དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

འཇང་ཤོག་བཟོའི་ལག་རྩལ།

སྤེལ་དུས 2021-01-28 ཡོང་ཁུངས། སེམས་ཀྱི་ཉ་ཟླའི་བོད་ཡིག་དྲ་བ། རྩོམ་པ་པོ།

          སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སན་པ་ཞེས་པའི་འཇང་རིགས་ཀྱི་སྡེ་བ་ཞིག་ཏུ་གནའ་བོའི་འཇང་རིགས་ཀྱི་ཤོག་བུ་བཟོ་བའི་ལག་རྩལ་ད་ལྟའི་བར་དུ་ཡང་མ་ཉམས་པར་རྒྱུན་འཛིན་དང་དར་སྤེལ།   ལག་ལེན་དུ་འདེབས་བཞིན་ཡོད།     པེ་ཏུས་ནི་སེམས་ཀྱི་ཉི་ཟླ་རྫོང་སན་པ་ཤང་སྲིད་གཞུང་ཡོད་སའི་གནས་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་འཇང་རིགས་ཞིབ་འཇུག་པ་ཚོས་སྨྲ་བའི་འཇང་རིགས་སྟོན་པའི་རིག་གནས་ཀྱི་ཕ་ས་དང་། རིག་གནས་རྒྱུད་སྤེལ་དང་བྱ་འགུལ་གྱི་ལྟེ་གནས་ཡིན།
          པེ་ཏུས་ས་ཁུལ་གྱིས་ཐོན་སྐྱེད་བྱེད་པའི་ཤོག་བུ་ནི་གཙོ་བོར་འཇང་རིགས་ཀྱི་སྟོན་པའི་ཡིག་གཟུགས་ཀྱིས་ཆོས་གཞུང་འབྲི་བར་སྤྱོད་ཅིང་དེ་ལ་“སྟོན་པའི་ཤོག་བུ”དང་འཇང་རིགས་སྐད་དུ་“སྟོན་པ་སི་སུང་”དང་ཡང་ན་“པ་སྟན་སི་སུང་”ཞེས་ཟེར་གྱི་ཡོད།  ཆེད་མཁས་ཀྱིས་རྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན།དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ། འཇང་རིགས་ཀྱི་འདྲ་གཟུགས་ཡི་གེ་བྱུང་བ་དང་བརྒྱུད། བློ་གྲོས་ཅན་གྱི་འཇང་རིགས་མི་སྣ་“སྟོན་པས”ཤོག་བཟོའི་བྱེད་ཐབས་གསར་རྙེད་བྱུང་ལ།རང་ཉིད་ཀྱིས་བཟོས་པའི་ཤོག་བུའི་སྟེང་ཆོས་གཞུང་དང་སྟོན་པའི་རི་མོ་བྲིས་པ་རེད།   རིག་གནས་གསར་བརྗེ་ཆེན་མོའི་སྔོན་དུ། གྲོང་སྡེ་ཡོངས་སུ་ཤོག་བུ་བཟོ་སྐྲུན་བྱེད་པའི་ཁྱིམ་ཚང་20ལྷག་ཡོད་ལ། ལས་བཟོ་བ་མི་30ལྷག་ཡོད་པ་རེད།

          སྟོན་པའི་ཤོག་བཟོའི་ལག་ཆ་གཙོ་བོ་ནི་ཤིང་ཤུན་སྦངས་བྱེད་ཀྱི་གཞོང་བ་དང་། ཤོག་གཤེར་འཚག་བྱེད་ཀྱི་སྨྱུག་བསླས་འཚག་ཆས།ཤོག་བུ་སྐམ་བྱེད་ཀྱི་ཤིང་ལེབ་སོགས་ཡོད་པ་རེད།

          སྟོན་པའི་ཤོག་བཟོའི་རྒྱུ་ཆ་རིགས་གཅིག་ནི་ས་འདིར་སྐྱེས་པའི་ཤིང་སྡོང་ཞིག་སྟེ། འཇང་རིགས་ཀྱི་སྐད་དུ་“ཨ་ཏན་ཏ”ཟེར།རིགས་གཞན་ཞིག་ནི་རྒྱ་སྐད་དུ་“ཀོའི་སྡོང”ཟེར་ལ། འཇང་རིགས་སྐད་དུ་“པུའུ་ནའེ་ཨེར”ཟེར།

          སྟོན་པའི་ཤོག་བུ་བཟོ་བའི་བྱེད་ཐབས་ནི་ལོ་རེའི་ཟླ་ལྔ་པ་ནས་དྲུག་པའི་བར།རི་འགོ་ནས་ཤོག་བཟོའི་ཤིང་ཤུན་འཚོལ་བསྡུ་བྱས་ཏེ། ཆུ་ནང་དུ་བཙོ་བ་དང་།  དེ་ནས་རལ་བར་གྱུར་བའི་ཤིང་ཤུན་དག་ཆུས་གཙང་མར་བཀྲུས་རྗེས། རྡོ་གཞོང་དུ་བརྡུངས་ནས་འདམ་བུའི་གཟུགས་སུ་གཏོང་དགོས། དེ་ནས་གཞོང་ནང་དུ་ཆུ་གཙང་མ་ཚད་དང་རན་པ་ཞིག་བླུགས་པ་དང་དབྱུག་པས་དཀྲུགས་པ། དེ་ནས་འབྲས་ཐུག་གི་རྣམ་པ་གྱུར་བའི་ཤིང་བཤེར་དག་སྨྱུག་མའི་འཚག་ཆས་སུ་བླུགས་ནས་འཚག་པ་དང་སྐམ་པར་བྱེད་པ། དེ་རྗེས་སྐམ་པའི་ཤིང་བཤེར་དག་རྡོག་པོ་བྱས་ནས་ངོས་འཇམ་གྱི་ཤིང་ལེབ་སྟེང་སྙོམས་པར་འདིང་བ་དང་དེའི་སྟེང་སེང་རས་ཀྱིས་བཀབ་པ། ཤིང་ལེབ་ཀྱིས་སེང་རས་སྟེང་ཆ་སྙོམས་ཀྱིས་ཡང་མོར་རྡེབ་རྗེས། ཉི་མའི་འོག་བཞག་ནས་སྐམ་པ་དང་བཀོག་ཡོང་བའི་དངོས་རྫས་དག་ཤོག་བུར་གྱུར་བ་རེད།

          སྟོན་པའི་ཤོག་བཟོའི་ལག་རྩལ་གྱི་རྒྱུད་སྤེལ་ནི་གཙོ་བོ་ངག་ཐོག་ནས་རྒྱུད་སྤེལ་དང་ལག་ལེན་དངོས་ནས་རྒྱུད་སྤེལ་བྱེད་པ་ཡིན། སུ་ལ་རྒྱུད་སྤེལ་བྱེད་པ་དམིགས་བསལ་གྱི་གཏན་འཁེལ་བྱས་མེད།  ཤོག་བཟོའི་ལག་རྩལ་བསླབ་མཁན་སྤྱིར་བཏང་དུ་སྐྱེས་པ་ཅུང་མང་ལ་བུད་མེད་ཉུང་བ་རེད། མིག་སྔར་ཅུང་ཆ་ཚང་བའི་སྒོ་ནས་སྟོན་པའི་ཤོག་བཟོའི་ལག་རྩལ་ཤེས་མཁན་ཧོ་ཀྲི་པུན་ཁོ་ན་མ་གཏོགས་མེད་པ་རེད།

          པེ་ཏུའི་ཤོག་བུ་ནི་དཀར་ཞིང་རྒྱུ་སྤུས་བཟང་བ། ངོས་སྙོམས་པ།འབུ་ཟོས་སྔོན་འགོག་དང་ཧྲུལ་ཆག་ཏུ་འགྱུར་མི་སླ་བ། ཡུན་རིང་ཉར་ཚགས་བྱེད་ཆོག་པ་སོགས་ཀྱི་ཁྱད་ཆོས་ལྡན། ལོ་རྒྱུས་ཐོག་པེ་ཏུས་ཤོག་བུ་ཐོག་བཀོད་པའི་ཆོས་གཞུང་དེ་སྟོན་པའི་མི་རྣམས་ཀྱིས་དངོས་པོ་རྩ་ཆེན་དུ་བརྩི་བ་དང་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆེ། སྟོན་པའི་ཤོག་བུ་ནི་སྟོན་པའི་འདྲ་གཟུགས་ཡི་གེ་དང་སྟོན་པའི་རི་མོའི་འདྲེན་བྱེད་ཀྱི་དངོས་པོ་ཡིན་པ་མ་ཟད། སྟོན་པའི་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཡང་ཡིན། སྟོན་པའི་ཤོག་བཟོའི་ལག་རྩལ་ལ་གདོད་མའི་རང་བཞིན་མངོན་སུམ་དུ་སྣང་ལ།རང་རྒྱལ་གྱི་ལག་བཟོའི་ཤོག་བུའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེ་བའི་དངོས་ཡོད་རྒྱུ་ཆ་ཞིག་ཀྱང་ཡིན།

རྩོམ་སྒྲིག་པ། སྣང་རྡོར།