དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དྲོ་སྐྱིད་ལྡན་པའི“མྱུར་སྐྱེལ་ས་ཚིགས”

སྤེལ་དུས 2021-01-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          འདི་ལོ་ལོ་45ལ་སླེབས་པའི་ཀྲང་ལེང་དང་བཟའ་ཟླས་ལྷ་སར་སྒོ་རྩིས་ཚོང་ཁང་ཞིག་བཙུགས་པ་དང་། ཚོང་ཁང་ཆུང་ཆུང་ཡིན་ཡང་ཚོང་ཧ་ཅང་ཡག་པོ་ཡོད། བཟའ་ཚོ་གཉིས་ཀྱིས་རྟག་ཏུ་ཉེ་འཁོར་ཁུལ་ཆུང་གི་གྲོང་མིར་རིན་མེད་ངང་མྱུར་སྐྱེལ་ལེན་རོགས་བྱེད་པ་མ་ཟད། རྟག་ཏུ་ཚོང་ཟོག་སྒོ་རྩར་སྐྱེལ་གྱི་ཡོད། སྒོ་རྩིས་ཚོང་ཁང་དེ་ཚོང་ཤག་ཇེ་མང་དུ་སོང་བ་དང་བསྟུན་ནས་ཉེ་འཁོར་གྱི་གྲོང་མི་ཚོས་བརྩེ་བ་ཟབ་པོའི་སྒོ་ནས་སྒོ་རྩིས་ཚོང་ཁང་གི་སྦྱིན་བདག་ཀྲང་ལེང་ལ“གཅེན་པོ་ཀྲང་ལགས”ཞེས་འབོད་ཀྱི་ཡོད།
          གསར་འགོད་པ་སྒོ་རྩིས་ཚོང་ཁང་དེར་སྐྱོད་སྐབས་མི་གཅིག་སྒོ་རྩིས་ཚོང་ཁང་གི་སྒོ་འགྲམ་དུ་ལངས་ནས་ཉེ་འཁོར་གྱི་གྲོང་མི་ཁ་ཤས་དང་ཁ་བརྡ་གློད་བཞིན་ཡོད་པ་མཐོང་བྱུང་། གྲོང་མི་སྒྲོལ་དཀར་གྱིས“མི་དེ་ནི་ཀྲང་ལེན་རེད། ཡིན་ནའང་གཞན་གྱིས་ཁོང་ལ་གཅེན་པོ་ཀྲང་ལགས་ཞེས་འབོད་ན་དེ་བས་དགའ་པོ་བྱེད་ཀྱི་ཡོད”ཅེས་བརྗོད། 
          “གཅེན་པོ་ཀྲང་ལགས་ང་ཉིན་ཤས་གོང་གཞུང་དོན་སྒྲུབ་པར་ཕྱིན་པ་ཡིན། མྱུར་སྐྱེལ་3ལེན་རྒྱུ་མ་བྱུང”ཞེས་ཕོ་གཞོན་ཞིག་སྒོ་རྩིས་ཚོང་ཁང་གི་ཕྱོགས་སུ་ཡོང་ནས་ཀྲང་ལེང་དང་ཁ་བརྡ་གློད་པ་མ་ཟད། ཁོང་དང་མཉམ་དུ་སྒོ་རྩིས་ཚོང་ཁང་ནང་འཛུལ། དེ་ཙམ་ཆེན་པོ་མེད་པའི་སྒོ་རྩིས་ཚོང་ཁང་དུ་འཛུལ་མ་ཐག་གཞོགས་གཡོན་མའི་རྐུབ་སྟེགས་སྟེང་དུ་མྱུར་སྐྱེལ་དངོས་ཟོག་ལྔ་དྲུག་བཞག་ཡོད་པ་དང་། ས་སྟེང་དུ་ད་དུང་ཀྲང་ལེང་གིས་ཉིན་དེའི་ཞོགས་པར་འཐེན་པའི་ཚོང་ཟོག་མང་དག་ཅིག་སྤུངས་པ་དང་། དཀྱིལ་དུ་སྒྲིག་པའི་སྒྲོག་རྩེའི་སྟེང་བཏུང་བྱ་དང་། ཅང་ཡུ། ཚུའུ། ཤོག་བུ་སོགས་འཚོ་བའི་མཁོ་ཆས་མང་པོ་སྒྲིག་པ། གཡས་སུ་སྟབས་བདེའི་ཅོག་ཙེ་ཞིག་ཡོད་པ་དེའི་སྟེང་དུ་གློག་ཀླད་དང་ཇ་ཕོར་ཞིག་བཞག་ཡོད།
          ཀྲང་ལེང་གིས་མྱུར་སྐྱེལ་3པོ་དེ་བཙལ་ནས་ཕོ་གཞན་དེར་སྤྲད་པ་མ་ཟད། “ཉེ་ཆར་མྱུར་སྐྱེལ་ཧ་ཅང་མང་པོ་འདུག་ལ། མི་ཁ་ཤས་ཀྱིས་མྱུར་སྐྱེལ་ནོར་ནས་འཁྱེར་འགྲོ་གི་འདུག་པས་ཡག་ཤོས་བྱུང་ན་དུས་ཐོག་ཏུ་ལེན་པར་ཤོག་ཅེས་བརྗོད། ཕྱིས་སུ་ཁྱེད་དོན་དག་ཡོད་པའམ་ཡང་ན་ཕྱིར་གཞུང་དོན་སྒྲུབ་པར་སྐྱོད་དགོས་ཚེ་ང་ལ་ཁ་པར་རྒྱོབ་ཤོག ངས་ཁྱེད་ཀྱི་མྱུར་སྐྱེལ་ཁང་པའི་ནང་དུ་ཉར་ཆོག”ཅེས་བརྗོད། 
          གསར་འགོད་པར་ཤེས་རྟོགས་བྱུང་བར། ཀྲང་ལེང་དང་བཟའ་ཟླ་ཅང་ཤིས་དབྱིང་ཐན་ནས་ཡིན་པ་དང་། ཁྱིམ་གྱི་བུ་རྒན་པ་ཀྲང་ལེང་ལ་ཆུང་དུས་ནས་འགན་འཁྲི་འཁུར་ཕོད་པའི་བསམ་བློ་ཞིག་ཡོད། ལོ19ལ་སླེབས་སྐབས་ཕ་ཡུལ་དང་ཁ་བྲལ་ནས་ས་ཆ་གཞན་དུ་ཞོར་ལས་བྱེད་པར་བསྐྱོད། དེའི་རིང་། ཁོང་གིས་ཚོང་ཟོག་སྒལ་པར་ཁུར་མྱོང་བ་དང་། སྐྱེལ་འདྲེན་ལས་ཀ་བྱེད་མྱོང་ལ། ཨར་ལས་རྒྱུ་ཆ་ཡང་འཚོང་མྱོང་ཡོད། བཟའ་ཟླ་ལི་ལི་དང་འཕྲད་རྗེས། བཟའ་ཚོ་གཉིས་མཉམ་དུ་ལྷ་སར་ཡོང་ནས་ད་ལྟའི་སྒོ་རྩིས་ཚོང་ཁང་དེ་གཉེར་བ་རེད།
          གསར་འགོད་པས་མྱུར་སྐྱེལ་ཚབ་ལེན་བྱེད་པའི་སྐོར་འདྲི་སྐབས། ཀྲང་ལེང་གིས་ད་ཆ་དྲ་ཐོག་ནས་ཉོ་སྒྲུབ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་མྱུར་སྐྱེལ་པས་དངོས་ཟོག་སྐྱེལ་སྐབས་ཁྱིམ་དུ་མི་མེད་པའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད། ཐེངས་ཤིག་ལ། ཁྱིམ་མཚེས་རྙིང་པ་ཞིག་སྒོ་རྩིས་ཚོང་ཁང་དུ་ཡོང་ནས་སང་ཉིན་ཁྱིམ་དུ་མི་སྡོད་མཁན་མེད། འོན་ཀྱང་མྱུར་སྐྱེལ་ཞིག་བསྐྱལ་བར་ཡོང་བ་ཡོད་པས། ཁྱེད་རང་གིས་རོགས་རམ་བྱས་ན་འགྲིག་གམ་ཞེས་དྲིས། ཀྲང་ལེང་གིས་དེ་ནི་ལས་ཞོར་ཞིག་རེད་སྙམ་ནས་ལམ་སེང་ཁས་བླངས། དེ་ནས་བཟུང་ཀྲང་ལེང་གི་སྒོ་རྩིས་ཚོང་ཁང་གིས་རིན་མེད་ངང་མྱུར་སྐྱེལ་ཚབ་ལེན་གྱི་ཞབས་འདེགས་ཞུ་ཡི་ཡོད།
          “མི་ཁ་ཤས་ཀྱིས་ང་ལ་དངུལ་སྤྲོད་ཀྱི་འདུག འོན་ཀྱང་ངས་གཏན་ནས་ལེན་མྱོང་མེད། རྒྱུ་མཚན་ནི་ཚང་མ་ཁྱིམ་མཚེས་ཡིན་ལ། དེ་ནི་ལས་ཞོར་དུ་ཕན་ཚུན་རོགས་རམ་བྱས་པ་ཞིག་ཡིན་པས་རེད”ཅེས་ཀྲང་ལེང་གིས་འཛུམ་དམུལ་དམུལ་ངང་བཤད། 
རྩོམ་སྒྲིག་པ། བདེ་སྒྲོལ།