དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ལས་རིགས་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2021-04-16 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ལས་རིགས་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལས་རིགས་སློབ་གསོར་མདུན་ལམ་ཆེན་པོ་ལྡན་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ལས་རིགས་སློབ་གསོའི་རིགས་དབྱེའི་ངེས་གནས་ལེགས་སུ་གཏོང་བ་དང་། ཐོན་སྐྱེད་དང་སློབ་གྲྭ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་སྣ་གསོ་སྐྱོང་བྱེད་སྟངས་དང་། སློབ་གཉེར་བྱེད་སྟངས། དོ་དམ་སྒྲིག་སྲོལ། འགན་ལེན་ལམ་སྲོལ་བཅས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལས་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གསོ་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ། ཆུ་ཚད་མཐོ་བའི་ལས་རིགས་སློབ་གླིང་དང་ཆེད་ལས་ཁག་གཅིག་འཛུགས་སྐྱོང་བྱེད་པ། ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་བ། ལས་རིགས་སློབ་གསོའི་འཕྲོད་ནུས་ཆེ་རུ་གཏོང་བ། དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་འཛུགས་པ་བཅས་བྱས་ཏེ་བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་དང་། ལག་ཤེས་མཁས་ཅན། རྒྱལ་ཁབ་ཆེན་པོའི་བཟོ་བོ་བཅས་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལམ་ལུགས་གསར་གཏོད་དང་། སྲིད་ཇུས་མཁོ་སྤྲོད། མ་འཇོག་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ། ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣའི་སྤྱི་ཚོགས་ཀྱི་གནས་བབ་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཤེས་ལྡན་མི་སྣ་དང་རྩལ་ནུས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ལས་རིགས་སློབ་གསོ་ནི་ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ལས་ཞུགས་ལས་གཏོད་དང་གསར་གཏོད་ལ་སྐུལ་འདེད། ཀྲུང་གོའི་བཟོ་སྐྲུན་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སྔོན་ཐོན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་ཏེ་ཆུ་ཚད་མཐོ་བ་དང་རིམ་པ་མཐོ་བའི་ལག་རྩལ་རྩལ་ནུས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་ཧུར་ཐག་གཏོད་དགོས། ལག་རྩལ་འཕོ་འགྱུར་དང་ཐོན་ལས་ལེགས་སྒྱུར་རིམ་སྤོར་གྱི་ཁ་ཕྱོགས་ལ་དམིགས་ནས་ཐོན་སྐྱེད་དང་སློབ་གྲྭ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་གཞོན་ནུ་དེ་བས་མང་བས་ལས་རིགས་རྩལ་ནུས་སློབ་གསོ་དང་ལེན་བྱ་རྒྱུའི་ཡིད་དབང་བཀུག་སྟེ་སློབ་གསོའི་འཁོར་སྦྲེལ་དང་། ཤེས་ལྡན་མི་སྣའི་འཁོར་སྦྲེལ། ཐོན་ལས་ཀྱི་འཁོར་སྦྲེལ། གསར་གཏོད་ཀྱི་འཁོར་སྦྲེལ་བཅས་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ལས་རིགས་སློབ་གྲྭའི་དགེ་རྒན་དཔུང་ཁག་དང་སློབ་གཉེར་ཆ་རྐྱེན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།  སློབ་གཞི་དང་སློབ་ཁྲིད་བྱེད་སྟངས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་ཕྲུག་ལམ་ལུགས་འཚོལ་ཞིབ་བྱེད་པ། སློབ་མར་བཟོ་བོའི་སྙིང་སྟོབས་དང་ཡག་ཐོག་ཡག་བརྩེགས་ཀྱི་གོམས་གཤིས་འཇགས་རྒྱུར་སྣང་ཆེན་བྱེད་པ། བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་དུང་ཕྱུར་མང་པོ་གསོ་སྐྱོང་ཧུར་ཐག་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་ཆེད་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
        རྒྱལ་ཡོངས་ལས་རིགས་སློབ་གསོའི་ཚོགས་ཆེན་ཟླ་4ཚེས་12ཉིན་དང་ཚེས་13ཉིན་བར་པེ་ཅིང་དུ་འཚོགས་པ་དང་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ལས་རིགས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིགས་དབྱེའི་ངེས་གནས་ལེགས་སུ་བཏང་ནས་དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་བསྐྲུན་དགོས། གཞི་གཅིག་ཅན་གྱི་འབྲིང་རིམ་ལས་རིགས་དང་། མཐོ་རིམ་ལས་རིགས། དངོས་གཞིའི་ཚན་ཁག་བཅས་ཀྱི་ལས་རིགས་སློབ་གསོའི་གསོ་སྐྱོང་མ་ལག་ཇུས་འགོད་བྱེད་པ་དང་། “དགེ་རྒན་དང་། བསླབ་གཞི། སློབ་ཁྲིད་བྱེད་སྟངས”བཅས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། “ལས་གནས་དང་། སློབ་ཚན། རྩལ་ནུས་འགྲན་བསྡུར། ཐོབ་ཐང་ལག་ཁྱེར”གྱི་ཕྱོགས་བསྡུས་མི་སྣ་གསོ་སྐྱོང་བཅས་བྱས་ནས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས། སྣ་མང་སློབ་གཉེར་གྱི་རྣམ་པ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་ཀྱི་སྲིད་ཇུས་ཞིབ་ཕྲ་བཟོས་ཏེ། ལས་རིགས་སློབ་གསོའི་ཁྱད་ཆོས་དང་འཚམ་པའི་གདེང་འཇོག་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་རྩལ་ནུས་ཤེས་ལྡན་པའི་ཐོབ་ཐང་མཐོ་རུ་གཏོང་བ། ལས་རིགས་འཕེལ་རྒྱས་ཀྱི་བགྲོད་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ནས། ལས་རིགས་སློབ་གསོའི་ཁས་ལེན་བྱེད་ཚད་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
        རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཤའོ་ཅེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། མི་སྤྱི་པུའུ། ཧྲན་ཏུང་དང་། ཅང་སུའུ། ཅང་ཤིས། ཀན་སུའུ། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་། ཀྲུང་གོ་འཁོར་རིགས་ཚོགས་པ། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།
        ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སློབ་གསོའི་ལས་དོན་གྱི་འགན་འཁུར་བློ་མཐུན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། དེ་བཞིན་ལས་རིགས་མཐུན་ཚོགས་དང་། ཁེ་ལས། མཐོ་སློབ། ལས་རིགས་སློབ་གླིང་བཅས་ཁག་གཅིག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།