དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཕྱོགས་མང་རིང་ལུགས་ཀྱིས་མིའི་རིགས་ཀྱི་མདུན་སྐྱོད་ཀྱི་འགྲོ་ལམ་གསལ།

སྤེལ་དུས 2021-01-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཟླ་1པོའི་ཚེས་25ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་ལམ་རྣམ་པའི་ཐོག་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་“ཏ་ཝོ་སིའི་གྲོས་རིམ”གྱི་གླེང་མོལ་ལ་ཞུགས་གནང་བ་མ་ཟད་དམིགས་བསལ་ཤིས་ཚིག་གསུངས་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། མིའི་རིགས་ལ་གོ་ལ་གཅིག་ལས་མེད་ལ་མིའི་རིགས་ལ་ཐུན་མོང་གི་འབྱུང་འགྱུར་གཅིག་ལས་མེད། མིག་མདུན་གྱི་ཉམས་ཉེན་ལ་ཁ་གཏད་གཅོག་པའམ་ཡང་ན་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་གང་ཡིན་རུང་མིའི་རིགས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
          ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་ཤིས་ཚིག་ནི་གཟིགས་རྒྱང་རིང་བ་དང་ནང་དོན་ཟབ་པ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གང་འདྲ་བྱས་ཏེ་མིའི་རིགས་ལ་འཕྲད་པའི་དུས་རབས་ཀྱི་བརྗོད་གཞི་ཆེན་པོ་བཞི་ཐག་གཅོད་ཡག་པོ་བྱ་རྒྱུར་གཅིག་སྡུད་ཐོག་གསལ་འགྲེལ་གནང་བ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་བསྟར་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བའི་དགོས་པ་གཙོ་བོའི་ཐད་དངོས་ཡོད་རང་བཞིན་དང་། དགེ་མཚན་ལྡན་པ། གཟིགས་རྒྱང་རིང་བ་བཅས་ཀྱི་གྲོས་འགོ་ཁག་བཞི་བཏོན་གནང་བའི་ཐོག་ནས་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་ཞིག་གིས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་གཟིགས་ཞིབ་ཟབ་མོ་གནང་བ་དང་མིའི་རིགས་ཀྱི་ལས་དབང་ལ་དོ་ཁུར་ལྷད་མེད་གནང་བ་གང་ལེགས་མངོན་པ་དང་། མིག་སྔའི་གོ་ལ་ཧྲིལ་པོའི་གོང་འཕེལ་དང་བཅོས་སྐྱོང་གི་དཀའ་གནད་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། མིའི་རིགས་ཀྱི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུར་གལ་ཆེའི་རིགས་གཞུང་གི་དོན་སྙིང་དང་ལག་ལེན་གྱི་དོན་སྙིང་ལྡན་ཡོད་ཅེས་འཁོད་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།