དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

​ བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ལོ་རྒྱུས་ངེས་སྲོལ་དང་རྩ་དོན།

སྤེལ་དུས 2021-02-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
      ཨ་རིའི་ས་གནས་དེ་གའི་དུས་ཚོད་ཟླ12ཚེས27ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་རྒྱལ་ཚོགས་ཐོག་གྲོས་འཆམ་བྱུང་བའི“2020ལོའི་བོད་ལ་འཛིན་པའི་སྲིད་ཇུས་དང་རྒྱབ་སྐྱོར་བྱེད་ཕྱོགས་སྐོར་གྱི་ཁྲིམས་དོན་གྲོས་གཞི”ཟེར་བར་མིང་རྟགས་བཀོད་ཡོད། ཁྲིམས་དོན་གྲོས་གཞི་དེའི་ནང་ཀྲུང་གོའི་ནང་སྲིད་ལ་འཛེམ་བག་མེད་པར་ཐེ་ཇུས་བྱས་པ་དང་། “ཡང་སྲིད་དེ་ས་ཆ་གང་ཞིག་ལ་ཇི་འདྲ་བྱས་ནས་འབྱོན་རྒྱུ་ཡིན་པ་དང་། ཡང་སྲིད་ཇི་འདྲ་བྱས་ནས་ངོས་འཛིན་ཞུ་དགོས་པ། ཡང་ན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་དགོས་དང་མི་དགོས་བཅས་ཀྱི་ཐད་ལ་སྐུ་སྐྱེ་འཕོ་ཡུལ་ཡིན་པའི་སྐྱེ་བོ་དེ་ཁོ་ནར་མ་གཏོགས་ཁྲིམས་མཐུན་དབང་ཆ་མེད”ཅེས་གཏམ་འཆལ་གང་བྱུང་དུ་སྨྲས་ནས། སྤྲུལ་སྐུའི་ཡང་སྲིད་ལས་དོན་ལ་ཀྲུང་གོ་སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བྱེད་པ་ནི་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་ཚོའི“ཆོས་ལུགས་རང་དབང”ལ“བཙན་གནོད”བྱས་པ་རེད་ཅེས་སྐུར་བ་བཏབ་ཡོད། ཀུན་གྱིས་ཤེས་གསལ་ལྟར། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་དོན་ནི་ཆོས་ལུགས་ནང་ཁུལ་གྱི་བྱ་བ་རྐྱང་པ་ཙམ་ཞིག་རྩ་བ་ནས་མིན་ལ། དམིགས་ཡུལ་གཞན་པ་འཆང་མཁན་གྱིས་འུད་སྒྲོག་བྱས་པའི་སྐུ་སྐྱེ་འཕོ་མཁན་དེ་ལ་མ་གཏོགས“ཁྲིམས་མཐུན་གྱི་དབང་ཆ་མེད་པ”དེ་བས་ཀྱང་མིན་པར། རྒྱལ་ཁབ་ཀྱི་བདག་དབང་དང་། སྲིད་གཞུང་གི་དབང་གྲགས། ཆོས་ལུགས་ཀྱི་རྩ་དོན། དད་ལྡན་མང་ཚོགས་ཀྱི་བརྩེ་སེམས་སོགས་ཀྱི་ཕྱོགས་བསྡུས་མཚོན་ཚུལ་ཞིག་རེད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ལ་ལོ་བརྒྱ་ཕྲག་མང་པོའི་རིང་འཕེལ་རྒྱས་དང་འཕོ་འགྱུར་བྱུང་སྟེ། ཚགས་ཚུད་དོ་ནན་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ཆ་ཚང་ཞིག་རིམ་བཞིན་ཆགས་ཤིང་། དེའི་ཁོངས་སུ་གཙོ་བོ་ཡང་སྲིད་ཁྱེའུ་རྒྱལ་ནང་ནས་བཙལ་འཚོལ་དང་། ངོས་འཛིན། ཁྲི་འདོན་མངའ་གསོལ་སོགས་ཚུད་ཡོད། དེའི་ནང་ཤུགས་རྐྱེན་ཟབ་པའི་སྤྲུལ་སྐུ་ཆེ་ཁག་ལ་ཆ་མཚོན་ན། གསེར་བུམ་དཀྲུཊ་ནས་ངོས་འཛིན་ཞུ་བ་དང་ཀྲུང་དབྱང་སྲིད་གཞུང་ལ་ཆོག་མཆན་ཞུས་ནས་ཁྲི་འཛིན་བྱེད་པ་དེ་ལོ་རྒྱུས་ཀྱི་ངེས་སྲོལ་ཞིག་ཏུ་གྱུར་ཡོད། རྒྱལ་ནང་དུ་བཙལ་འཚོལ་བྱེད་པའི་ལོ་རྒྱུས་ངེས་སྲོལ་དེའང་སྤྲུལ་སྐུ་ངོས་འཛིན་ཞུ་རིང་གི་བཟོ་བཅོས་བརྒྱབ་ན་འགྲིག་ཐབས་མེད་པའི་རྩ་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།
      གཅིག   སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ཁྱེའུ་གསེར་བུམ་དཀྲུག་ནས་ངོས་འཛིན་ཞུ་དགོས་པ།
      སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་སྲོལ་དེ་ཐོག་མར་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་འགོ་གཙོ་རྒྱུན་འཛིན་དང་གནས་བབ་མཐུད་འཛིན་གྱི་གནད་དོན་ཐག་གཅོད་བྱ་ཆེད་བྱུང་བ་ཞིག་རེད། བོད་རྙིང་པར“ཆོས་སྲིད་ཟུང་འབྲེལ”གྱི་ལམ་ལུགས་འོག རྒྱ་ཆེའི་བོད་རིགས་མང་ཚོཊ་ཀྱིས་ནང་བསྟན་ལ་དད་མོས་བྱེད་པ་དང་ཆོས་ལུགས་ཀྱི་འགོ་གཙོས་གང་གསུངས་པ་དེ་སྒྲུབ་ཀྱི་ཡོད། སྤྲུལ་སྐུ་སྤྱི་དང་ལྷག་པར་དུ་ཤུགས་རྐྱེན་ཟབ་པའི་སྤྲུལ་སྐུ་ཆེ་ཁག་ལ་ཆོས་ལུགས་ཀྱི་འགོ་གཙོའི་གནས་བབ་ལྡན་པར་བརྟེན། བོད་ཀྱི་སྤྱི་ཚོགས་ཐོག་གི་ཆོས་སྲིད་ཕྱོགས་གཏོགས་ཁག་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་གཙོ་ཁྲིད་དབང་ཆ་འཕྲོག་ལེན་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་དོན་སྒེར་སྡེམ་བྱེད་པའི་སྣང་ཚུལ་ཐོན་པ་ལས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་དེའི་རྣམ་པར་དག་པའི་དོན་གྱི་ངོ་བོ་རིམ་གྱིས་བརླགས་ནས་འཁྲུལ་པ་མི་ཉུང་བ་བྱུང་བ་དང་། སངས་རྒྱས་བསྟན་པར་གནོད་པ། ཐ་ན་སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལའང་གནོད་ཡོད། གནས་ཚུལ་དེ་དག་གསལ་པོ་མཐོང་རྗེས། ཆིང་ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སྒྲིག་ལམ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། 1793ལོར་གསེར་བུམ་དཀྲུག་འདོན་ལམ་ལུགས་ལག་ལེན་བསྟར་བ་དེས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་རིང་གི་སྐྱོན་ཆ་དང་ཞན་ཆ་སྣ་ཚོགས་འགོག་རྒྱུར་ཕན་པ་དང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ནང་དོན་དང་། རྒྱུན་སྲོལ། མང་ཚོགས་ཀྱི་དད་སེམས་བཅས་ལ་བརྩི་བཀུར་བྱས་པ་མཚོན་པ་མ་ཟད། ད་དུང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ཐད་ཀྱི་ཀྲུང་དབྱང་སྲིད་གཞུང་གི་དབང་གྲགས་དེ་བས་ཀྱང་མཚོན་གྱི་ཡོད།
      སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཁྲོད་ཀྱི་འཁྲུལ་པ་གཙང་སེལ་བྱེད་ཆེད། གོང་མ་ཆན་ལུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས“ཁྲིམས་ལུགས་འཕྲལ་འབེབས”ཀྱིས“ནམ་ཕུགས་ཕན་བསྟར”ཡོང་བའི་རེ་འདུན་ཞུས་པ་དང་ལེན་གྱིས། 1792ལོར་གཞུང་དམག་བོད་ལ་མངགས་ནས་གོར་དམག་ཕྱིར་འབུད་གཏོང་བར་རྒྱལ་ཁ་ཐོབ་རྗེས། བོད་མངགས་དཔོན་རིགས་ལ་ལུགས་སྲོལ་གསར་འཛུགས་བྱ་རྒྱུའི་བཀའ་ཕབ། ལོ་གཉིས་པར་ཆིང་སྲིད་གཞུང་གིས《བོད་ཀྱི་ལུགས་སྲོལ་གསར་འཛུགས་སྐོར་གྱི་རྩ་འཛིན་དོན་ཚན་ཉེར་དགུ》དངོས་སུ་ཁྱབ་བསྒྲགས་བྱས། དོན་ཚན་དང་པོའི་ནང“སྤྲུལ་སྐུ་དང་ཧུ་ཐོག་ཐུའི་ཡང་སྲིད་བཙལ་འཚོལ་གྱི་གནད་དོན་སྐོར་ལ། བོད་མིའི་རྒྱུན་སྲོལ་ལྟར་ན། ཡང་སྲིད་ངོས་འཛིན་ཞུ་སྐབས་ཆོས་སྐྱོང་བཞིར་བཀའ་ལུང་ཞུ་དགོས་ཀྱི་ཡོད། དེ་འདྲ་བྱས་ན་འཁྲུལ་པ་ཡོང་བཟོ་ཆེ། གོང་མ་ཆེན་པོས་ཞྭ་སེར་བསྟན་པ་དར་བའི་ཆེད། གསེར་བུམ་དམིགས་སུ་བསྩལ། སླད་ཕྱིན་ཡང་སྲིད་ངོས་འཛིན་ཞུ་སྐབས་ཆོས་སྐྱོང་བཞི་པོ་གདན་འདྲེན་པ་དང་། སྐུ་སྐྱེའི་མཚན་དང་སྐྱེས་ལོ་ཟླ་ཚེས་བཅས་མན་རྒྱ་བོད་གསུམ་གྱི་ཡིག་ཐོག་ནས་མིང་བྱང་ཐོག་བཀོད་རྗེས་གསེར་བུམ་ནང་བླུག་རྒྱུ། བླ་མ་ཡོན་ཏན་བཟང་བ་འདེམས་སྒྲུག་གིས་ཞག་བདུན་རིང་སྐུ་རིམ་བྱ་རྒྱུ། དེ་ནས་ཧུ་ཐོག་ཐུ་ཁག་དང་བོད་སྡོད་ཨམ་བན་གྱིས་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་མདུན་དུ་དངོས་སུ་ངོས་འཛིན་ཞུ་རྒྱུ”ཞེས་དང་། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནིའི་ཡང་སྲིད་ངོས་འཛིན་ཞུ་སྐབས་སུའང“སྐུ་སྐྱེ་དག་གི་མཚན་མན་རྒྱ་བོད་གསུམ་གྱི་ཡིག་ཐོག་ནས་མིང་བྱང་ཐོག་བཀོད་རྗེས་གོང་གསལ་ལྟར་བྱེད་དགོས། དེ་དག་ཚང་མ་ནི་གོང་མ་ཆེན་པོས་ཞྭ་སེར་བསྟན་པ་དར་བའི་ཆེད་དང་ཆོས་སྐྱོང་གིས་གཡོ་ཟོལ་རྫུན་སྒྲིག་མི་བྱེད་པའི་ཆེད་དུ་ཡིན”ཞེས་གཏན་འབེབས་ཁ་གསལ་བྱས།
  དོན་ཚན་ཉེར་དགུ་ཁྱབ་བསྒྲགས་བྱས་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་གཙོས་པའི་བོད་ས་གནས་སྲིད་གཞུང་གིས་དོན་ཚན་ཉེར་དགུ་དང་དེ་བཞིན་འབྲེལ་ཡོད་ཡིག་ཆ་བོད་ཡིག་ཏུ་ཕབ་ནས། སྐབས་དེ་དུས་ཀྱི་བཅའ་ཁྲིམས་ཀྱི་ཡིག་རིགས་གལ་ཆེ་ཤོས་ལ་བརྩིས་ཏེ་བོད་ཡོངས་ལ་ཁྱབ་བསྒྲགས་དང་ལག་ལེན་བསྟར། སྐབས་དེ་དུས་བོད་ཆུ་གླང་ལོ་དང་འཁེལ་བས་ན《ཆུ་གླང་ལོའི་ཡིག་ཆ》ཞེས་སུ་གྲགས། དེ་དང་ཆབས་ཅིག་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་བོད་ཡོངས་ལ《ཆུ་གླང་ལོའི་བསྒྲགས་ཡིག》སྤེལ་ནས་གསེར་བུམ་དཀྲུག་འདོན་གྱི་ཞིབ་ཕྲའི་བྱ་ཐབས་གཏན་འབེབས་གནང་། 《ཆུ་གླང་ལོའི་ཡིག་ཆ》དང་ལྷག་པར་དུ《ཆུ་གླང་ལོའི་བསྒྲགས་ཡིག》གིས་དོན་ཚན་ཉེར་དགུའི་བཅའ་ཁྲིམས་ཀྱི་དགོངས་དོན་ཡོངས་སུ་མཚོན་པ་མ་ཟད། དོན་ཚན་ཉེར་དགུའི་ནང་གཏན་ལ་ཕབ་པའི་གསེར་བུམ་དཀྲུག་འདོན་གྱི་རྩ་དོན་ཡང་ཡོངས་སུ་མཚོན་པར་བྱས་ཡོད་པར་བརྟེན་གསེར་བུམ་དཀྲུག་འདོན་ལམ་ལུགས་ལག་ལེན་བསྟར་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར།
  གསེར་བུམ་དཀྲུག་འདོན་ལམ་ལུཊ་ལག་ལེན་བསྟར་རྗེས། ཆིང་ཀྲུང་དབྱང་སྲིད་གཞུང་གིས་ལམ་ལུགས་དེ་ཉིད་ད་དུང“དཔེ་མཚོན་ཡི་གེ”དང“ལུཊ་སྲོལ་ཡི་གེ”སོགས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས《ཆིང་རྒྱལ་རབས་ཀྱི་ཁྲིམས་སྲོལ་གནད་བསྡུས་དཔེ་མཚོན་ཡི་གེ》དང《ལི་ཧྥན་ཡོན་གྱི་ལུགས་སྲོལ་ཡི་གེ》སོགས་ཁྲིམས་གཞུང་ཁག་གི་ནང་བཀོད་པ་བརྒྱུད། ཆིང་ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་བར་དོ་དམ་བྱེད་པའི་ལོ་རྒྱུས་ཀྱི་ངེས་སྲོལ་ཞིག་ཏུ་གྱུར། གསེར་བུམ་དཀྲུག་འདོན་ལམ་ལུགས་ལག་ལེན་བསྟར་བའི་རྩ་བའི་དམིགས་ཡུལ་ནི་སྤྲུལ་སྐུའི་ཡང་སྲིད་ཁྱེའུ་ངོས་འཛིན་ཞུ་སྐབས་དབང་གཤེད་སྒེར་གཅོད་བྱེད་པ་སོགས་ཀྱི་གནས་ཚུལ་མི་ཡོང་སྔོན་འགོག་བྱེད་པའི་ཆེད་དུ་ཡིན་པ་དེ་ནི་འདྲ་མཉམ་ནན་བཤད་དང་དམིགས་བསལ་དབང་ཆར་ངོ་རྒོལ་གྱི་ཁྲིམས་སྐྱོང་རྩ་དོན་གྱི་གཞི་རྩའི་བསམ་གཞི་དང་འཇིག་རྟེན་ཆོས་ཉིད་ཀྱི་རིན་ཐང་དང་ཡོངས་སུ་མཐུན་པ་ཞིག་རེད།
  གཉིས།  སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ཁྱེའུ་ངོས་འཛིན་ཞུ་སྐབས་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པ།
  སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་གྲུབ་པ་དེ་ཀྲུང་དབྱང་སྲིད་དབང་གི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། དེ་ལས་སྤྲུལ་སྐུའི་ཡང་སྲིད་སྲིད་གཞུང་གིས་ངོས་འཛིན་གཏན་འཁེལ་བྱེད་པའི་མཐར་ཐུག་གི་དབང་གྲགས་ཀྱང་ཆགས། ཤུགས་རྐྱེན་ཟབ་པའི་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཞུ་སྐབས་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་རྒྱུན་འཛིན་བྱེད་རྒྱུ་དེ་ཡང་ལོ་རྒྱུས་ཀྱི་ངེས་སྲོལ་ཞིག་ཏུ་གྱུར།
  1288ལོར་ཀརྨ་རང་བྱུང་རྡོ་རྗེ་མཚུར་ཕུ་དགོན་དུ་གསེར་ཁྲིར་འཁོད་རྗེས། ཡོན་རྒྱལ་རབས་ཀྱི་གོང་མ་ཡོན་ཞན་ཙུང་མོང་ཀོས་ཀརྨ་པཀྵི་ལ་གསེར་ཤན་ཞྭ་ནག་གནང་བར་བརྟེན་ནས། ཕྱིས་སུ་བླ་རྒྱུད་དེར་ཀརྨ་བཀའ་བརྒྱུད་ཀྱི་ཞྭ་ནག་ཅེས་སུ་འབོད། གསེར་ཤན་ཞྭ་ནག་བླ་རྒྱུད་དེའི་མཚོན་རྟགས་དང་ཡང་སྲིད་རིམ་བྱོན་གྱི་མཚོན་བྱེད་དུ་གྱུར་ཅིང་། བླ་རྒྱུད་རིམ་བྱོན་དེ་ལ་ཡང“གོང་མའི་བཀའ་དབང་ཕོག་པའི”དོན་སྙིང་ལྡན། དེ་ཐོག་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་གྲུབ་པའི་ཐད་ཀྲུང་དབྱང་སྲིད་གཞུང་གི་དབང་གྲགས་རང་བཞིན་གྱི་ནུས་པ་ཐོན་པ་མཚོན་གྱི་ཡོད། 1332ལོར་ཀརྨ་རང་བྱུང་རྡོ་རྗེ་བཀའ་སྒུག་ལྟར་ཏ་ཏུའུ(དེང་གི་པེ་ཅིང)རུ་གོང་མ་མཇལ་བཅར་དང་ཆོས་སྤེལ་བར་ཕེབས་སྐབས་ཡོན་ཧྲུན་ཏིས་ཁོང་ལ“ཐམས་ཅད་སྟོང་པ་ཉིད་རྟོགས་པའི་སངས་རྒྱས་ཀརྨ་པའི”ཆོ་ལོ་བསྩལ་བ་དང་འབྲེལ། འཇའ་ས་དང་གུ་ཤྲིའི་ཐམ་ག་སོགས་ཀྱང་གནང་། འཇའ་ས་གནང་རྗེས་ཁོང་གི་སྤྲུལ་སྐུའི་ཡང་སྲིད་ཀྱི་ཁྲིམས་མཐུན་ཐོབ་ཐང་དང་ཁྲིམས་མཐུན་གྱི་གོ་གནས་ལ་ཡོན་ཀྲུང་དབྱང་སྲིད་གཞུང་གི་ཁས་ལེན་ཐོབ། སྤྲུལ་སྐུའི་ཡང་སྲིད་ཀྱང་དམངས་ཁྲོད་དུ་རང་བཞིན་གྲུབ་པ་ནས་ཁྲིམས་གཞིའི་དོན་སྙིང་བསྣན་པས་ཁྲིམས་མཐུན་རང་བཞིན་ལྡན་ཅིང་། ད་གཟོད་ཁྲིམས་མཐུན་གྱི་ལམ་ལུགས་སུ་གྲུབ་པ་མ་ཟད། དུས་དེ་ནས་བཟུང་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་དར་འགོ་ཚུགས།
  1653ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་བཀའ་སྒུག་གནང་བ་བཞིན་པེ་ཅིང་དུ་གོང་མ་ཧྲུན་ཀྲི་མཇལ་བཅར་ལ་ཕེབས་སྐབས། གོང་མས་ཁོང་ལ“ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ”ཞེས་པའི་མཚན་གསོལ་བ་དང་འབྲེལ། གསེར་ཐམ་དང་གསེར་གྱི་འཇའ་ས་ཡང་གནང་བ་བརྒྱུད། ཏཱ་ལའི་བླ་མའི་མཚན་གནས་དང་བོད་ཀྱི་ཆོས་ལུགས་ཁོངས་གཏོགས་ནང་ཏཱ་ལའི་བླ་མའི་ཁྲིམས་མཐུན་གནས་བབ་ལ་ཀྲུང་དབྱང་སྲིད་གཞུང་གི་ཁས་ལེན་དངོས་སུ་ཐོབ། དུས་དེ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་བྱོན་རྗེས་ཀྲུང་དབྱང་སྲིད་གཞུང་གིས་ཆོ་ལོ་གནང་བའི་ལམ་ལུགས་རིམ་གྱིས་གྲུབ། 1940ལོའི་ཟླ་2ཚེས་5ཉིན། གོ་མིན་སྲིད་གཞུང་གིས་གསེར་བུམ་དཀྲུག་འདོན་མི་དགོས་པའི་བཀའ་ཕབ(སྲིད་ཡིག་ཨང་898པ)ནས་མཚོ་སྔོན་གྱི་ཁྱེའུ་ལྷ་མོ་དོན་གྲུབ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པའི་ཡང་སྲིད་ལ་ངོས་འཛིན་ཞུ་རྒྱུའི་དམིགས་བསལ་ཆོག་མཆན་གནང་། དེས་ན་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པའི་ཁྲིམས་མཐུན་རང་བཞིན་ནི་གོ་མིན་སྲིད་གཞུང་གི་ཆོག་མཆན་དང་ཁས་ལེན་ཐོབ་པ་ཞིག་རེད།
  སྤྲུལ་སྐུ་ཆེ་ཁག་ལ་ཆོ་ལོ་སྩོལ་བ་ནི་ཆོ་ལོ་སྩོལ་བའི་ལམ་ལུགས་ཤིག་ཡིན་ལ། དོ་དམ་ལམ་ལུགས་ཤིག་དེ་བས་ཡིན། དེའི་ཐོག་ནས་ཀྲུང་དབྱང་སྲིད་གཞུང་གིས་ཤུགས་རྐྱེན་ཟབ་པའི་སྤྲུལ་སྐུ་ཆེ་ཁག་ལ་ཐུགས་ཁུར་དང་གཟིགས་མཐོང་ཆེན་པོ་གནང་ལུགས་མཚོན་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་དེར་དོ་དམ་བྱེད་རྒྱུ་ཚད་ལྡན་དང་ཤུཊ་ཆེར་བཏང་བ་ཡང་མཚོན་གྱི་ཡོད་ལ། ཆོ་ལོ་ཐོབ་པའི་སྤྲུལ་སྐུ་ཆེ་ཁག་གིས་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་ལ་བློ་དཀར་སེམས་དཀར་བྱས་ནས་འགན་འཁྲི་དང་འོས་འགན་འཁུར་དགོས་པ་ཡང་མཚོན་གྱི་ཡོད། སྤྲུལ་སྐུ་ཆེ་ཁག་ལ་ཆོ་ལོ་སྩོལ་བའི་ལམ་ལུགས་བརྒྱུད་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཞུ་བར་ཀྲུང་དབྱང་སྲིད་གཞུང་ལ་མཐའ་མའི་དབང་གྲགས་ལྡན་ལུགས་གཏན་འཁེལ་བྱུང་།
  1995ལོའི་ཟླ་11པར་སྐབས་དེ་དུས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་མཁན་ཀྲའོ་ཕུའུ་ཁྲུའུ་ཡིས་པཎ་ཆེན་གྱི་ཡང་སྲིད་ཁྱེའུ་བཙལ་འཚོལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གསུང་བཤད་གནང་སྐབས། ནང་ཆོས་ཀྱི་མདོ་སྔགས་གང་ཞིག་དང་། བོད་བརྒྱུད་དང་རྒྱ་བརྒྱུད་ནང་བསྟན་གང་ཞིག་ཡིན་རུང་། ཐོས་བསམ་སྒོམ་སྒྲུབ་ཐད་ཡོངས་ཁྱབ་ཏུ་སངས་རྒྱས་ཀྱི་བཀའ་ལུང་ཚད་དུ་འཛིན་གྱི་ཡོད། འདི་ནི“བདག་གི་བསོད་ནམས་སྟོབས་དག་དང་། དེ་བཞིན་གཤེགས་པའི་སྟོབས་དག་དང་། ཆོས་ཀྱི་དབྱིངས་ཀྱི་སྟོབས་དག་གིས། དོན་རྣམས་གང་དག་བསམ་པ་ཀུན། དེ་དག་ཐམས་ཅད་ཅི་རིགས་པ། ཐོགས་པ་མེད་པར་འབྱུང་གྱུར་ཅིག”ཅེས་པ་དེ་ཡིན་ཞེས་མཛུབ་སྟོན་གནང་བ་དང་ཆབས་ཅིག ཡང་སྲིད་ངོས་འཛིན་གྱི་བྱ་བར་ཆ་མཚོན་ནས་བཤད་ན། བསོད་ནམས་སྟོབས་དག་ཅེས་པ་ནི་སྤྲུལ་སྐུའི་ཡང་སྲིད་ཀྱི་བྱང་ཆུབ་སེམས་བསྐྱེད་ཀྱི་སྟོབས་ལ་ཟེར་བ་དང་། དེ་བཞིན་གཤེགས་པའི་སྟོབས་དག་ཅེས་པ་ནི་སངས་རྒྱས་ཀྱི་བྱིན་རླབས་ཐོབ་རྗེས“གསེར་བུམ་དཀྲུག་འདོན”གྱི་བརྡར་གཅོད་ནུས་པར་ཟེར་བ། ཆོས་ཀྱི་དབྱིངས་ཀྱི་སྟོབས་དག་ཅེས་པ་ནི་ཀྲུང་དབྱང་སྲིད་གཞུང་གི་གཏན་འཁེལ་དབང་ཆ་དང་མང་ཚོགས་ཀྱི་བློས་འགེལ་ཚད་ལ་ཟེར་གྱི་ཡོད། དེར་བརྟེན་སྤྲུལ་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད། སྔར་ནས་བཟུང་རྒྱལ་ཁབ་ཀྱི་དབང་ཆ་དང་ཀྲུང་དབྱང་གི་དབང་གྲགས་ཨང་དང་པོར་འཇོག་གི་ཡོད། འདི་ནི་གནས་ལུགས་རྒྱུ་མཚན་ཀུན་དང་མཐུན་ཞིང་ཁྲིམས་དང་མཐུན་ལ་ནང་ཆོས་ཀྱི་རྩ་བའི་བསྟན་དོན་དང་ཡང་ཡོངས་སུ་མཐུན་པ་ཞིག་ཡིན་ཞེས་ནན་བཤད་གནང་ཡོད།
  ལོ་རྒྱུས་ཀྱི་ངེས་སྲོལ་ལྟར་ན། ཤུཊ་རྐྱེན་ཆེ་བའམ་ཡང་ན་ཤུགས་རྐྱེན་ཧ་ཅང་ཆེ་བའི་སྤྲུལ་སྐུའི་ཡང་སྲིད་ཡིན་ན། དང་པོ་སྤྲུལ་སྐུ་གནས་སའི་དགོན་པས་ས་གནས་སྲིད་གཞུང་བརྒྱུད་ཀྲུང་དབྱང་སྲིད་གཞུང་ལ་ཡང་སྲིད་ངོས་འཛིན་གནང་རྒྱུ་དང་ཡང་སྲིད་ཁྱེའུ་བཙལ་འཚོལ་ཚོགས་ཆུང་འཛུགས་རྒྱུའི་ཆོག་མཆན་ཞུ་དགོས་པ་དང་། གཉིས་པ་གསེར་འབུམ་དཀྲུག་འདོན་ལམ་ལུགས་ལག་ལེན་བསྟར་སྐབས་ས་གནས་སྲིད་གཞུང་གིས་ཆོས་ལུགས་ཀྱི་ཆོ་ག་ལྟར་བཙལ་རྙེད་བྱུང་བའི་ཁྱེའུ་ཡི་གནས་ཚུལ་ཀྲུང་དབྱང་སྲིད་གཞུང་ལ་སྙན་སེང་ཞུས་ནས་གསེར་བུམ་དཀྲུག་འདོན་ལམ་ལུགས་ལག་ལེན་བསྟར་རྒྱུའི་རེ་འདུན་ཞུ་དགོས་པ། གསུམ་པ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མོར་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་མདུན་དུ་ཀྲུང་དབྱང་སྲིད་གཞུང་གི་མངགས་གཏོང་དཔོན་རིགས་ཀྱིས(བོད་ཀྱི་ལོ་རྒྱུས་ཐོག་ད་དུང་བོད་སྡོད་ཨམ་བན་ཚུད་པ)མཛད་སྒོ་གཙོ་སྐྱོང་གནང་ནས་ཡང་སྲིད་ཁྱེའུ་ངོས་འཛིན་ཞུ་བ། བཞི་པ་གསེར་བུམ་དཀྲུག་འདོན་མཛད་སྒོ་མཇུག་འགྲིལ་རྗེས་དཀྲུག་འདོན་མཛད་སྒོ་གཙོ་སྐྱོང་གནང་མཁན་དཔོན་རིགས་དང་། ས་གནས་སྲིད་གཞུང་གི་འགན་འཁུར་བ། ཡང་སྲིད་ཁྱེའུ་བཙལ་འཚོལ་གྱི་འགན་འཁུར་བ་སོཊ་ཀྱིས་གསེར་བུམ་དཀྲུགས་པའི་གནས་ཚུལ་དང་། མཇུག་འབྲས། དེ་བཞིན་བདམ་བྱའི་ཡོངས་འཛིན་དང་གཏན་འཁེལ་གྱི་ཁྲི་འདོན་ཉིན་མོ་སོཊ་ཀྲུང་དབྱང་སྲིད་གཞུང་ལ་འཕྲལ་མར་སྙན་སེང་ཞུས་ཏེ་དངོས་སུ་ཁྲི་རྒྱུན་འཛིན་རྒྱུའི་ཆོག་མཆན་ཞུ་དགོས་པ། ལྔ་པ་ཀྲུང་དབྱང་སྲིད་གཞུང་གིས་ཡང་སྲིད་ཁྱེའུ་ཡི་རྒྱུན་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་དུས་ཚོད་གཏན་འཁེལ་གནང་རྗེས་གཞི་ནས་གསེར་ཁྲི་མངའ་སྲོལ་གྱི་མཛད་སྒོ་འཚོགས་ནས་སྐུ་ཕྲེང་གོང་མའི་གསེར་ཐམ་དངོས་སུ་སྤྱོད་འགོ་འཛུགས་རྒྱུ་བཅས་རེད། ལོ་རྒྱུས་ཐོག་ཏཱ་ལ་དང་པཎ་ཆེན་གྱི་གསེར་ཁྲི་མངའ་གསོལ་མཛད་སྒོ་ཚང་མར་ཀྲུང་དབྱང་སྲིད་གཞུང་གི་ཆེད་བསྐོས་སྐུ་ཚབ་ངོ་མས་ཡང་སྲིད་ངོས་འཛིན་ཞུ་རིམ་ལ་ལྟ་ཞིབ་དང་འབྲེལ་ཁྲི་འདོན་མཛད་སྒོ་གཙོ་སྐྱོང་གནང་བ་མ་ཟད། ཀྲུང་དབྱང་སྲིད་གཞུང་གིས་འཇའ་ས་དང་གསོལ་རས་གནང་གི་ཡོད། གདན་སར་འཁོད་པའི་མཛད་སྒོ་མཇུག་འགྲིལ་རྗེས་ཏཱ་ལ་དང་པཎ་ཆེན་རྣམ་གཉིས་ཀྱིས་ཀྱང་ལུཊ་སྲོལ་གཞིར་བཟུང་དྲིན་གཟོར་ཕྱག་འཚལ་ཞུ་དགོས་ཀྱི་ཡོད།
  ཤུགས་རྐྱེན་ཟབ་པའི་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དེ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱུན་འཛིན་བྱེད་ཆོག དེའི་ཐོག་ནས་རྒྱལ་ཁབ་ཀྱིས་བོད་ས་གནས་ཀྱི་བདག་དབང་སྐྱོང་ལུགས་དང་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཞུ་བའི་དབང་གྲགས་མཚོན་པ་དང་། སྲིད་དབང་ལྷ་དབང་ལས་ཆེ་བའི་འབྲེལ་བ་དང“རྒྱལ་པོའི་བཀའ་ལུང་ཇི་བཞིན་ཁྲིམས་དོན་འཛུགས་གཉེར”བྱེད་པའི་གནས་ལུགས་མངོན་གྱི་ཡོད་ལ། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་ཀྱང་མངོན་གྱི་ཡོད། འཛམ་གླིང་ཐོག་གི་རྒྱལ་ཁབ་གང་ཞིག་ཡིན་རུང་ཚང་མས་རང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་ཀྱི་ཡོད། རྒྱལ་ཁབ་ཕྱི་ནང་གང་ལའང་སྔར་ནས་ད་བར་དེ་འདྲ་མིན་པ་གཅིག་ཀྱང་མེད། འདི་ནི“ལྷ་མེད་སྨྲ་བ”དང“ལྷ་ཡོད་སྨྲ་བའི”ལྟ་བ་དད་མོས་དང་འབྲེལ་བ་གང་ཡང་མེད་ཅིང་། འདི་ནི་རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་གཞུང་གི་འགན་འཁྲིའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ་དེ། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཆོས་ལུགས་བྱ་བར་དོ་དམ་བྱེད་པ་ཞིག་ཡིན། དེ་ཐོག་ནས་ཁྲིམས་དང་མཐུན་པ་སྲུང་སྐྱོང་དང་། ཁྲིམས་དང་མི་མཐུན་པ་བཀག་སྡོམ། སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་སོགས་ཀྱི་ནང་དོན་མང་པོ་མངོན་ཡོད། དེའི་མཐའ་མའི་དམིགས་ཡུལ་ནི་ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོཊ་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ་དེ་ཡིན་པས། ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་གང་ལེགས་ཐོབ་ངེས་རེད།
  གསུམ།  ཡང་སྲིད་ཁྱེའུ་ངེས་པར་དུ་རྒྱལ་ནང་ནས་འཚོལ་དགོས་པ།
  ལོ་རྒྱུས་ཐོག་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་སྐབས་རྒྱལ་ནང་ནས་ཡང་སྲིད་ཁྱེའུ་འཚོལ་བའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་ལས་ཕྱི་རྒྱལ་དུ་ཡང་སྲིད་ཁྱེའུ་འཚོལ་བར་སྐྱོད་སྲོལ་གཏན་ནས་མེད། འདི་ཡང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་སྐབས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་རེད།
  ཀྲུང་གོ་ནི་བོད་བརྒྱུད་ནང་བསྟན་དར་ཡུལ་རེད། བོད་བརྒྱུད་ནང་བསྟན་འདི་ཡང་ནང་བསྟན་ཀྲུང་གོ་ཅན་གྱི་ཐོན་དངོས་ཤིག་དང་ཀྲུང་གོ་རང་ནས་དར་བའི་ཆོས་ལུགས་ཤིག་རེད། ཆོས་ལུགས་ཀྱི་ལྟ་བའམ་དགོངས་པ་དང་། ཆོས་ལུགས་ཀྱི་བརྩེ་སེམས་སམ་ཉམས་ལེན། ཆོས་ལུགས་ཀྱི་བྱ་སྤྱོད་དམ་བྱེད་སྒོ་ཡང་ན་ཆོས་ལུགས་རྩ་འཛུགས་དང་ལམ་ལུགས་སོགས་གང་ཞིག་ཡིན་རུང་། ཚང་མ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་དམ་ཟབ་བྱུང་བ་ཞིག་དང་། བོད་བརྒྱུད་ནང་བསྟན་དེ་ཉིད་ཀྲུང་གོ་ཅན་གྱི་ཆོས་ལུགས་ཤིག་ཏུ་གྱུར། བོད་བརྒྱུད་ནང་བསྟན་དར་ཁྱབ་བྱུང་ཡུལ་གཙོ་བོ་དང་དད་ལྡན་པ་མང་ཤོས་ཀྲུང་གོར་ཡོད་པ་དང་། སྤྲུལ་སྐུའི་ཡང་སྲིད་ཀྱི་ལམ་སྲོལ་དང་བླ་རྒྱུད་ཀྱང་ཐོག་མར་ཀྲུང་གོ་ནས་བྱུང་ཞིང་། ཀྲུང་གོའི་ཁོངས་སུ་གཏོགས་པའི་དགོན་སྡེ་ཡིན་ཕྱིར། སྤྲུལ་སྐུའི་ཡང་སྲིད་བྱ་བར་དོ་དམ་བྱེད་པ་དེ་ཡང་ཀྲུང་གོའི་ཆོས་ལུཊ་ལས་དོན་ལ་དོ་དམ་བྱེད་པ་དང་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་གལ་ཆེན་ཞིག་རེད། ཁོངས་གཏོགས་ས་ཆར་དོ་དམ་བྱེད་པ་དང་རྒྱལ་ནང་ནས་སྤྲུལ་སྐུའི་ཡང་སྲིད་བཙལ་འཚོལ་བྱེད་པའི་རྩ་དོན་ཁྲིམས་བཞིན་མཐའ་འཁྱོངས་བྱེད་པ་ནི་གླེང་མི་དགོས་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་རེད། ཆོས་ལུགས་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་མོད། འོན་ཀྱང་ཆོས་དད་པར་རྒྱལ་ཁོངས་ཀྱི་དབྱེ་བ་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཀྲུང་གོའི་འབྲས་སྤུངས་དགོན་ཡིན་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་སོགས་སྤྲུལ་སྐུ་ཆེ་ཁག་ཀྱང་ཀྲུང་གོའི་རྒྱལ་ནང་ནས་བཙལ་འཚོལ་དང་ངོས་འཛིན་ཞུ་བ་ལས། ཕྱི་རྒྱལ་དུ་བཙལ་འཚོལ་དང་ངོས་འཛིན་ཞུ་བར་སྐྱོད་སྲོལ་མེད། ཁོངས་གཏོགས་ས་ཆའི་བརྩེ་སེམས་དང་དད་ལྡན་པའི་བརྩེ་སེམས་ནི་སྤྲུལ་སྐུའི་ཡང་སྲིད་གཏན་འཁེལ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། དེར་བརྟེན་སྤྲུལ་སྐུའི་ཡང་སྲིད་སུ་ཞིག་ཡིན་རུང་དེ་གསོ་སྐྱོང་བྱེད་སའི་གདན་ས་དང་རྒྱལ་ཁབ་ཀྱི་ས་ཆ་དང་བྲལ་མི་རུང་ལ། ཁོངས་གཏོགས་ས་ཆའི་དད་ལྡན་པའི་ཆོས་ལུཊ་ཀྱི་བརྩེ་སེམས་ལ་སྣང་ཆུང་ཁྱད་གསོད་ཀྱང་གཏན་ནས་བྱེད་རྒྱུ་མེད།
  2010ལོའི་ཟླ་7ཚེས་4ཉིན། བོད་ལྗོངས་ལྷུན་རྩེ་རྫོང་གྲྭ་སྐོར་དགོན་གྱི་སྡེ་དྲུག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་ཡང་སྲིད་ངོས་འཛིན་ཞུ་བའི་གསེར་བུམ་དཀྲུག་འདོན་གྱི་མཛད་སྒོ་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་མདུན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཡང་སྲིད་ཁྱེའུ་བློ་བཟང་རྡོ་རྗེ་གསེར་བུམ་དཀྲུག་ཐོན་བྱུང་བས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཁོང་སྡེ་དྲུག་སྐུ་ཕྲེང་ལྔ་པ་འཇམ་དཔལ་སྐལ་བཟང་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་ཞུ་ཆོག་པ་དང་སྦྲགས། སྐྲ་ཕུད་བཞེས་ནས་སྡེ་དྲུག་སྐུ་ཕྲེང་གོང་མའི་བླ་རྒྱུན་འཛིན་རྒྱུའི་ཆོག་མཆན་གནང་བ་རེད། འདི་ནི《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས》ཁྱབ་བསྒྲགས་བྱས་ཚུན། གསེར་བུམ་དཀྲུག་འདོན་གྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་པའི་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ཐོག་མ་དེ་རེད། ཁོང་བཙལ་འཚོལ་དང་ངོས་འཛིན་ཞུ་བའི་ཐད། ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཀྱི་ཆོ་ག་དང་། ལོ་རྒྱུས་ཀྱི་ངེས་སྲོལ། གསེར་བུམ་དཀྲུག་འདོན། སྲིད་གཞུང་གིས་ཆོག་མཆན་སྤྲོད་པ་སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཡོད། ལྷག་པར་དུ་ལྷུན་རྩེ་རྫོང་དུ་འཁྲུངས་པའི་སྤྲུལ་སྐུ་ཞིག་ཡིན་པའི་སྡེ་དྲུག་སྐུ་ཕྲེང་དྲུག་པ་ནི། ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བསམ་འཆར་ལ་བརྩི་འཇོག་གང་ལེགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་དད་སེམས་ལ་བརྩི་འཇོག་གང་ལེགས་བྱས་ཏེ། རྒྱལ་ནང་དུ་བཙལ་འཚོལ་དང་ཁོངས་གཏོགས་ས་ཆར་བཙལ་འཚོལ་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་བྱ་བའི་དོ་དམ་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཚོན་གྱི་ཡོད་ལ། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་ཏན་ཏིག་བྱུང་བ་ཡང་མཚོན་གྱི་ཡོད།
  བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་བྱ་བའི་དོ་དམ་གྱི་ལོ་རྒྱུས་འཕེལ་རིམ་ལ་ལྟ་སྐབས། དེའི་ནང་གྲུབ་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ནི་ངེས་པར་དུ་བརྩི་བཀུར་ཞུ་དགོས་པའི་རྩ་བའི་རྩ་དོན་ཞིག་ཡིན་པས། གསེར་བུམ་དཀྲུག་འདོན་ལམ་ལུགས་དང་། ཀྲུང་དབྱང་སྲིད་གཞུང་གི་རྒྱུན་འཛིན་ཆོག་མཆན་ལམ་ལུགས། ཡང་ན་རྒྱལ་ནང་དུ་བཙལ་འཚོལ་གྱི་རྩ་དོན་སོགས་གང་ཞིག་ཡིན་རུང་། ཚང་མའི་ཐོག་ནས་སྐབས་རིམ་བྱུང་ཀྲུང་དབྱང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་ཚད་མཐོའི་མཐོང་ཆེན་དང་བོད་བརྒྱུད་ནང་བསྟན་གྱི་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་ཐུགས་ཁུར་གཟབ་བཞེས་གནང་བ་གང་ལེགས་མཚོན་གྱི་ཡོད་ལ། བོད་བརྒྱུད་ནང་བསྟན་ལས་རིགས་ལ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་ཕུལ་བྱུང་སྲོལ་རྒྱུན་ལྡན་པ་ཡང་གཏིང་ཟབ་མཚོན་གྱི་ཡོད། དེང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་སྤྲུལ་སྐུའི་ཡང་སྲིད་ཀྱི་ལོ་རྒྱུས་ཀྱི་ངེས་སྲོལ་དང་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་རྒྱུ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་ཆ་རྐྱེན་ཞིག་རེད། ཨ་རིའི“ཁྲིམས་དོན་གྲོས་གཞི”ཟེར་བ་དེ་འཛམ་གླིང་སྐྱེ་བོའི་ཁྲོད་དུ་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་མངོན་གསུམ་འཛེམ་མེད་ཀྱིས་ཐེ་ཇུས་བྱས་པ་ལས། ཤེས་རྨོངས་ཅན་གྱི་སྣ་ཁུང་བརྡབས་པའི་བཞད་གད་དུ་འགྱུར་རྒྱུ་ལས་མ་འདས།
  (རྩོམ་པ་པོ་ལི་ཏེ་ཁྲེང་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཡིན)
  (ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
རྩོམ་སྒྲིག་པ། བདེ་སྒྲོལ།