དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ལས་འགན་བསྒྲུབས་ཚུལ་གྱི་སྙན་ཞུར་ནན་ཏན་ངང་གཟིགས་ཞིབ་གནང་བ་དང་བླང་བྱ་གལ་ཆེན་བཏོན་གནང་བ།

སྤེལ་དུས 2021-03-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་ཏང་ཙུའི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལོ་ལྟར་ཡིག་ཐོག་ནས་ལས་འགན་བསྒྲུབས་ཚུལ་སྙན་སེང་ཞུ་གི་ཡོད། ཉེ་ཆར། འབྲེལ་ཡོད་བློ་མཐུན་གྱིས་གཏན་འབེབས་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་བསྒྲུབས་ཚུལ་སྙན་སེང་ཞུས་པ་རེད། ཞི་ཅིན་ཕིང་གིས་ལས་འགན་བསྒྲུབས་ཚུལ་གྱི་སྙན་ཞུར་ནན་ཏན་ངང་གཟིགས་ཞིབ་གནང་བ་མ་ཟད་བླང་བྱ་གལ་ཆེན་ཡང་བཏོན་གནང་ཞིང་། ཁོང་གིས་འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་འགོ་འཛུགས་པའི་ལོ་ཡིན། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་ཐོག་ལངས་ནས། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཞི་ཚུགས་པ་དང་། འཆར་གཞི་ཆེན་མོར་དམིགས་ཏེ་རང་འགན་ཐེག་པ་ཁུར་ལེན་ཐུབ་པ་བྱེད་པ། ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི་ལས་དོན་ལ་སྔོན་དཔག་རང་བཞིན་གྱི་བསམ་གཞིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་དང་།  ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ་བཅས་བྱས་ནས་སྣེ་ཁྲིད་ཀྱིས་སྤྱོད་གཙང་རང་གཅུན་ཐུབ་པ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། དཔེ་སྟོན་དང་མིག་དཔེའི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དེ་བས་འབད་འབུངས་ཡར་བརྩོན་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ས་གནས་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་ལས་དོན་ནང་ལག་བསྟར་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ། བྱ་སྤྱོད་ངོ་མ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
        འབྲེལ་ཡོད་བློ་མཐུན་གྱིས་འདས་ཟིན་པའི་ལོ་གཅིག་གི་བསམ་བློ་དང་ལས་ཀའི་གནས་ཚུལ་ཁྱོན་ཡོངས་ནས་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་པ་དང་། རྣམ་འགྱུར་སྒམ་ནན་དང་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ལས་འགན་བསྒྲུབས་ཚུལ་གྱི་སྙན་ཞུ་བྲིས་ཡོད་པ་རེད། ལས་འགན་བསྒྲུབས་ཚུལ་གྱི་སྙན་ཞུའི་ནང་ཉམས་མྱོང་དང་མྱོང་ཚོར་ལ་ཕྱོགས་སྡོམ་གནང་བ་དང་། གནད་དོན་དང་མི་འདང་སར་དབྱེ་ཞིབ་གནང་བ། སྤྱི་ཡོངས་ལ་དམིགས་ཏེ་གོམ་སྟབས་རྗེས་མའི་འབད་བརྩོན་ཁ་ཕྱོགས་བཏོན་ཡོད་ཅིང་། ནང་དོན་གཙོ་བོ་གཤམ་གསལ་ཏེ།
        གཅིག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲུང་སྐྱོང་གི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དང་སྲུང་སྐྱོང་གི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་།
        གཉིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྣེ་ཁྲིད་ནས་སློབ་སྦྱོང་དང་གོ་བ་ལོན་པར་བྱ་རྒྱུ་དང་། འབད་བརྩོན་ཆེན་པོས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་དཀའ་ལས་རྒྱག་པ་དང་འབྲེལ་འབྲས་བུའང་ཐོབ་པ་བྱ་རྒྱུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་འབྲས་བུར་ཞིབ་དཔྱད་བྱ་རྒྱུ།
        གསུམ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་བྱ་རྒྱུར་གཞིགས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་འོག ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་པོས་མང་དུ་འགྲོ་བའི་རྙོག་འཛིང་ཆེ་བའི་གནས་བབ་ལ་བབ་བརླིང་ངང་ཁ་གཏད་གཅོག་རྒྱུ། རང་སོ་སོའི་ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི་རང་འགན་གཙང་སྒྲུབ་ཧུར་ཐག་བྱ་རྒྱུ།
        བཞི་ནས་དགོངས་སྐོར་སྙན་སེང་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཏེ། གནད་དོན་གལ་ཆེ་རིགས་དང་། བྱ་བ་གལ་ཆེ་རིགས། ལས་དོན་གལ་ཆེ་རིགས་བཅས་ཀྱི་འཕེལ་རིམ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་རང་རྟོགས་ངང་དགོངས་སྐོར་སྙན་སེང་ཞུ་རྒྱུ་དང་། ལས་བགོས་དོ་དམ་ཁྱབ་ཁོངས་དང་ལས་བགོས་དོ་དམ་ལས་དོན་ཁྲོད་དམངས་གཙོ་དར་སྤེལ་གང་ལེགས་གཏོང་རྒྱུ་དང་གཅིག་སྡུད་ཡང་དག་བྱ་རྒྱུ།
        ལྔ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་བྱ་རྒྱུ། ནན་པོ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ། དེ་བཞིན་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུ། རང་ཉིད་དང་ནང་མི། ཉེ་འགྲམ་གྱི་ལས་དོན་མི་སྣ་བཅས་ལ་བླང་བྱ་ནན་པོ་བཏོན་ནས་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་བྱ་རྒྱུ་བཅས་རེད།
རྩོམ་སྒྲིག་པ། སངས་སྐྱབས།