དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གསར་ཤོས།

གསོ་བ་རིག་པའི་དེད་དཔོན་ཆེན་མོ་ཁ་ལོ།

སྤེལ་དུས 2021-02-26 ཡོང་ཁུངས། འཕྲིན་སྟེགས། རྩོམ་པ་པོ།
       བོད་ཀྱི་གསོ་བ་རིག་པའི་མཁས་དབང་ཆེན་མོ་ཁ་ལོ་མཆོག་ནི་སྤྱི་ལོ1943ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གི་བོད་ཀྱི་སྨན་པའི་ཁྱིམ་རྒྱུད་ཆེན་མོ་ཞིག་ཏུ་སྐུ་འཁྲུངས་བ་དང་། དགུང་ལོ་བདུན་ནས་བཟུང་། བོད་ཀྱི་གསོ་བ་རིག་པའི་མཁས་དབང་ལྕགས་ཁུང་གཏེར་སྟོན་ཀརྨ་ཚེ་རིང(ཨ་མྱེས)གི་དྲུང་དུ་བོད་ཡིག་གཙོར་བྱས་ཏེ། བོད་ལུགས་གསོ་རིག་གི་གཞུང་ལུགས་ལ་སློབ་སྦྱོང་བྱས། དགུང་ལོ་བཅོ་བརྒྱད་པར་སྨན་པའི་ཕྱག་ལས་དངོས་སུ་གནང་འགོ་བརྩམས། ཁོང་གིས་རང་གི་མི་ཚེ་ཧྲིལ་བོ་ནི་སེམས་ཅན་སྤྱི་དང་ཁྱད་པར་དུ་བོད་རིག་གནས་ཀྱི་ཆེད་དུ་འབུལ་རྒྱུ་ནི། རང་ཉིད་ཀྱི་ཚེ་སྲོག་ལ་བསྐྱོན་པའི་འགན་འཁྲི་ལྕི་མོ་དེ་ཡིན་པར་དགོངས་ཡོད།
       གཞི་རྩའི་གནས་ཚུལ།
       རྒྱ་ཡིག་གི་མིང་།卡洛
       འཁྲུངས་ལོ།སྤྱི་ལོ1943ལོ།
       འཁྲུངས་ཡུལ།མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་།
       1  ངོ་སྤྲོད་མདོར་བསྡུས།
       བོད་ཀྱི་གསོ་བ་རིག་པའི་མཁས་དབང་ཆེན་མོ་ཁ་ལོ་མཆོག་ནི་སྤྱི་ལོ1943ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གི་བོད་ཀྱི་སྨན་པའི་ཁྱིམ་རྒྱུད་ཆེན་མོ་ཞིག་ཏུ་སྐུ་འཁྲུངས་བ་དང་། དགུང་ལོ་བདུན་ནས་བཟུང་། བོད་ཀྱི་གསོ་བ་རིག་པའི་མཁས་དབང་ལྕགས་ཁུང་གཏེར་སྟོན་ཀརྨ་ཚེ་རིང(ཨ་མྱེས)གི་དྲུང་དུ་བོད་ཡིག་གཙོར་བྱས་ཏེ། བོད་ལུགས་གསོ་རིག་གི་གཞུང་ལུགས་ལ་སློབ་སྦྱོང་བྱས། དགུང་ལོ་བཅོ་བརྒྱད་པར་སྨན་པའི་ཕྱག་ལས་དངོས་སུ་གནང་འགོ་བརྩམས། ཁོང་གིས་རང་གི་མི་ཚེ་ཧྲིལ་བོ་ནི་སེམས་ཅན་སྤྱི་དང་ཁྱད་པར་དུ་བོད་རིག་གནས་ཀྱི་ཆེད་དུ་འབུལ་རྒྱུ་ནི། རང་ཉིད་ཀྱི་ཚེ་སྲོག་ལ་བསྐྱོན་པའི་འགན་འཁྲི་ལྕི་མོ་དེ་ཡིན་པར་དགོངས། མི་ཚེ་ཧྲིལ་བོར་བོད་ལུགས་གསོ་རིག་གི་ཆེད་དུ་བསྟིམས་པའི་མཛད་རྗེས་ཡོད་ཚད་ནི་ང་ཚོས་རེ་རེ་བཞིན་དུ་བརྗོད་ཐབས་བྲལ་ཡང་། དེ་དག་ལས་གཙོ་བོ་འགའ་མདོར་ཙམ་བརྗོད་ན་འདི་ལྟ་སྟེ།
       སྤྱི་ལོ1979ལོར་མགོ་ལོག་ཁུལ་སྲིད་གཞུང་གི་ཆོག་མཆན་བརྒྱུད། མགོ་ལོག་ཁུལ་བོད་སྨན་ཁང་དང་། མགོ་ལོག་ཁུལ་བོད་སྨན་ཞིབ་འཇུག་ཁང་གཉིས་སྔ་གཞུག་ཏུ་གསར་དུ་བཙུགས་པ་དེས། མགོ་ལོག་ས་ཁུལ་གྱི་བོད་ལུགས་གསོ་རིག་དེ་ཉམ་ཐག་གི་གནས་ནས་རིམ་བཞིན་གསོན་ཤུགས་རབ་ཏུ་རྒྱས་པའི་ལམ་ཁ་གསར་བ་ཞིག་ཏུ་བསྙེགས་པར་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཐོན། 
“རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ། རྒྱལ་ཡོངས་རིག་གནས་ལ་གོད་ཆག་ཐེབས་པ་ཇི་བཞིན། བོད་ཀྱི་གསོ་རིག་ལའང་གོད་ཆག་ཐེབས་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་རེད། ཁ་ལོ་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ནད་ཐོག་ལག་ལེན་གཉིས་ཟུང་འབྲེལ་བྱས་ཏེ། སྤྱི་ལོ1982ལོ་ནས་བཟུང་སྟེ། 《ཁམས་གཙང་ནད་ཐོག་ནད་ཐོ》དང《བོད་ལུགས་གསོ་རིག་ལས་མཁྲིས་རྡོའི་ཕུད་ཐབས》《བོད་ལུགས་བོད་སྨན་གྱི་མིང་གཞན》《བོད་སྨན་རྩ་ཆེན་དག་གི་བཀོལ་སྤྱོད་བྱེད་སྟངས》སོགས་གཙོ་སྒྲིག་བྱས་ཏེ་དཔར་དུ་བསྐྲུན་པ་དང་། བོད་ལུགས་གསོ་རིག་གི་གཞུང་ཆེན་མོ《གསོ་རིག་རྒྱུད་བཞི》དང《བེེཌཱུརྱ་སྔོན་པོ》《བོད་ལུགས་གསོ་རིག་གི་སྨན་ཐང་ཆེན་མོ》དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱི《སྨན་གཞུང་གཅེས་བཏུས》《ཤེལ་གོང་ཤེལ་ཕྲེང》《ཀྲུང་ལུགས་གསོ་རིག་གི་ཤེས་བྱ་ཀུན་བཏུས་ལས(བོད་ལུགས་གསོ་རིག)》བཅས་ལ་ལེགས་སྒྲིག་དང་། དག་བཅོས། ཞིབ་བཤེར། ལོ་ཙཱ་སོགས་གནང་། ད་དུང་སློབ་དཔོན་ཆེན་མོ་མོ་ཅིས་ཙུའུ་དང་མཉམ་དུ《བེེཌཱུརྱ་སྔོན་པོ》དང《གསོ་རིག་རྒྱུད་བཞི》《ཤེལ་གོང་ཤེལ་ཕྲེང》《སྨན་དཔྱད་ཟླ་བའི་རྒྱལ་བོ》《བོད་ལུགས་གསོ་རིག་གི་དཔེ་ཚོམས་གཅེས་བཏུས》སོགས་རྩོམ་བསྒྱུར་མཛད། སློབ་དཔོན་ཆེན་བུན་ཧྲའོ་ཏུན་དང་མཉམ་དུ《གསོ་རིག་རྒྱུད་བཞི་ལས“བོད་ལུགས་གསོ་རིག་གི་གཏར་ཁའི་གནས་རྒྱག་ཐབས》སོགས་ཀྱི་དཔེ་རྙིང་དག་ལ་ཞིབ་འཇུག་དང་ལེགས་སྒྲིག ལོ་ཙཱ་སོགས་མཛད། ཁོང་གི་བརྩམས་ཆོས་འདི་དག་ནི་ཧ་ཅང་རིན་ཐང་ཆེ་བས་རྒྱལ་ཁབ་མི་རིགས་གསོ་རིག་གི་བརྩམས་ཆོས་གྲགས་ཅན་གྱི་གྲས་སུ་ཚུད། དེས་བོད་ཀྱི་གསོ་བ་རིག་པ་དེ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་བསྒྲགས་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།
       .jpgཁོང་གིས་དུས་རྒྱུན་འཚོ་བའི་ཁྲོད་དཀའ་བ་ཡོད་ཚད་ཁྱད་དུ་བསད་ཅིང་། རང་ནུས་ཡོད་རྒུ་མི་དམངས་ཀྱི་བདེ་ཐང་དང་བོད་ཀྱི་གསོ་བ་རིག་པའི་ཆེད་དུ་ཕུལ་བའི་བྱ་བའི་གྲུབ་འབྲས་དེ་སྐར་ཚོགས་ཁྲོད་ཀྱི་ཟླ་བ་ཇི་བཞིན་འབུར་དུ་ཐོན་པས། སྤྱི་ལོ1984ལོར་ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་གི་འགོ་ཁྲིད་འདེམས་བསྐོའི་ཁྲོད་ཁོང་ཉིད་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་། འགོ་གཙོ་གཉིས་ཀྱི་འགན་གཅིག་ལྕོགས་སུ་བཞེས་སུ་བཅུག་སྟེ། བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་མོ་དེ་ཁོའི་ཕྲག་ཏུ་བསྐྱོན། སྐབས་དེའི་བོད་སྨན་ཁང་ནི་དེང་སྐབས་ཟི་ལིང་གྲོང་ཁྱེར་གྱི་ཀ་གྲོང(尕庄)ཞེས་པའི་ས་དེ་ན་ཡོད། སྐབས་དེའི་བོད་སྨན་ཁང་ལ་མཚོན་ན་ཕྱིའི་སྒྲིག་ཆས་དང་སྨན་པའི་དཔུང་སྡེ་སོགས་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་ཧ་ཅང་ཞན་པས། སྤྱི་ལོ1985ལོར་ཁ་ལོ་ལགས་པེ་ཅིན་དུ་འཚོགས་པའི་འཕྲོད་བསྟེན་བྱ་བའི་ཚོགས་འདུར་ཞུགས་སྐབས། སྐབས་དེའི་བོད་ལྗོངས་སྨན་རྩིས་ཁང་གི་འགོ་གཙོ་བྱམས་པ་འཕྲིན་ལས་ལགས་དང་ཞལ་མཇལ་ནས། མཚོ་སྔོན་བོད་སྨན་ཁང་གི་དངོས་ཡོད་གནས་ཚུལ་དང་དཀའ་ཁག་སོགས་བྱམས་པ་འཕྲིན་ལས་ལགས་ལ་ཞུས་པ་མ་ཟད། བོད་ལྗོངས་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་བོད་ལུགས་གསོ་རིག་སྐོར་གྱི་ཤེས་ལྡན་པ་སྐྱེད་བསྲིང་དང་། ཕན་ཚུན་གྱི་ལག་རྩལ་བརྒྱུད་སྤྲོད། སྨན་རྫས་ལུགས་མཐུན་གསར་སྤེལ། ལྷག་པར་དུ་ས་ཁུལ་གཉིས་ཀྱི་རིག་གཞུང་བགྲོ་གླེང་དང་མཉམ་འབྲེལ་གྱི་བྱ་བར་ཤུགས་སྣོན་བྱས་ཏེ། ཐུན་མོང་གི་འབད་བརྩོན་བརྒྱུད་རིག་གསར་སྐབས་སུ་གོད་ཆག་ཐེབས་པའི་བོད་ལུགས་གསོ་རིག་གི་རིག་གནས་དག་མྱུར་སྐྱོབ་དང་། སྔོག་འདོན། ལེགས་སྒྲིག སླར་གསོ། སྲུང་སྐྱོབ། རྒྱུན་འཛིན་སོགས་བྱེད་དགོས་པའི་རེ་བའང་ཞུས། ཁྱད་པར་དུ་དངུལ་ཆུ་བཙོ་ཐབས་ནི་གསོ་རིག་རྒྱུད་བཞིའི་ཁྲོད་ཀྱི་རིན་ཆེན་ནོར་བུ་ལྟ་བུ་སྟེ། ལོ་རྒྱུས་སྟེང་གི་སྨན་པ་གྲགས་ཅན་ཚོས་དུག་རྒྱུ་ཅན་གྱི་དངུལ་ཆུ་དེ་རྙོག་འཛིང་དང་ཁྱད་པར་ཅན་གྱི་ལས་སྣོན་བྱས་རྗེས། བོད་སྨན་ཀུན་གྱི་རྒྱལ་བོ“བཙོ་ཐལ”ཞེས་པ་གསར་བཏོད་གནང་། དེ་ནི་གནའ་ནས་བཟུང་བོད་སྨན་འདུལ་བའི་ཐབས་ལམ་གལ་ཆེན་དང་བོད་སྨན་ལག་ལེན་གྱི་ཡང་སྙིང་གཙོ་བོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། རིག་གསར་གྱི་སྐབས་སུ་འདིའི་ལག་རྩལ་ཕལ་ཆེར་རྒྱུན་ཆད་ལ་ཉེ་བར་གྱུར་པས། ཁ་ལོ་ལགས་ཀྱིས་བྱམས་པ་འཕྲིན་ལས་མཆོག་ལ་བོད་ལྗོངས་སྨན་རྩིས་ཁང་ནས་འདིའི་ཕྱོགས་ཀྱི་ཆེད་མཁས་པ་མཚོ་སྔོན་བོད་སྨན་ཁང་དུ་མངགས་ནས། བཙོ་ཐལ་གྱི་གསང་བའི་མན་ངག་གི་སྐོར་ཨ་མདོ་ས་ཁུལ་དུ་བརྒྱུད་སྤེལ་བྱ་རྒྱུའི་ཞུ་བ་གནང་།
       ཕྱི་ལོར་བྱམས་པ་འཕྲིན་ལས་ལགས་ཀྱིས་བོད་ལྗོངས་སྨན་རྩིས་ཁང་གི་ཆེད་མཁས་པ་ཆེན་མོ་ཁྲོ་རུ་ཚེ་རྣམ་ལགས་མཚོ་སྔོན་བོད་སྨན་ཁང་དུ་མངགས་ཏེ། བོད་ལྗོངས་གསོ་རིག་གི་གསང་བའི་མན་ངག“བཙོ་ཐལ”གྱི་ལག་རྩལ་དང་འདུལ་ཐབས་སྐོར་མཚོ་སྔོན་བོད་སྨན་ཁང་གི་སྨན་པ་རྣམས་ལ་དཔེ་ཁྲིད་དང་ལག་ལེན་གྱི་སློབ་སྦྱོང་བྱེད་དུ་བཅུག དེས་ཨ་མདོ་ས་ཁུལ་གྱི“བཙོ་ཐལ”ལག་རྩལ་གྱི་སྟོང་ཆ་ཆེན་པོ་དེ་བསྐངས།
སྤྱི་ལོ1986ལོར་ཁ་ལོ་ལགས་ཀྱིས་གསོ་རིག་ཆེད་མཁས་པ་རེབ་གོང་ཡིག་ཉིན(优宁)ལགས་ལ་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་པ་གྲགས་ཅན་རེབ་གོང་ཤ་བོ་ཚེ་རིང་ལགས་གདན་འདྲེན་དུ་བཅུག་སྟེ། མཁས་དབང་སྡེ་སྲིད་ལགས་ཀྱི་གསོ་རིག་བརྩམས་ཆོས་ཏེ། “སྨན་ཐང་ཆེན་མོ”ཞེ་དྲུག་དངོས་སུ་འབྲི་རུ་བཅུག དེ་ནི་ཀྲུང་གོའི་རིག་གནས་དང་སྒྱུ་རྩལ་གཉིས་ཐད་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་དངོས་མིན་ཤུལ་བཞག་རིག་གནས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་དང་ཁྱད་པར་དུ་བོད་ཀྱི་རིག་གནས་ཀྱི་གཅེས་ནོར་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ད་ལྟ་ང་ཚོའི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། 
       སྤྱི་ལོ1987ལོར་ཁ་ལོ་ལགས་བོད་ལུགས་སྨན་ལུམས་ཀྱི་བཅོས་ཐབས་གྲུམ་བུ་དཀར་པོའི་ནད་ཀྱི་ཕན་ནུས་བརྟག་དཔྱད་ཀྱི་ཚན་རིག་ཞིབ་འཇུག་གི་བྱ་བར་ཞུགས་ཏེ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བསྐོས་མི་ལྷན་ཚོགས་ཀྱིས《ཚན་རིག་ལག་རྩལ་གྱི་གྲུབ་འབྲས་དཔང་ཡིག》གི་བྱ་དགའ་བསྩལ། སྤྱི་ལོ1991ལོར་ཁ་ལོ་ལགས་ཀྱིས་པེ་ཅིན་དུ་བསྡུས་པའི་རྒྱལ་སྤྱིའི་སྲོལ་རྒྱུན་སྨན་རྫས་ཚོགས་ཆེན་སྟེང་། “བོད་ལུགས་སྨན་ལུམས་ཀྱི་བཅོས་ཐབས་གྲུམ་བུ་དཀར་པོའི་ནད་ཀྱི་དཔེ་གཞི53པའི་ཕན་ནུས་བརྟག་དཔྱད”ཀྱི་རིག་གཞུང་སྙན་ཞུ་ཕུལ། དེ་ལ་རྒྱལ་སྤྱིའི་གསོ་རིག་ཆེད་མཁས་པ་ཚོའི་ཚད་མཐོན་པོའི་གདེང་འཇོག་དང་ཁས་ལེན་ཐོབ་པ་དེས། བོད་ལུགས་སྨན་ལུམས་དེང་རབས་གསོ་རིག་གི་གྲས་སུ་ཚུད་དུ་བཅུག་པར་མ་ཟད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་མ་ལག་གི་ཚན་ཁག་སྐད་གྲགས་ཅན་དང་།ཞིང་ཆེན་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག རྒྱལ་ཁབ་རིམ་པའི་ཆེད་ལས་ཚན་ཁག་གཙོ་བོ་སོགས་ཀྱི་མཚན་རྟགས་ཐོབ། སྤྱི་ལོ1997ལོར་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་ཡིས། སློབ་དཔོན་ཁ་ལོའི“བོད་ལུགས་གསོ་རིག་གི་གཏེར་ཁའི་གནས་གཏན་འཁེལ་དང་རིམ་དབྱེ་གཤགས་ལས”ལ་བྱ་དགའ་ཨང་གསུམ་པ་བསྩལ།
       སྤྱི་ལོ1986ལོར་ཀྲུང་དབྱང་འཕྲོད་བསྟེན་ཁང་གི་འགོ་གཙོ་ཚུའེ་ཡེ་ལིས(崔月犁)ལགས་མཚོ་སྔོན་དུ་འཕྲོད་བསྟེན་བྱ་བའི་གཟིགས་ཞིབ་ཏུ་ཕེབས་སྐབས། ཞོར་དུ་མཚོ་སྔོན་བོད་སྨན་ཁང་དུ་ཕེབས། དེ་དུས་ཁ་ལོ་ལགས་ཀྱིས་ཚུའེ་ཡེ་ལིས་ལ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་བྱ་བའི་གནས་ཚུལ་སྙན་ཞུ་བྱས་རྗེས། འགོ་གཙོ་ཚུའེ་ཡེ་ལིས་ལགས་ཀྱིས་བོད་ལུགས་གསོ་རིག་གི་རིན་ཐང་དང་དེའི་འཕེལ་རྒྱས་ལ་མདུན་ལམ་རྒྱ་ཆེ་བ་མཐོང་སྟེ། ཐུགས་འདུན་ཧ་ཅང་དགྱེས་པའི་ངང་ནས་མཚོ་སྔོན་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལ་ཀྲུང་དབྱང་འཕྲོད་བསྟེན་ཁང་ནས་རྒྱབ་སྐྱོར་བྱ་རྒྱུ་ཁས་ལེན་གནང་བ་ན། ཁ་ལོ་ལགས་ཀྱིས་སྔར་ནས་མཚོ་སྔོན་དུ་བོད་ལུགས་གསོ་རིག་གི་སློབ་གླིང་ཞིག་བཙུགས་ཏེ། བོད་སྨན་ཁང་དང་། བོད་སྨན་ཞིབ་འཇུག་ཁང་བཅས་ཕྱོགས་གསུམ་ཟུང་འབྲེལ་གྱི་འཐབ་ཕྱོགས་ལ་བརྟེན་ནས། མཚོ་སྔོན་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་རྒྱུའི་རེ་བ་དང་ཕུགས་འདུན་དེ་མངོན་འགྱུར་བྱེད་ཐུབ་པའི་གོ་སྐབས་བྱུང་བ་མཁྱེན་འཕྲལ། ཁོང་གིས་མྱུར་དུ་བསམ་ཚུལ་དེ་འགོ་གཙོ་ཚུའེ་ཡེ་ལིས་ལ་ཞུས་པ་ན། ཚུའེ་ཡེ་ལིས་ལགས་ནས་ཀྲུང་དབྱང་འཕྲོད་བསྟེན་ཁང་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ལས་ཁུངས་སོ་སོར་ནས་དམངས་སྒོར་ས་ཡ་བརྒྱད་རེ་གནང་སྟེ། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་འཛུགས་རྒྱུར་ཁས་ལེན་གནང་།