ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་པེ་ཅིང་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རྒན་གྲས་ཚོར་འཕྲིན་ལན་སྤྲིངས་གནང་བ།

སྤེལ་དུས 2022-04-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         པེ་ཅིང་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རྒན་གྲས་རྣམ་པ།
         ཁམས་བཟང་། ཁྱེད་ཚོས་བསྐུར་བའི་འཕྲིན་ཡིག་འབྱོར་བྱུང་། པེ་ཅིང་ཚན་རྩལ་སློབ་ཆེན་བཙུགས་ཚུན་དུ་རང་རྒྱལ་གྱི་ངར་ལྕགས་བཟོ་ལས་འཕེལ་རྒྱས་གཏོང་བའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། སློབ་གྲྭ་བཙུགས་ནས་ལོ་ངོ་70འཁོར་བའི་སྐབས་འདིར། ཁྱེད་ཚོ་དང་དེ་བཞིན་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་ཚང་མ་དང་། རྒྱ་ཆེའི་སློབ་གྲྭའི་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་ཆབས་ཅིག་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།
         མི་རིགས་བསྐྱར་དར་ཡོང་བར་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་མང་པོ་ངེས་པར་དུ་གསོ་སྐྱོང་བྱེད་དགོས། ཁྱེད་ཚོས་རིག་གནས་བརྩོན་ཞིབ་དོ་དོ་ནན་ནན་དང་སློབ་མ་ཡར་རྒྱས་འགྲོ་བར་འདེགས་སྐྱོར་བྱེད་པའི་སྙིང་སྟོབས་མུ་མཐུད་ནས་དར་སྤེལ་དང་། ཁྱད་ཆོས་མཐའ་འཁྱོངས། རྩེར་སོན་གཏོད་པ་བཅས་བྱས་ཐོག་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ཕུགས་བསམ་ཡོད་པ། འཇོན་ཐང་ལྡན་པ། རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་འདོད་པའི་ངར་ལྕགས་ལྟ་བུའི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱས་ནས། ངར་ལྕགས་ཐོན་ལས་གསར་གཏོད་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་དང་བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བས་འབུལ་དགོས།
ཞི་ཅིན་ཕིང་གིས།
2022ལོའི་ཟླ་4ཚེས་21ཉིན།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་4ཚེས་21ཉིན་པེ་ཅིང་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རྒན་གྲས་ཚོར་འཕྲིན་ལན་སྤྲིངས་ནས། བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱས་ནས་ངར་ལྕགས་ཐོན་ལས་གསར་གཏོད་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐུགས་རེ་ཟབ་མོ་བཏོན་གནང་བ་རེད།
         ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ། པེ་ཅིང་ཚན་རྩལ་སློབ་ཆེན་བཙུགས་ཚུན་དུ་རང་རྒྱལ་གྱི་ངར་ལྕགས་བཟོ་ལས་འཕེལ་རྒྱས་གཏོང་བའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།སློབ་གྲྭ་བཙུགས་ནས་ལོ་70འཁོར་བའི་སྐབས་འདིར། ཁྱེད་ཚོ་དང་དེ་བཞིན་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་ཚང་མ་དང་། རྒྱ་ཆེའི་སློབ་གྲྭའི་གྲོགས་མཆེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་ཆབས་ཅིག་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
         ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། མི་རིགས་བསྐྱར་དར་ཡོང་བར་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་པ་མང་པོ་ངེས་པར་དུ་གསོ་སྐྱོང་བྱེད་དགོས། ཁྱེད་ཚོས་རིག་གནས་བརྩོན་ཞིབ་དོ་དོ་ནན་ནན་དང་སློབ་མ་ཡར་རྒྱས་འགྲོ་བར་འདེགས་སྐྱོར་བྱེད་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་དང་། ཁྱད་ཆོས་མཐའ་འཁྱོངས། རྩེར་སོན་གཏོད་པ་བཅས་བྱས་ཐོག་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ཕུགས་བསམ་ཡོད་པ། འཇོན་ཐང་ལྡན་པ། རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་འདོད་པའི་ངར་ལྕགས་ལྟ་བུའི་བྱང་ཚད་མཐོ་བའི་ཤེས་ལྡན་པ་དེ་བས་མང་པོ་གསོ་སྐྱོང་བྱས་ནས། ངར་ལྕགས་ཐོན་ལས་གསར་གཏོད་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་དང་བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས།
         1952ལོར་བཙུགས་པའི་པེ་ཅིང་ཚན་རྩལ་སློབ་ཆེན(དེ་སྔའི་པེ་ཅིང་ངར་ལྕགས་སློབ་གླིང)ནི་ཀྲུང་གོ་གསར་པས་བཙུགས་པའི་ངར་ལྕགས་བཟོ་ལས་ཀྱི་མཐོ་སློབ་དང་པོ་དེ་རེད། ཉེ་ཆར། པེ་ཅིང་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་རྒན་གྲས་15ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། སློབ་གྲྭ་བཙུགས་ནས་ལོ་70སོང་རིང་གི་འཕེལ་རྒྱས་གནས་ཚུལ་སྙན་སེང་ཞུས་པ་དང་ཆབས་ཅིག རང་རྒྱལ་གྱི་ངར་ལྕགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བྱང་ཚད་མཐོ་བའི་ཤེས་ལྡན་པ་དེ་བས་མང་པོ་གསོ་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་ཡང་མཚོན་པར་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།