དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དམངས་ཀྱི་བདེ་སྡུག་རྩ་བའི་རྩེ་རུ་འཛིན། མང་ཚོགས་སྣེ་ཁྲིད་ཕྱུག་པོའི་ལམ་བུ་བཤངས།

རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ནོར་བུ་དོན་གྲུབ་ཀྱི་སྐོར་བཀོད་པ།

སྤེལ་དུས 2021-01-29 ཡོང་ཁུངས། རྩོམ་པ་པོ།
           གླེང་གཞི།
           ཉིན་ལྟར་ས་རྦད་དེ་རུབ་ནས་ཁྱིམ་ཚང་མང་ཆེ་བའི་གློག་བསད་ཟིན་རུང་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཧོར་པ་ཤང་ཀུན་བཟང་གྲོང་ཚོར་གློག་གཅིག་ཡུན་རིང་སྤར་ནས་བཞག་གི་ཡོད། ཁང་པའི་གཞོགས་ཤིག་ཏུ་དཔྱད་གཞི་ལེགས་སྒྲིག་བྱེད་བཞིན་པའི་གཟུགས་བརྙན་ནི་གྲོང་ཚོ་དེར་བཅའ་སྡོད་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་གཅིག་ལྕོགས་ནོར་བུ་དོན་གྲུབ་ཡིན་ཞིང་། ཁོང་གིས་ཉིན་མོ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་འཚམས་འདྲི་བྱེད་པ་དང་མཚན་མོ་ཕྱོགས་སྡོམ་གྱིས་ཟིན་ཐོ་བཀོད་དེ་ཡིག་ཚགས་ནང་འཇུག་གི་ཡོད། དེ་ནི་ནོར་བུ་དོན་གྲུབ་ལ་གྲོང་སྡོད་ལས་དོན་སྤེལ་འགོ་ཚུགས་མ་ཐག་པ་ནས་ཆགས་པའི་གོམས་གཤིས་ཤིག་རེད། གྲོང་ཚོར་བཅའ་སྡོད་བྱེད་རིང་ཁོང་གིས“གཅུས་གཟེར་གྱི་སྙིང་སྟོབས”ལ་བརྟེན་ནས་གཞི་རིམ་དུ་གཞིས་ཚུགས་པ་དང་། སྤྱིར་བཏང་གི་བསམ་བློའི་ཐོག་ནས་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་བཏོད་པ། ཀྲུང་གོའི་གློག་འཕྲིན་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་ལས་འགན་དང་འགན་འཁྲི་དཔའ་ངར་ཆེན་པོས་ཁུར་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་རྒྱུར་རམ་འདེགས་བྱས་ཡོད། མི་རིང་བའི་གོང་ནོར་བུ་དོན་གྲུབ་ལ་2020ལོའི་ལོ་འཁོར་གྱི“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་ཐོབ་པ་དང་མེ་ཏོག་སོས་པ་དང་ཐལ་མོའི་རྡེབ་སྒྲ་དེ་ལྟ་བུ་ནི་ཁོང་གིས་ལོ་མང་གྲོང་སྡོད་འཐབ་ས་དང་པོར་མང་ཚོགས་ལ་བསམ་བློ་གཏོང་བ་དང་བརྩེ་སེམས་ཟབ་མོར་བརྟེན་པའི་དཀའ་སྤྱད་བློས་གཏོང་དང་རྩ་ཆེའི་ལེགས་སྐྱེས་ཕུལ་བ་ལས་བྱུང་བ་ཞིག་རེད།
           ཏང་ཡོན་གཅིག་ནི་དར་ཆ་ཞིག་ཡིན་པ།
           བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་གསུང་སྒྲ་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་པ།
           ས་བབ་མཐོ་ཚད་སྨི་4700ཟིན་པའི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཧོར་པ་ཤང་དུ་གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི་འཚོ་བའི་ཁོར་ཡུག་གིས་གྲོང་སྡོད་དབུལ་སྐྱོར་ལས་དོན་སྤེལ་བར་ཤུགས་རྐྱེན་བཟོ་བ་མ་ཟད། ད་དུང་གྲོང་སྡོད་རུ་མི་ཚོའི་སྙིང་སྟོབས་ལ་ཚོད་བགམ་ཡང་བྱེད་ཀྱི་ཡོད། དཀའ་ཚེགས་ཆེ་ལ་ཆ་རྐྱེན་ཞན་པའི་ཁོར་ཡུག་དེ་ལྟ་བུའི་འོག་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་གཞོན་པ་དང་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཧོར་པ་ཤང་ཀུན་བཟང་གྲོང་ཚོའི་ལས་དོན་རུ་ཁག་གི་རུ་དཔོན་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་གཅིག་ལྕོགས་ནོར་བུ་དོན་གྲུབ་ཀྱིས“ཏང་ཡོན་ཞིག་ཡིན་པའི་ངོས་ནས་སྐོར་སྐྱོད་དར་ཆ་ཞིག་དང་འདྲ་བར་དེ་གའི་མི་སེར་ཚོ་དབུལ་སྒྲོལ་ཕྱུག་འགྱུར་བརྟན་པོ་ཡོང་བ་བྱེད་དགོས་ངེས་རེད། མི་སེར་ཚོའི་བློ་ཡིད་ཚིམ་པའི་འཛུམ་མདངས་མཐོང་སྐབས་རང་ཉིད་ཀྱིས་བྱས་པའི་ལས་ཀར་སྤོབས་པ་སྐྱེ་ཡི་འདུག་ལ་བརྟན་སྲུང་གི་ཆོད་སེམས་ཀྱང་དེ་བས་བརྟན་དུ་ཕྱིན་སོང”ཞེས་བཤད།
           2016ལོའི་ཟླ་11ཚེས་27ཉིན་ནི་ནོར་བུ་དོན་གྲུབ་ཀུན་བཟང་གྲོང་ཚོར་སླེབས་པའི་ཉིན་དང་པོ་དེ་ཡིན་པ་དང་ཉིན་དེ་ནས་བཟུང་ཁོང་དང་ས་གནས་དེ་གའི་མང་ཚོགས་དབར་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད། ཀུན་བཟང་གྲོང་ཚོར་སླེབས་རྗེས་ནོར་བུ་དོན་གྲུབ་ལ་འཕྲད་པའི་དཀའ་ངལ་དང་པོ་ནི་སྐད་བརྡ་མི་འཕྲོད་པ་དེ་རེད། “ཕན་ཚུན་སྐད་བརྡ་མ་འཕྲོད་ཚེ་གྲོང་སྡོད་ལས་དོན་སྤེལ་བདེ་པོ་མེད་སྟབས་ངས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པ་ཚོའི་ཡུལ་སྐད་སྦྱངས་པ་ཡིན”ཞེས་ནོར་བུ་དོན་གྲུབ་ཀྱིས་གད་མོ་དགོད་བཞིན་གསར་འགོད་པར་བཤད།
           སྐད་བརྡ་མི་འཕྲོད་པའི་གནད་དོན་ཐག་གཅོད་བྱས་རྗེས་ནོར་བུ་དོན་གྲུབ་ཀྱིས་ཞིང་ནང་དང་མུ་ཁ་དང་གྲོང་ཚོའི་ཕྱི་ནང་དུ་བསྐྱོད་དེ་མང་ཚོགས་ཚོའི་རེ་བ་ཉན་པ་དང་གྲོང་མི་ཚོ་དང་སྤེལ་རེས་ཀྱིས་གྲོང་མི་ཚོས་དོ་ཁུར་བྱེད་པའི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་གླེང་མང་བའི་གནད་དོན་ལ་གསལ་འགྲེལ་གཏིང་ཟབ་བྱས་ཏེ་སྲིད་ཇུས་དང་བྱེད་ཐབས་བཟང་པོ་རྒྱུན་གཏན་འཚོ་བའི་ཁྲོད་ཁྱབ་ཐུབ་པ་བྱས་པ་དང་། ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་སྒྲོག་འགྲེལ་ཧུར་ཐག་བྱས་པ། ཞིང་འབྲོག་མང་ཚོགས་ཚོས་ངལ་རྩོལ་ནི་གཟི་བརྗིད་དང་འབད་འཐབ་ནི་བདེ་སྐྱིད་ཡིན་པའི་བསམ་པའི་འདུ་ཤེས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་གྲོང་མི་ཚོས་གོ་ཐུབ་པ་དང་། ཁོང་དུ་ཆུད་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱས་ཡོད། དེ་ལྟར་ནོར་བུ་དོན་གྲུབ་མང་ཚོགས་ཚོའི་ཁྱིམ་དང་རྩྭ་ར་ཁག་སོགས་སུ་བསྐྱོད་དེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་མཉམ་ཟ་མཉམ་འཐུང་དང་། མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱས་ཏེ་བརྩེ་དུང་ཟབ་མོ་ཆགས་པར་བྱས་ཡོད། ནོར་བུ་དོན་གྲུབ་ཅེས་པའི་མིང་དེ་ཐོས་སྐབས་ཀུན་བཟང་གྲོང་ཚོའི་མང་ཚོགས་ཚོར་རྒྱུས་མངའ་དེ་ཙམ་མེད་མོད། འོན་ཀྱང“རུ་དཔོན་རྒན་ནོར་བུ་ལགས”ཅེས་བརྗོད་སྐབས་མང་ཚོགས་ཚང་མས་མཐེ་བོང་སྒྲེང་ནས་ཁོང་ལ་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད། ཁོང་གིས་ཏང་དང་མང་ཚོགས་དབར་གྱི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་ཧུར་ཐག་འཕེལ་བར་བྱས་ཡོད།
           མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ།
           གྲོང་མི་ཚོའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་བ།
           ནོར་བུ་དོན་གྲུབ་ཀྱིས་རྟག་ཏུ་གྲོང་སྡོད་ལས་དོན་རུ་མི་ཚོར“ཁྱེད་ཀྱིས་མང་ཚོགས་ཚོ་གནས་བབ་གང་གི་ཐོག་ཏུ་བཞག་ཚེ་མང་ཚོགས་ཚོས་ཀྱང་ཁྱེད་རང་གནས་བབ་དེ་གའི་ཐོག་འཇོག་སྲིད། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཡིན་ཕྱིན་ཚང་མ་དོན་ཆེན་ཡིན་པས་གྲོང་སྡོད་རུ་མི་ཚོས་རང་ནུས་གང་ཡོད་ཀྱིས་ས་གནས་དེ་གའི་མང་ཚོགས་ཚོར་རོགས་རམ་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་དགོས། སུའི་ཁྱིམ་ལ་དཀའ་ངལ་འཕྲད་ཚེ་ང་ཚོས་དུས་ཐོག་དང་རང་འགུལ་ངང་རོགས་རམ་བྱེད་དགོས”ཞེས་ཤོད་ཀྱི་ཡོད། ཁོང་གི་སེམས་ལ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་ཕྱིན་དོན་ཆུང་དང་སུན་སྣང་སྐྱེ་བའི་བྱ་བ་གཅིག་ཀྱང་མེད་ཅིང་། ཁོང་གིས་རྟག་ཏུ“མང་ཚོགས་ཚོའི་རེ་བ་ངེས་པར་དུ་སྒྲུབ་པ་དང་། དོགས་གཞི་ངེས་པར་དུ་སེལ་བ། དྲི་བར་ངེས་པར་དུ་ལན་འདེབས་པ། སུན་སྣང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་མང་ཚོགས་ཀྱི་སྙིང་ཉེ་བ་ཞིག་བྱས་ཚེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་སེམས་ལ་འཇོག་ཐུབ”ཅེས་ཤོད་ཀྱི་ཡོད།
           2020ལོའི་ཟླ་2པའི་གནམ་གཤིས་གྲང་ངར་ཆེ་བའི་སྐབས་སུ་གཙང་ཆུ་རྒྱས་ཏེ་ཞིང་འབྲོག་པའི་རྩྭ་ར་དང་ཁང་པའི་སར་སླེབས་ནས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་པ་མ་ཟད། ཁོང་ཚོའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐད་ལའང་ཉེན་ཁ་བཟོ་གི་ཡོད་པའི་སྐོར་མང་ཚོགས་ཀྱིས་ནོར་བུ་དོན་གྲུབ་ལ་བཤད། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ནོར་བུ་དོན་གྲུབ་ཀྱིས་འཕྲལ་དུ་ཤང་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་གཏུག་གིས་གནས་ཚུལ་ཐོན་ཁུལ་དུ་ཐེངས་མང་བསྐྱོད་པ་དང་འབྲེལ། མ་དངུལ་གྲབས་གསོག་གིས་ལྡུག་འཁོར་གླས་ཏེ་ཉིན་གཉིས་ལ་ཆུ་སིམ་ཁུལ་28བཀག་པ་དང་མཐར་ཆུ་སིམ་ཁུལ་ཡོངས་རྫོགས་བཀག་སྟེ་ཞིང་འབྲོག་མང་ཚོཌ་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱས་པ་རེད།
           དེ་ནི་ནོར་བུ་དོན་གྲུབ་ཀྱིས་མང་ཚོགས་ཆེད་ལས་དོན་ཡག་པོ་དང་ལས་དོན་དངོས་སྒྲུབ་པའི་ཆ་ཤས་ཙམ་ཡིན་ཞིང་། ཁོང་གིས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་ཆེན་དང་དོན་ཆུང་ཚང་མར་བསམ་བློ་གཏོང་བ་དང་སྒྲུབ་པའི་བྱ་བ་མཐའ་དག་མང་ཚོགས་ཀྱི་ཆེད་དུ་རེད།
           གྲོང་གསེབ་དར་རྒྱས་འཐབ་ཇུས་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་བསྟུན་ཏེ་འབྲོང་པ་རྫོང་གིས་གྲོང་ཚོ་ཚང་མར་ལུགས་གསོ་ཚགས་མཉམ་ལས་ཁང་ཡོད་པ་དང་ཤང་ཚང་མར་གསོ་སྤེལ་རྟེན་གཞི་ཡོད་པ་བྱེད་དགོས་པའི་ལས་ཀའི་བླང་བྱ་བཏོན་པས་ནོར་བུ་དོན་གྲུབ་ཀྱིས་གྲོང་ཚོ་དེ་གའི་ལེགས་ཆར་གཞིས་ཚུགས་ཏེ་ཡུལ་བབ་དང་བསྟུན་པ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་འགོད་ཀྱིས་2017ལོ་ནས་བཟུང་གྲོང་ཚོའི“ཨུ་ལྷན་གཉིས”ལ་ཀུན་བཟང་གྲོང་ཚོའི་ལུགས་གསོ་ཚགས་མཉམ་ལས་ཁང་དང་། སྡེབ་ཚོང་པུའུ། རྩམ་པ་ལས་སྣོན་གཙོ་བོར་བྱས་པའི་ཀུན་བཟང་གྲོང་ཚོའི་དམངས་ཕན་མཉམ་ལས་ཁང་བཅས་འཛུགས་རོགས་བྱས་པ་རེད།
           གཟི་བརྗིད་མཚན་སྙན་ནི་ལྕག་སྐུལ་ཞིག་རེད་ལ་མདུན་སྐྱོད་ཀྱི་སྒུལ་ཤུགས་ཤིག་ཀྱང་རེད།
           བྱ་སྤྱོད་དངོས་ལ་བརྟེན་ནས་གློག་འཕྲིན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་པ།
           ངལ་རྩོལ་དཔེ་བཟང་བ་ཞེས་པའི་གཟི་བརྗིད་མཚན་སྙན་གྱིས་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་མཐོ་སར་འཛེག་ཕོད་པའི་འགྱུར་མེད་ཕུགས་འདུན་དང་གཤིས་རྒྱུད་བཟང་པོ་བདེན་དཔང་བྱེད་ཐུབ་ལ། “ངལ་རྩོལ་དཔེ་བཟང་བའི”རིན་ཐང་དོན་གཉེར་དང་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་ལ་དུས་རབས་ཀྱི་གསལ་འགྲེལ་བྱེད་པའང་མཚོན་ཐུབ། 2020ལོའི་ཟླ་11ཚེས་24ཉིན་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ནོར་བུ་དོན་གྲུབ་རང་ལྗོངས་ཀྱི་འཕྲིན་གཏོང་ལས་རིགས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་འབའ་ཞིག་དེ་ཡིན་པའི་ངོས་ནས་མི་དམངས་ཚོགས་ཁང་ཆེ་མོར་གཟེངས་བསྟོད་ཐོབ་ནས་ངོ་གནོང་མི་དགོས་པའི“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བར”གྱུར་ཡོད།
           གཟི་བརྗིད་མཚན་སྙན་དེ་ཐོབ་པའི་སྐོར་གླེང་སྐབས་མིག་སྔར་ལྷ་ས་ནས་སྤྱི་ལེ་1000ལྷག་ཙམ་གྱི་སར་ཡོད་པའི་ཀུན་བཟང་གྲོང་ཚོར་མི་འབོར་ཡོངས་བཤེར་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་འཐབ་ཇུས་འབྲེལ་མཐུད་སོགས་ཀྱི་ལས་དོན་སྒྲུབ་བཞིན་པའི་ནོར་བུ་དོན་གྲུབ་སེམས་འགུལ་ཐེབས་པ་དང་ཁོང་གི་ངོས་ནས་བརྗོད་ན་གཟི་བརྗིད་མཚན་སྙན་དེ་ནི་ཁོང་གི་ལས་དོན་ལ་ཁས་ལེན་ཆེ་ཤོས་བྱས་པ་ཞིག་ཀྱང་རེད། ནོར་བུ་དོན་གྲུབ་ཀྱི་ལོ་མང་གི་གྲོང་སྡོད་ལས་དོན་སྐོར་གླེང་སྐབས་ཁོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་གློག་འཕྲིན་གྱི་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་དང་དུས་དང་རྣམ་པ་ཀུན་ཏུ་དམངས་ལ་བརྩེ་སེམས་བཅངས་ཏེ་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།
           “གཟི་བརྗིད་མཚན་སྙན་དེ་ནི་ང་མི་སྒེར་ལ་ཐོབ་པ་ཙམ་མ་ཡིན་པར་རྒྱ་ཆེའི་གྲོང་སྡོད་དབུལ་སྐྱོར་ལས་བྱེད་པ་ཡོངས་ལ་ཐོབ་པ་ཞིག་དེ་བས་ཀྱང་རེད། གློག་འཕྲིན་པ་དཀྱུས་མ་ཞིག་གི་ངོས་ནས་གཟི་བརྗིད་མཚན་སྙན་དེ་ལྕག་སྐུལ་ཞིག་རེད་ལ་མདུན་སྐྱོད་ཀྱི་སྒུལ་ཤུགས་ཤིག་ཀྱང་རེད། སླད་ཕྱིན་གཟི་བརྗིད་མཚན་སྙན་དེའི་ལྕག་སྐུལ་འོག་མུ་མཐུད་འབད་བརྩོན་དང་འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ་བྱས་ནས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་གི་མིན་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་ནོར་བུ་དོན་གྲུབ་ཀྱིས་བློ་རྩ་བརྟན་པོའི་ངང་བཤད།
           ད་ཆ་ནོར་བུ་དོན་གྲུབ་ཀྱིས“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”ལག་ཁྱེར་དང་གཟེངས་རྟགས་དེ་དག་ཁོང་ལ་ཐེངས་མང་ཐོབ་པའི་རང་སྐྱོང་ལྗོངས་དང་། མཉམ་སྡེབ་རིམ་པའི་མི་སྒེར་གྱི་སྔོན་ཐོན་གཟི་བརྗིད་མཚན་སྙན་དག་དང་མཉམ་དུ་ཁོང་གི་ཁྱིམ་དུ་ཉར་ཚགས་བྱས་ནས་ལོ་དེ་དག་ནང་གྲོང་སྡོད་དབུལ་སྐྱོར་གྱི་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཐུན་མོང་ཐོག་བདེན་དཔང་བྱས་ཡོད། བཀྲག་མདངས་རྣམ་པར་འཚེར་བའི་ལག་ཁྱེར་དེ་དག་ནི་གྲོང་མི་ཚོའི་འཛུམ་མདངས་བཞིན་ལོ་དེ་དག་ནང་གྲོང་ཚོའི་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་བདེ་སྐྱིད་ལྡན་པའི་འཚོ་བའི་བདེན་དཔང་བྱས་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།