དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

བོད་ལྗོངས་སུ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་རུལ་སུངས་གནད་དོན་ཐོན་པ།

སྤེལ་དུས 2019-12-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
             “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་སྒྲིག་ཨུས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཞིབ་བཤེར་ཐག་གཅོད་བྱས་པའི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་དཔེ་མཚོན་གྱོད་དཔེ་གསུམ་བརྡ་ཁྱབ་བཏང་ཡོད།
             ནག་ཆུ་གྲོང་ཁྱེར་སོག་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་གཞོན་པ། ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་གི་དེ་སྔའི་ཀྲུའུ་རེན་ཉི་མ་ཆོས་འཛོམས་ཀྱིས“འབྲེལ་དུད་གཉིས”ཀྱི་ཁྱིམ་བདག་གི་ཁ་གསབ་རོགས་དངུལ་བཙན་འཛིན་བྱས་པ་སོགས་ཀྱི་གནད་དོན། 
             2013ལོའི་ཟླ་4པ་ནས་2018ལོའི་ཟླ་10པའི་བར། ཉི་མ་ཆོས་འཛོམས་ཀྱིས་སོག་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་རིང་། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་སོག་རྫོང་གི་2014ལོའི་ལོ་འཁོར་གྱི“འབྲེལ་དུད་གཉིས”ཀྱི་ཁྱིམ་བདག་གི་ཁ་གསབ་མ་དངུལ་སྒོར་ཁྲི་39.4དང་། 2015ལོའི་ལོ་འཁོར་གྱི་ཤང་དང་གྲོང་ཚོའི་རིམ་པ་གཉིས་པའི་སྔོན་ཐོན་“འབྲེལ་དུད་གཉིས”ཀྱི་གཟེངས་བསྟོད་བྱ་དགའི་དངུལ་སྒོར་ཁྲི་34.11  གོང་རིམ་གྱི་འཚམས་འདྲིའི་མ་དངུལ་སྒོར་ཁྲི་5.1སོགས་ཁྱོན་སྒོར་ཁྲི་78.61བཙན་བཟུང་བྱས་ནས་མི་སྒེར་གྱིས་སྤྱད་པ་དང་། 2014ལོ་ནས་2017ལོའི་བར་ཉི་མ་ཆོས་འཛོམས་ཀྱིས་ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ནས“འབྲེལ་དུད་གཉིས”ཀྱི་ཁྱིམ་བདག་གི་ཁ་གསབ་རོགས་དངུལ་དང་། གྲོང་གསེབ་ཀྱི་རིམ་པ་གཉིས་པའི་སྔོན་ཐོན་“འབྲེལ་དུད་གཉིས”ཀྱི་གཟེངས་བསྟོད་བྱ་དགའི་མ་དངུལ་སོགས་ལག་བསྟར་བྱེད་པར་ཁ་གཡར་ནས། སྒོར་ཁྲི་76.8བླངས་ཏེ་ལས་ཁུངས་ཀྱི་གཞུང་ལས་འགྲོ་གྲོན་དང་ཕན་བདེའི་ཐད་བགོ་སྤྲོད་སོགས་བྱས་ཡོད། 2019ལོའི་ཟླ་7པར། ཉི་མ་ཆོས་འཛོམས་གཞུང་གི་ལས་གནས་ནས་ཕྱིར་ཕུད་པ་དང་།  ཀྲུང་གུང་སོག་རྫོང་གི་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་གྱི་ལས་འགན་མཚམས་བཞག་པ། སྒྲིག་འགལ་མ་དངུལ་རྩིས་ལེན་བྱས་པ་མ་ཟད། ཉེས་གསོག་གི་དོགས་པ་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་ཡོད། 
             གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཁ་སྟོད་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ཁོའོ་ཡོན་ཀྲང་ཝུའེ་ཡིས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་འགྲོ་གྲོན་གཞན་སྤྱོད་བྱས་པའི་གནད་དོན།
             2018ལོའི་ཟླ་12པ་ནས་2019ལོའི་ཟླ་4པའི་བར། ཀྲང་ཝུའེ་རེན་གྱིས་རྒྱལ་རྩེ་རྫོང་ཁ་སྟོད་ཡུལ་ཚོའི་གཡུ་འབྲོག་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་ལས་འགན་འཁུར་རིང་། སྔ་རྗེས་སུ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་གྲོན་དངུལ་སྒོར་ཁྲི་14.2537སྒེར་སྤྱོད་བྱས། 2017ལོའི་ཟླ་12པར། ཀྲང་ཝུའེ་ཡིས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་གཞན་དག་གི་རྐྱེན་པས་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་བསྒྲགས་པ(ཤུགས་རྐྱེན་ཐེབས་ཡུན་ལོ་གཉིས་ཡིན)དང་། སྲིད་འཛིན་གནས་དབྱུང་གི་ཆད་པ་རག་མྱོང་ཡོད། 2019ལོའི་ཟླ་10པར། ཀྲང་ཝུའེ་ལ་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་པའི་ཆད་པ་བཅད་ཅིང་། ཉེས་གསོག་གི་དོགས་པ་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་ཡོད།
             ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་འཕན་གྲོང་རྡལ་ཞོལ་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་ཚེ་རིང་གིས་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་ཧམ་བཟུང་བྱས་པའི་གནད་དོན། 
             2015ལོ་ནས་2016ལོ་བར། སྐལ་བཟང་ཚེ་རིང་གིས་སྨན་གླིང་རྫོང་འཕན་གྲོང་རྡལ་ཞོལ་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་རིང་། གྲོང་ཚོ་དེའི་ཟི་ར་སེར་པོ་འདེབས་འཛུགས་རྣམ་གྲངས་འགན་གཙང་ལེན་རིང་སྒྲིག་འགལ་ངང་མ་གཞི་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོར་སྤྲོད་དགོས་པའི་རྣམ་གྲངས་ཀྱི་མ་དངུལ་ལྷག་མ་སྒོར་ཁྲི་3.97དེ་མི་སྒེར་གྱི་འགྲོ་གྲོན་ཐད་སྤྱད་པས་རྣམ་གྲངས་ཀྱི་ཡུན་རིང་ཕན་འབྲས་ཐོན་མེད་པ་རེད། 2019ལོའི་ཟླ་བརྒྱད་པར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་སྒྲིག་འགལ་མ་དངུལ་རྩིས་ལེན་བྱས།