དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་རང་རྒྱལ་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་བ་གསར་པས་གོང་ཕུལ་ཞུས་པའི་རྒྱལ་ཡིག་བཞེས་གནང་བ།

སྤེལ་དུས 2021-04-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། རྩོམ་པ་པོ།
        སྤྱི་ཚེས་14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁབ་29འི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོ་བ་གསར་པས་གོང་ཕུལ་ཞུས་པའི་རྒྱལ་ཡིག་བཞེས་གནང་ཡོད།
        སྤྱི་ཟླ་4པའི་པེ་ཅིང་ནི་གང་སར་དཔྱིད་དཔལ་གྱི་རྣམ་པས་ཕྱུག་ཡོད། མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ་གུས་ལུགས་དམག་གྲལ་སྟར་སྒྲིག་པོས་གཞོག་གཉིས་སུ་ལངས་པ་དང་། དུང་གཏོང་མཁན་གྱིས་དུང་བརྡ་བཏང་སྟེ་ཕྱི་རྒྱལ་གྱི་ཕོ་ཉ་རྣམས་ལ་ཕེབས་བསུ་ཞུས་ཡོད། ཕོ་ཉ་རྣམས་ཀྱིས་གཡང་ཏྲི་དཀར་པོའི་རྡོ་སྐས་ཐོག་ནས་ཕེབས་ཏེ་ལྡེབས་རིས་ཆེན་མོ་རྒྱལ་ཁམས་འདི་འདྲའི་མཛེས་སྡུག་ལྡན་ཞེས་པའི་མདུན་ནས་རིམ་པས་བཞིན་ཞི་ཅིན་ཕིང་ལ་རྒྱལ་ཡིག་གོང་ཕུལ་གནང་བ་མ་ཟད་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་ཡོད་པ་རེད།
        ཁོང་ཚོ་ནི། ཀྲུང་གོར་བཅའ་སྡོད་ཨབ་ག་ནི་སི་ཏན་གྱི་གཞུང་ཚབ་ཆེན་མོ་བ་ཁ་དབྱི་མུའུ་དང་། ཀྲུང་གོར་བཅའ་སྡོད་ཀེ་རི་སིའི་གཞུང་ཚབ་ཆེན་མོ་བ་དབྱི་ལི་ཨའོ་ཕུ་ལོ་སི། ཀྲུང་གོར་བཅའ་སྡོད་ཕོ་ལན་གྱི་གཞུང་ཚབ་ཆེན་མོ་བ་པུའུ་ཁེ་ཝུའེ་ཆི། ཀྲུང་གོར་བཅའ་སྡོད་མ་ད་ཀ་སི་ཀའི་གཞུང་ཚབ་ཆེན་མོ་བ་ལོ་པན་སུང་། ཀྲུང་གོར་བཅའ་སྡོད་དབྱི་ཏྲ་ལིའི་གཞུང་ཚབ་ཆེན་མོ་བ་ཧྥང་ལན་དབྱི། ཀྲུང་གོར་བཅའ་སྡོད་ཤར་ཐེ་མུར་གྱི་གཞུང་ཚབ་ཆེན་མོ་བ་སང་ཐོ་སི། ཀྲུང་གོར་བཅའ་སྡོད་མི་ཁེ་ལོ་ཉི་ཤི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་གཞུང་ཚབ་ཆེན་མོ་བ་ཤི་ཝ་སི། ཀྲུང་གོར་བཅའ་སྡོད་སུའུ་ཏན་གྱི་གཞུང་ཚབ་ཆེན་མོ་བ་ཀ་ཧྥར། ཀྲུང་གོར་བཅའ་སྡོད་མའོ་ལེ་ཐེའུ་སིའི་གཞུང་ཚབ་ཆེན་མོ་བ་ཝང་ཁྲུན་ཝན། ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེན་མོ་བ་ཕན་ཏི། ཀྲུང་གོར་བཅའ་སྡོད་པ་ཀི་སི་ཏན་གྱི་གཞུང་ཚབ་ཆེན་མོ་བ་ཧ་ཁེ། ཀྲུང་གོར་བཅའ་སྡོད་མོར་ཏོ་ཝའི་གཞུང་ཚབ་ཆེན་མོ་བ་པེ་ལ་ཅི་ཧྲེ། ཀྲུང་གོར་བཅའ་སྡོད་ཏེ་མག་གི་གཞུང་ཚབ་ཆེན་མོ་བ་མ་ལེ། ཀྲུང་གོར་བཅའ་སྡོད་པེར་ཀྲེམ་གྱི་གཞུང་ཚབ་ཆེན་མོ་བ་ཀའོ་ཡང་། ཀྲུང་གོར་བཅའ་སྡོད་ཨ་མན་གྱི་གཞུང་ཚབ་ཆེན་མོ་བ་ན་སའེ་འར། ཀྲུང་གོར་བཅའ་སྡོད་ཀང་པི་ཡའི་གཞུང་ཚབ་ཆེན་མོ་བ་ཁང་ཏི། ཀྲུང་གོར་བཅའ་སྡོད་ཐ་ཅི་ཁེ་སི་ཏན་གྱི་གཞུང་ཚབ་ཆེན་མོ་བ་ས་དབྱི་དེ་ཙོ་ད། ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེན་མོ་བ་ཝུའུ་རོ་ལན། ཀྲུང་གོར་བཅའ་སྡོད་ཝུའེ་ནེ་ཙུ་ལིའི་གཞུང་ཚབ་ཆེན་མོ་བ་ཕུ་ལ་སེན་ཤི་ཡ། ཀྲུང་གོར་བཅའ་སྡོད་ལྗར་པན་གྱི་གཞུང་ཚབ་ཆེན་མོ་བ་ཁྲུའེ་ཤེའུ་ཧྥུ། ཀྲུང་གོར་བཅའ་སྡོད་ལྷོ་ཨ་ཧྥེ་རི་ཁའི་གཞུང་ཚབ་ཆེན་མོ་བ་ཤེའི་ཧྲེང་ཝུན། ཀྲུང་གོར་བཅའ་སྡོད་སི་རི་ལན་ཁའི་གཞུང་ཚབ་ཆེན་མོ་བ་ཁོ་ཧོ་ན། ཀྲུང་གོར་བཅའ་སྡོད་པའེ་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་བ་ཡའུ་ལི། ཀྲུང་གོར་བཅའ་སྡོད་ཨེར་ལན་གྱི་གཞུང་ཚབ་ཆེན་མོ་བ་ཨན་ཏའེ་ཝུན། ཀྲུང་གོར་བཅའ་སྡོད་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་བ་ཕན་ཆི་རུའེ། ཀྲུང་གོར་བཅའ་སྡོད་ཀུ་ནེ་ཡ་པི་ཧྲའོ་ཡི་གཞུང་ཚབ་ཆེན་མོ་བ་ཨེན་པ་ལོ། ཀྲུང་གོར་བཅའ་སྡོད་བྱང་ཁོ་རེ་ཡའི་གཞུང་ཚབ་ཆེན་མོ་བ་ལི་ལུང་ནན། ཀྲུང་གོར་བཅའ་སྡོད་དབྱི་རག་གི་གཞུང་ཚབ་ཆེན་མོ་བ་སའེ་དབྱི་དེ། ཀྲུང་གོར་བཅའ་སྡོད་ཨ་ཀེན་ཐེན་གྱི་གཞུང་ཚབ་ཆེན་མོ་བ་ནེའུ་ཝང་ཏའོ་བཅས་རེད། གཞན་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་འདུམ་འགྲིག་པ་གསར་པ་ཁྲང་ཆི་དེ་ཡིས་བསྐོ་གཞག་ཡི་གེ་རྩིས་སྤྲོད་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས་ཁོང་ཚོ་དང་མཉམ་དུ་མཉམ་སྡེབ་སྐུ་པར་བསྐྱོན་གནང་བ་མ་ཟད་གསུང་བཤད་གནང་ཡོད།
        ཞི་ཅིན་ཕིང་གིས་ཕོ་ཉ་རྣམས་ཀྱིས་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་མི་སྣར་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་དང་། ཁོང་གིས། འདས་ཟིན་པའི་ལོ་གཅིག་རིང་། ཀྲུང་གོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ནས་ཕྱར་བ་གྲུ་འདེགས་དང་། མཉམ་དུ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་བཅག་ནས་རྒྱལ་སྤྱིའི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་རེད་ལ། ཀྲུང་གོས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པ་དང་། སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་ཚུགས་པའི་ལོ་དང་པོ་དེ་རེད། ཀྲུང་གོས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་དེ་ཀྲུང་གོའི་གོང་འཕེལ་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་ཐུབ་པ་བྱ་རྒྱུ་ཡིན། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་50འཁོར་བའི་ལོ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་ནས་ལོ་ངོ་20འཁོར་བའི་ལོ་ཡང་རེད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱ་རྒྱུ། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུ། གོ་ལའི་བཅོས་སྐྱོང་མ་ལག་གི་འཛུགས་སྐྲུན་ལ་འགྱུར་མེད་ཀྱི་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་དུས་སང་གཉེར་རྒྱུ་རེད། ཕྱོགས་ཁག་གི་རྒྱབ་སྐྱོར་དང་ཐེ་ཞུགས་འོག་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་ཐུབ་ནས་སྟབས་བདེ་ལ། བདེ་འཇགས་ལྡན་པ། ངོ་མཚར་ཆེ་བ་བཅས་ཀྱི་ཨའོ་རྩལ་རྒྱས་འཛོམས་ཤིག་གཉེར་ཐུབ་ངེས་ཡིན་པ་ང་ཚོར་སེམས་ཤུགས་བརྟན་པོ་ཡོད་ཅེས་གསུངས་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོའི་མི་དམངས་ཀྱིས་སྔ་ནས་ད་བར་མཛའ་གྲོགས་ལ་བརྩིགས་ཆེན་དང་། ཞི་བདེར་གཅེས་འཛིན་བྱེད་བཞིན་ཡོད། འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་མཛའ་གྲོགས་ཟབ་གཏོང་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཟབ་གཏོང་། མཉམ་ལས་རྒྱ་བསྐྱེད་བཅས་བྱས་ཏེ་སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་འདོད་ཡོད། ཕོ་ཉ་རྣམས་ཀྱིས་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།