གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

ཀུ་ཤུ་ཁ་པར་སྤྱོད་མཁན་ཚོས་མི་མངོན་པའི་ནུས་པ་འདི་དག་ཤེས་སམ།

སྤེལ་དུས 2018-01-22 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། ཆོས་སྒྲོན་གྱིས་བསྒྲིགས།

          མིག་སྔར་ཀུ་ཤུ་ཁ་པར་གྱི་འཆར་ཤེལ་གྱི་གནད་དོན་དང་ཨ་རིའི་སྲིད་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ཏེ་ཧྭ་ཝེ་ཁ་པར་ཨ་རི་ནས་གཉེར་སྐྱོང་ཚོང་བ་བརྒྱུད་ནས་ཕྱིར་འཚོང་བྱེད་མི་ཆོག་པ་བཟོས་པ་བཅས་ཀྱིས། དྲ་རྒྱའི་སྟེང་ཀུ་ཤུ་ཁ་པར་གྱི་ཉོ་ཚོང་བཀག་འགོག་བྱེད་དགོས་པའི་སྐོར་གྱི་གཏམ་གླེང་མཚམས་མི་ཆད་པར་བྱུང་གི་ཡོད། ཡིན་ནའང་ང་ཚོས་iPhoneནི་སྔར་བཞིན་ད་ལྟའི་ཁ་པར་ལས་རིགས་ཁྲོད་ཀྱི་ནུས་པ་ཆེས་ལེགས་པའི་རིག་ལྡན་ཁ་པར་དེ་ཡིན་པ་ཁས་ལེན་མི་བྱེད་ཐབས་མེད་ཡིན་པ་དང་། ད་དུང་མིག་སྔར་iPhoneཡི་བེད་སྤྱོད་མཁན་འཛམ་གླིང་ཁྱོན་དུ་སྔར་བཞིན་ཨང་གཉིས་པ་ཡིན། དེ་ན་iPhoneཁ་པར་ཁྲོད་ཀྱི་ནུས་པ་ཆུང་ཆུང་དེ་རིགས་མི་ག་ཚོད་ཀྱིས་ཤེས་སམ། དེ་རིང་ང་ཚོས་མཉམ་དུ་གཅིག་བལྟ།

གཅིག མཐེབ་ནོན་གཅིག་གིས་བརྡ་ཡིག་ཚང་མ་ལྷན་དུ་བསུབ་པ།
          མ་ལག་རྙིང་པ་iOSཡིན་པའི་iPhoneཁ་པར་ཐོག་ཏུ་གསར་འགྱུར་དང་ཆ་འཕྲིན་གཞན་རིགས་ང་ཚོས་རེ་རེ་བཞིན་ཁ་ཕྱེ་བའམ་ཡང་ན་རེ་རེ་བཞིན་བསུབ་དགོས་པས། དེ་དག་ཀྱང་དཀའ་ངལ་གཅིག་ཏུ་འདོད་པའི་ཁྱེད་རང་ལ་མཚོན་ན་མནར་གཅོད་ཅིག་ཅི་ལ་མིན། དེར་བརྟེན་དུས་ཚོད་མང་པོའི་ནང་དེ་ལྟར་བསྐྱུར་ནས་བདག་དམ་བྱེད་ཀྱི་མེད། ཡིན་ནའང་iOS 11མ་ལག་སྟེང་དུ་དུས་ཚོད་གང་རུང་ནང་གི་ཆ་འཕྲིན་ནི་ཁྱེད་ཀྱིས་བསུབ་པའི་མཐེབ་ནོན་ཅུང་རིང་པོར་མནན་ན་ཚང་མ་ལྷན་གཅིག་ཏུ་བསུབ་ཐུབ།


གཉིས། Appནང་གི་སྐར་གྲངས་དང་དཔྱད་གཏམ་གྱི་སྒོ་རྒྱག་པ།
          རྒྱུན་ལྡན་གྱི་གནས་ཚུལ་འོག མཉེན་ཆས་མ་ལག་གསར་པ་གཅིག་ཕབ་ལེན་བྱེད་པར། ཀུ་ཤུའི་མ་ལག་ཚང་མ་རུ་རང་འགུལ་གྱིས་མཉེན་ཆས་འདི་དང་འབྲེལ་བའི་སྐར་གྲངས་དང་དཔྱད་གཏམ་མང་པོ་ཞིག་ཐོན་ཡོང་པ་དང་། ཧ་ཅང་སུན་པོ་ཞིག་ཡིན། དེ་ན་དེའི་སྒོ་རྒྱག་ཐབས་ཤིག་ཡོད་དམ་ཞེ་ན། དེ་ནི་ཧ་ཅང་ལས་སླ་མོ་ཞིག་སྟེ། སྒྲིག་བཀོད་ཞེས་པའི་ཁ་ཕྱེ་པ(打开设置)—iTunes storeདང་App store—(App内评分及评论)བཅས་རེ་རེ་བཞིན་མནན་སྒོ་རྒྱག་ཐུབ།

གསུམ། safariདེ་PCཅན་དུ་བསྒྱུར་བ།
          ནུས་པ་འདི་ནི་སྤྱིར་བཏང་དུ་བེད་སྤྱོད་བྱེད་མཁན་ཤིན་ཏུ་ཉུང་། ཡིན་ནའང་ཆེད་ལས་ཅན་གྱི་ཚན་རྩལ་མི་སྣས་རྒྱུན་དུ་སྤྱོད་ཀྱི་ཡོད། ཀུན་གྱིས་ཤེས་པར་གྱིས་དང་རྗེས་ཕྱོགས་དགོས་དུས་ཡོད་སྲིད། safariཡི་ཁ་ཕྱེ་བའི་སྐབས་ནི་སྤོ་འགུལ་ཅན་ཡིན། ཡིན་ནའང་ཁྱེད་རང་གློག་ཀླད་PCསྟེང་ནས་ལྟ་འདོད་ན། དེའང་ཤིན་ཏུ་སླ་མོ་ཞིག་ཡིན་ཏེ། བཤེར་ལམ་གོང་ཟུར་གྱི་གསར་བསྒྱུར་རྟགས་དེ་རིང་པོར་མནན་ན་“请求桌面站点”ཞེས་པའི་ཡི་གེ་འཆར་སྲིད་པ་དང་། སྐབས་དེར་དེ་མནན་པས་ཆོག


བཞི། ཁ་པར་འབྱོར་བརྡ་སྐད་ཆ་ཅན།
          ཨན་ཊོ་ཁ་པར་དང་ལྷག་པར་དུ་རྒན་རྒོན་ཚོའི་ཁ་པར་ཐོག་ཏུ་སྐད་ཆའི་ཐོག་ནས་ཁ་པར་འབྱོར་བརྡ་རྒྱག་པའི་ནུས་པ་ཞིག་ཡོད་པས། ཀུ་ཤུ་ཁ་པར་སྤྱོད་མཁན་མང་པོ་ཞིག་ཡིད་སྨོན་འཆོར་གྱི་ཡོད་སྲིད། མ་གཞི་ཀུ་ཤུ་ཁ་པར་སྟེང་དུའང་ནུས་པ་དེ་ཡོད་པས། ཁྱེད་ཀྱིས་སྒྲིག་བཀོད་ཀྱི་ཁ་ཕྱེ(打开设置)—ཁ་པར(电话)—ཁ་པར་འབྱོར་བརྡ(来电语音提示)—ཐོག་མཐའ་ཀུན(始终)དེ་ལྟར་གོ་རིམ་ལྟར་མནན་ན་འགྲིག

ལྔ། སྒྲ་གདངས་ཆེ་རུ་བཏང་བ།
          ཨན་ཊོ་ཁ་པར་དང་བསྡུར་ན་ཀུ་ཤུ་ཁ་པར་གྱི་སྒྲ་གདངས་ཅུང་ཆུང་པས། མི་མང་པོ་ཡིད་ཚིམ་གྱི་མེད། ལྷག་པར་དུ་ཁྱེད་ཀྱིས་སྒྲ་སྐྱེད་ཆས་སྤྱད་ནས་གཞས་གཏོང་པའི་སྐབས་སུ། སྒྲ་གདངས་སྔར་བཞིན་ཆུང་པའི་ཚོར་བ་ཞིག་ཡོད། དེ་ན་ཁྱེད་ཀྱིས་སྒྲིག་བཀོད་(设置)—རོལ་དབྱངས་(音乐)—དོ་སྙོམས་ཆས་(均衡器)—ནམ་གུང་(深夜)བཅས་རེ་རེ་བཞིན་མནན་ན། སྒྲ་གདངས་ལྡབ་གཅིག་གིས་ཇེ་ཆེར་འགྱུར་ཐུབ།