“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2020-01-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཚེས་2ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་འཚོགས་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱིའི(ཡོན་ཀྲང)ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྦྲགས། 《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ལས་དོན་སྙན་སྒྲོན》ལ་ཞིབ་འཇུག་དང་། 2019ལོའི་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤེལ་ཚུལ་སྐོར་གྱི་ལྗོངས་སྒྲིག་ཨུད་ཀྱི་སྙན་ཞུ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་ལྗོངས་སྒྲིག་ཨུད་ཀྱི་སྙན་ཞུ་གསན་པ། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》སོགས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཡིག་ཆར་ཞིབ་འཇུག་བཅས་བྱས་པ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་བསྟན་དོན། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།
          “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག རང་འགུལ་ངང་ཚད་གཞི་དང་ཡང་ཡང་བསྡུར་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གཏན་གྱི་བརྗོད་གཞི་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་བརྗོད་གཞིར་བཟུང་སྟེ། དུས་ཚོད་ལ་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས་ཀྱིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཚན་ཁག་འཛུགས་སྐྱོང་ཧུར་ཐག་བྱས་ནས། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་མིག་དཔེ་སྟོན་དགོས།
          ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱིའི(ཡོན་ཀྲང)ཚོགས་འདུའི་བཀོད་སྒྲིག་ལྟར། དུས་བབ་གསར་པའི་འོག་ཏང་གི་སློབ་གྲྭའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་སློབ་གྲྭའི་ལས་དོན་གྱི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས། ཏང་གི་སློབ་གྲྭའི་དགེ་རྒན་གསོ་སྦྱོང་ལ་ཤུགས་སྣོན་བཅས་བྱས་ཏེ། དགེ་རྒན་གྱི་བསམ་བློའི་ཆུ་ཚད་དང་སློབ་ཁྲིད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། “ཏང་གི་སློབ་གྲྭ་ནི་ཏང་གི་ཡིན་པ”ནི་སློབ་འཛུགས་སློབ་གཉེར་གྱི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས། ལས་བྱེད་པ་གསོ་སྦྱོང་དང་། བསམ་བློར་སྣེ་ཁྲིད། རིགས་པའི་གཞུང་ལུགས་འཛུགས་སྐྱོང་། ཐབས་ཇུས་བློ་འདྲི་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
          ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་2019ལོར་ཐོབ་པའི་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ཐད་ཀྱི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོར་ཕྱོགས་སྡོམ། གཞི་གཅིག་ཅན་བཏོད་དེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་ཞིབ་འཇུག་བྱས་ནས་འདོན་པ་བཅས་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་སྐོར་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པས་དམངས་འཚོའི་ཁྱབ་ཁོངས་སུ་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་ཉོག་བཟོ་བ་དང་ནར་འགྱངས་བྱེད་པ་སོགས་ཀྱི་གནད་དོན་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། བརྡ་འཕྲིན་བཏང་སྟེ་ཟིལ་ཤུགས་ཆགས་པར་བྱེད་དགོས་པ། གཞི་རིམ་གྱི“རུལ་སུངས་ཙག་ཙིག”དང་། ནག་གཤེད་དང་འབྲེལ་བའི་རུལ་སུངས། “རྒྱབ་རྩ”བཅས་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་བྱེད་རིང་རྒྱུ་ནོར་གྱི་འབྲེལ་ཐག་གཅོད་པ་དང་རྒྱབ་རྩ་གཏོར་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ། ལས་བྱེད་པར་འགན་འཁྲི་ཁུར་ནས་ལས་དོན་སྒྲུབ་པར་ལྕག་སྐུལ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོང་བསྲང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། ལས་བྱེད་པས་ལས་སྒྲུབ་ལས་གཏོད་ཀྱི་བརྩོན་སེམས་ལ་སྐུལ་སློང་དང་སྲུང་སྐྱོང་ཡག་པོ་བྱེད་དགོས་པ། “འགན་འཁྲི་གཉིས”དོན་འཁྱོལ་འབུར་དུ་ཐོན་པར་བྱས་ནས། རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་འཁུར་བ་དང་སྒྲིག་ཨུད་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་འཁུར་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
          ཚོགས་འདུའི་ཐོག་འདས་པའི་ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། “ཁང་གཉིས”བཅས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི་འབྲེལ་ཡོད་ཡིག་ཆ་དང་དོན་ཚན་ཁག་ལ་ཞིབ་འཇུག་བྱས་ནས་རྩ་དོན་ཐོག་མོས་མཐུན་བྱས་པ་རེད།
          ཚོགས་འདུའི་ཐོག་ཟླ་1ཚེས་19ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུར་མོས་མཐུན་བྱས་པ་རེད།
          ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཡང་ཞིབ་འཇུག་བྱས་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།