟའ་འཁོར་གཅིག་ཀྱང་མི་བརྒལ་བར་བྱས་ཏེ། གནད་དོན་དག་ཐེར་ལ་སྐུལ་འདེད་བཏང་ནས་རོང་འབྲོག་ཁུལ་གྱི་ཆུ་འདོན་གྲུབ་འབྲས་ལ་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་དཔྱད་ཐེག་ཐུབ་པར་བྱས་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོན།