དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀུའེ་ཡ་ནའི་ཙུང་ཐུང་དང་ཞལ་པར་བསྐྱོན་པ།

སྤེལ་དུས 2021-03-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        སྤྱི་ཟླ་3པའི་ཚེས་16ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀུའེ་ཡ་ནའི་ཙུང་ཐུང་ཨ་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཀུའེ་ཡ་ནའི་བར་ས་ཐག་རིང་ཡང་མཛའ་གྲོགས་ཀྱི་ལོ་རྒྱུས་རིང་པོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། ན་ནིང་ཏོག་གསར་གློ་ཚད་རིམས་ནད་ཀྱི་བརྡབ་གསིག་མདུན་དུ། ཀྲུང་གོ་དང་ཀུའེ་ཡ་ན་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་ཉོ་ཚོང་ལྡོག་འཕར་བྱུང་ཡོད་ཅིང་། དེའི་ཐོག་ནས་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད། མིག་སྔར་རྒྱལ་ཁབ་གཉིས་པོ་གོང་འཕེལ་གི་དུས་རིམ་གལ་ཆེན་དུ་སླེབས་ཡོད་པ་དང་། མདུན་ལྗོངས་ཡངས་ཤིང་རྒྱ་ཆེ་བ་དང་གོ་སྐབས་ཆེན་པོ་འཕྲད་ཡོད། ཕྱོགས་གཉིས་པོས་སང་ལོར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་50འཁོར་བ་གོ་སྐབས་སུ་བཟུང་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་ས་གལ་ཆེ་རིགས་ལ་ལྟ་རྟོག་དང་བརྩི་སྲུང་ཏན་ཏིག་ཞུས་ཐོག རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་དང་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་དགོས་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་བརྩོན་ལེན་བྱས་ཏེ། ཀྲུང་གོ་དང་ཀུའེ་ཡ་ནའི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཀུའེ་ཡ་ནའི་ཕྱོགས་དང་ལྷན་དུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐད་མཉམ་ལས་བྱས་ཐོག ཀུའེ་ཡ་ནའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཡོང་རྒྱུར་རང་ནུས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་དང་།
        ཞི་ཅིན་ཕིང་གིས། ཀྲུང་ཀུའེ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོའི་ཐད་ཀྱི་ལངས་ཕྱོགས་འདྲ་པོ་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་གནམ་གཤིས་འགྱུར་བ་སོགས་ཀྱི་གནད་དོན་ཐད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་མ་ལག་འཕོ་འགྱུར་དེ་དེ་བས་དྲང་བདེན་དང་དེ་བས་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ཀུའེ་ཡ་ནའི་ཕྱོགས་ནས་ཀྲུང་གོ་དང་ལྷན་དུ་ཁ་ལེ་པི་ས་ཁུལ་གྱི་ཁྱོན་ཡོངས་མཉམ་ལས་དང་དེ་བཞིན་དུ་ཀྲུང་གོ་དང་ཁ་ལེ་པིའི་གཅིག་མཐུན་མ་ལག་གི་འབྲེལ་བ་གོང་འཕེལ་ཡོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་བ་རེད།
        ཨ་ལིས། དེ་རིང་ང་རང་དང་ཀུའེ་ཡ་ནའི་ཕྱོགས་ཀྱི་སྲིད་ཏང་གི་གལ་ཆེའི་འགོ་ཁྲིད་མི་སྣ་དང་པུའུ་ཀྲང་ནས་ལྷན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞལ་པར་ཐོག་ནས་བཀའ་མོལ་ཞུས་པ་བརྒྱུད། ཀྲུང་གོའི་ཕྱོགས་ནས་ཀུའེ་ཡ་ནའི་ཕྱོགས་ལ་རིམས་ནད་སྔོན་འགོག་བྱེད་པའི་ཐད་གཏོང་ཕོད་ཆེན་པོས་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་ནས་གོ་ལ་ཧྲིལ་པོའི་གནད་དོན་མང་པོའི་ཐད་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཐུབ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀུའེ་ཀྲུང་མཛའ་གྲོགས་ནི་ཧ་ང་སྲ་ཞིང་བརྟན་པོ་ཡིན། ཀུའེ་ཡ་ནའི་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་སྒོ་ནས་བརྩི་སྲུང་ཞུ་རྒྱུ་དང་། ཀྲུང་གོ་དེ་ཉིད་ཀུའེ་ཡ་ན་གོང་འཕེལ་གཏོང་བའི་ཁྲོད་ཀྱི་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་སུ་བརྩིས་ཏེ། ཀྲུང་གོའི་ཕྱོགས་དང་ལྷན་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་དམ་པ་དོན་དུ་གཉེར་རྒྱུ་ཡིན། ཀུའེ་ཡ་ནའི་ཕྱོགས་ནས་ཀྲུང་གོ་དང་ལྷན་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཧུར་ཐག་བྱ་རྒྱུ་དང་། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀུའེ་ཀྲུང་འབྲེལ་བ་དེ་སླད་ཕྱིན་ཡག་ཐོག་ཡག་བརྩེགས་ཡོང་རྒྱུར་ང་རང་ལ་ཡིད་ཆེས་ཡོད། ཀུའེ་ཡ་ནའི་ཕྱོགས་ནས་ཁ་ལེ་པིའི་གཅིག་མཐུན་མ་ལག་དང་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།