ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

ཁྱོ་ག་གདགས་གཤིས་ཡིན་ནའང་། ཁྱིམ་མི་ལ་མ་འགོས་པ་འདི་ཇི་ལྟར་སྒྲུབ་པ་ཡིན་ནམ།

སྤེལ་དུས 2022-04-20 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ཁྱོ་ག་ལ་གློ་ལུ་བ་དང་ཚ་རྒྱས་པའི་ནད་རྟགས་བྱུང་རྗེས། གདོད་འགོག་བཤེར་འཇལ་རྒྱུན་ལྡན་མིན་པ་དང་ཉིང་སྐྱུར་བརྟག་འཇལ་བྱས་འབྲས་གདགས་གཤིས་ཡིན་ཞིང་། ལུས་པོ་མི་བདེ་བ་ནས་ལོགས་བཀར་བྱ་ཡུལ་དུ་གནས་སྤོར་བའི་ཉིན་དེ་ཚོའི་ནང་ལ། ཁྱིམ་ཚང་འདི་ཡིས་རང་ཉིད་སྲུང་སྐྱོབ་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤེལ་ཏེ་བདེ་བླག་ངང་ཁྱིམ་མི་ཚོའི་བདེ་ཐང་བསྲུངས་པ་རེད།
          གཅིག ཁྱིམ་སྡོད་ལོགས་བཀར་སྐབས་སུ་གློ་ལུ་བ་འདྲ་བྱུང་ན། ཁྱིམ་དུའང་ལོགས་བཀར་བྱས་པ།
          “མིད་པ་མི་བདེ་བ་འདི། ཕལ་ཆེར་ཉིན་འདི་གཉིས་ཀྱི་ཁ་པར་ཚོགས་འདུ་ལ་སྐད་ཆ་བཤད་རྒྱུ་མང་བའི་རྐྱེན་ཡིན་སྲིད”ཅེས་ཁྱོ་ག་ཡིས་ལུས་པོ་མི་བདེ་ཚུལ་བཤད་པ་ལས། ཆུང་མ་ལ་ཉེན་བརྡ་ཆེན་པོ་ཞིག་བཏང་བ་ནང་བཞིན། ཁྱོ་ག་ལ་ཁ་ཐུམN95བརྒྱག་ཏུ་བཅུག་སྟེ། ཁྱིམ་མི་གཞན་པ་ཚོ་དང་བར་ཐག་ཡོད་པར་བྱས་པ་དང་། དེ་ནས་པྲོག་གསར་ནད་དུག་གི་ནད་རྟགས་ཅི་འདྲ་ཡིན་པ་རྒྱུས་ལོན་བྱས་པ་སྟེ། མིད་པར་ལུད་པ་ཡོད་པའི་ཚོར་བ་འདུག་ཀྱང་། སྐད་ལུ་བྱས་ན་ཕྱིར་འཕེན་མི་ཐུབ་པ་དང་། གློ་ལུ་བ་སོགས་ནི་ཁྱོ་གའི་གནས་ཚུལ་དང་འདྲ་བ་རེད།

          ཆུང་མ་ཡིས་གནས་ཚུལ་འདི་ལ་མཐོང་ཆེན་བྱས་ཏེ། ཁྱིམ་མི་ཚོ་དང་གྲོས་བསྡུས་བྱས་པ་བརྒྱུད། ཁྱོ་ག་ཡིས་ཉིན་གང་པོ་ལ་ཁ་ཐུམ་བརྒྱག་དགོས་ཤིང་། སྡོད་ཁང་གཅིག་ཏུ་ཁེར་འདུག་བྱ་རྒྱུ་དང་། ཁྱིམ་མི་ཚང་མས་ཀྱང་ཟ་མ་ཟ་བ་དང་ཁ་ལག་འཁྲུད་པའི་སྐབས་མ་གཏོགས། ཐ་ན་གཉིད་པའི་དུས་ཀྱང་ཁ་ཐུམ་བརྒྱག་དགོས་པར་བྱས།
          དུས་མཚུངས་སུ། འབྲེལ་ཡོད་སྨན་རིགས་ཉོ་སྒྲུབ་བྱས་ཏེ། ཕྱོགས་གཅིག་ནས་ཁྱོ་གའི་ནད་བབ་དྲག་སྐྱེད་འབྱུང་བ་དང་། ཕྱོགས་གཞན་ཞིག་ནས་ཁྱིམ་མིའི་རིམས་འགོག་ནུས་པ་ཇེ་བཟང་དུ་གཏོང་བ་བཅས་ཀྱི་མགོ་བརྩམས།
          གཉིས། འགོག་སྲུང་ཤེས་བྱའི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས་དུག་འགོག་བྱེད་ཐབས་ལག་བསྟར་ནན་མོ་བྱས་པ།
          “བཤེར་འཇལ་མཇུག་འབྲས་ཧ་ཅང་མངོན་གསལ་ཡིན་སྟབས། ནད་དུག་འགོས་ཡོད་པ་ནི་འཁྲུལ་མེད་རེད།” རང་ཉིད་ཨ་མ་ཞིག་ཡིན་པའི་དབང་གིས། ངེས་པར་དུ་སེམས་པ་ལྷོད་ལ་འབབ་དགོས་པ་དང་། དེ་ནས་དོན་དག་མང་པོ་ལ་བསམ་གཞིགས་བྱས་ཏེ་ཁྱིམ་མི་ཚང་མར་སྲུང་སྐྱོབ་བཟང་པོ་བྱ་དགོས།
          སྐབས་འདི་ལ། ཁྱོ་གར་ཚ་རྒྱས་པའི་ནད་རྟགས་བྱུང་བ་དང་། སྨན་ཡང་འཐུང་ཐུབ་སོང་། ཁྱིམ་གྱི་འགོག་སྲུང་བྱེད་ཐབས་ཀྱང་འཕྲལ་མར་ཇེ་དམ་དུ་བཏང་བ་སྟེ།
          ཀ  ཁྱོ་གའི་ཉིན་གཅིག་གི་ཟས་ཐུན་གསུམ་པོ་ནི་སྒྱུག་པོ་ཡིས་སྐྱེལ་བ་དང་། ཟ་མ་བསྐྱལ་རྗེས་ཁ་ཐུམ་ངེས་པར་དུ་བརྗེ་བ། 
          ཁ  ཁྱོ་ག་གསང་སྤྱོད་ཁང་དུ་ཕྱིན་རྗེས་རང་ཉིད་ཀྱིས་དུག་སེལ་བྱེད་ཅིང་། དེ་ནས་འཕྲལ་མར་ཕྱིར་རང་གི་སྡོད་ཁང་དུ་ལོག་པ་དང་། ནང་མི་གཞན་པ་ཚོ་ཆུ་ཚོད་ཕྱེད་ཀ་ཙམ་འགོར་རྗེས། ད་གཟོད་གསང་སྤྱོད་ཁང་དུ་འགྲོ་བ།
          ག  ཁྱིམ་ཚང་ནང་དུ་ཉིན་རེ་ལ་དུག་སེལ་ཐེངས་རེ་བྱེད་ཅིང་། འགོག་སྲུང་བྱེད་ཐབས་ཚང་མ་ནན་ཏན་ངང་ལག་ལེན་དུ་བསྟར་བ་ཡིན།
          གཞན་ད་དུང་སྡོད་དམངས་ཨུ་ལྷན་གྱི་བསམ་འཆར་ནང་བཞིན། ཁྱིམ་ཚང་གི་གད་སྙིགས་ཚང་མ་སྨན་སྤྱོད་གད་སྙིགས་ལྟར་ཐག་གཅོད་བྱས།

          གསུམ། སེམས་པ་ལྷོད་ལ་བབས་ཏེ་འབད་པ་བྱས་ན་ད་གཟོད་ངོ་མཚར་མཇུག་འབྲས་འབྱུང་བ།
          “ཉིན་རེ་གཉིས་ཤིག་ལ་འགོག་སྲུང་བྱེད་ཐབས་ཚང་མ་ཚ་ནན་གྱིས་ལག་ལེན་བསྟར་བ་རྒྱུན་འཁྱོངས་བྱེད་སླ་ཡང་། དུས་ཡུན་རིང་ན། ཁྱིམ་མི་ཚོས་རང་འགུལ་བྱེད་པ་ནི་ལྷག་ཏུ་གཙོ། བཀོད་པ་གཏན་འཁེལ་བྱས་རྗེས། ངེས་པར་དུ་ལག་ལེན་བྱ་དགོས།”
          རྒྱུན་ལྡན་མ་ཡིན་པ་དང་ཉིང་སྐྱུར་བརྟག་འཇལ་བྱས་འབྲས་གདགས་གཤིས་ཡིན་པ་ནས་ལོགས་བཀར་བྱ་ཡུལ་དུ་གནས་སྤོར་བྱེད་རིང་གི་ཉིན་དེ་ཚོའི་ནང་ལ། ཚང་མའི་སེམས་པ་བྲེལ་འཚུབ་ངང་ཡོད་ནའང་། དངངས་སྐྲག་མ་སྐྱེས་པར། ཡང་དག་པའི་བྱེད་ཐབས་བེད་སྤྱོད་བརྩི་སྲུང་དང་སེམས་ཁམས་བཟང་པོ་ལྡན་པའི་ངང་འཚོ་བ་རོལ་ཐུབ་སོང་།
          ད་སྐབས་ཕྱིར་འདང་ཞིག་བརྒྱབ་ན། དངངས་སྐྲག་སྐྱེས་པ་ཡིས་དོན་དག་ཅི་ཞིག་ཀྱང་སྒྲུབ་མི་ཐུབ། སེམས་པ་ལྷོད་ལ་བབས་ན། ད་གཟོད་ཁྱིམ་མི་ཚང་མ་ལ་ཕན་པའི་བསམ་གཞིགས་བྱེད་ཐུབ་འདུག
          རང་ཉིད་བདག་སྲུང་གི་བྱེད་ཐབས་འདི་དག་ད་སྐབས་ཀྱང་བྱེད་བཞིན་ཡོད་ཅིང་། དངོས་སུ་ལག་ལེན་དུ་བསྟར་ན། ད་གཟོད་མངོན་ལྐོག་གཉིས་སུ་ཡོད་པའི་ཉེན་ཁ་ཚང་མ་མེད་པར་གཏོང་ཐུབ་པ་ཡིན། 
རྩོམ་སྒྲིག་པ། བསྟན་ཆོས།