དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་དང་ཁུ་པའི་འགོ་ཁྲིད་བར་འཕྲིན་ཡིག་བསྐུར་རེས་གནང་བ།

སྤེལ་དུས 2021-03-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁ་སི་ཐེ་ལུའོ་དང་ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནེའར་ལ་འཕྲིན་ལན་བསྐུར་གནང་ནས། ཁུ་པའི་འགོ་ཁྲིད་པས་ཀྲུང་གོའི་དབུལ་སྒྲོལ་འགག་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁུ་པ་ནི་གྲོགས་པོ་ཡག་པོ་དང་། བློ་མཐུན་ཡག་པོ། གཅེན་གཅུང་བཟང་པོ་བཅས་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཁུ་པའི་སྲོལ་རྒྱུན་མཛའ་གྲོགས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་མཛའ་གྲོགས་མཉམ་ལས་ཁྱོན་ཡོངས་ནས་གོང་འཕེལ་ཕྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་འཐབ་རྩོད་ཁྲོད། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་པས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སྔ་བར་ཕྱི་གསུམ་དུ་ཁུ་པས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
        ཉིན་ཤས་གོང་། ལའོ་ཨར་ཁ་སི་ཐེ་ལུའོ་དང་ཏི་ཡ་སི་ཁ་ནེར་གྱིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་གནང་ནས། ཁུ་པ་གུང་ཁྲན་ཏང་དང་། ཁུ་པ་སྲིད་གཞུང་། དེ་བཞིན་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་དབུལ་སྒྲོལ་འགག་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པར་སྤྲོ་སེམས་འཁོལ་བའི་སྒོ་ནས་རྟེན་འབྲེལ་ཞུས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་ཀྲུང་གོས་ཚབས་ཆེའི་དབུལ་ཕོངས་གནད་དོན་མེད་པ་བཟོ་བའི་འཐབ་རྩོད་ལ་རླབས་ཆེའི་གྲུབ་འབྲས་ཐོབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ནང་གཏན་འཁེལ་བྱས་པའི་དབུལ་ཕོངས་མེད་པ་བཟོ་བའི་དམིགས་ཚད་ལོ་བཅུའི་སྔ་སྣུར་དུ་མངོན་འགྱུར་བྱུང་བར་ཚད་མཐོའི་བསྔགས་བརྗོད་བྱས་པ། ཁུ་པ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།