དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དབུལ་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་བ།

ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྐོར་བཀོད་པ།

སྤེལ་དུས 2021-02-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་དང་། “རིམ་པ་བཞི་པའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན”དང་ཏང་སྲིད་ཀྱི“འགོ་ཁྲིད་གཙོ་བོ་དང་པོས”འགན་གཙོ་བོ་འཁུར་བའི་ལམ་སྲོལ་མཐའ་འཁྱོངས་ཀྱིས“དམིགས་ས་བརྒྱད”ལ་དམ་པོར་དམིགས་ཏེ། དོན་འཁྱོལ་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད་པ་རེད།
          གནད་སྨིན་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་པ།
          ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་སྦྲ་སྒོར་གྲོང་ཚོའི་གྲོང་མི་ཡོན་ཏན་རྒྱ་མཚོ་དབང་པོ་སྐྱོན་ཅན་ཡིན་པ་དང་ངལ་རྩོལ་རྩལ་ནུས་མི་འདང་བར་བརྟེན། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་ཁོང་ལ་དྲོད་ཁང་ནང་སྔོ་ཚལ་འདེབས་པའི་ལག་རྩལ་སྦྱོང་རྒྱུའི་སྐུལ་སློང་བྱས་པ་མ་ཟད། གྲོང་ཚོ་དེའི་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་དུ་ལས་ཀ་རག་པ་རེད། “དེ་སྔོན་གླ་པ་རྒྱུག་པར་འགྲོ་དགོས་བསམ་ཀྱང་། ལག་རྩལ་མ་ཤེས་པ་མི་ཟད། གཟུགས་པོ་ཡང་ཐང་པོ་མེད་པས་ལས་ཀ་འཚོལ་ཁག་པོ་འདུག ད་ཆ་མཉམ་ལས་ཁང་དུ་ལས་ཀ་བྱས་ནས་ཟླ་རེར་གླ་ཆ་སྒོར་བཞི་སྟོང་ལྔ་སྟོང་ཙམ་ཡོད་པས་རྒྱལ་ཁབ་ཀྱི་སྐྱོབ་གསོར་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་མི་འདུག”ཅེས་ཡོན་ཏན་རྒྱ་མཚོས་བཤད། དབུལ་སྒྲོལ་ཐུབ་རྗེས་ཡོན་ཏན་རྒྱ་མཚོས་རང་ཉིད་ཀྱིས་ཤེས་པའི་ལག་རྩལ་སྦ་གསང་མེད་པར་རོགས་རམ་མཁོ་བའི་མིར་སློབ་ཀྱི་ཡོད། “དབུལ་སྒྲོལ་ཐུབ་རྗེས་གཞི་ནས་རང་ཉིད་སྤྱོད་གོ་ཆོད་པའི་མི་ཞིག་རེད་བསམ་གྱི་འདུག་ལ་གང་དུ་བསྐྱོད་ཀྱང་བློ་བདེ་པོ་འདུག”ཅེས་ཁོང་གིས་བཤད།
          ལྷོ་ཁ་གྲོང་ཁྱེར་གྱིས་གནད་སྨིན་ལ་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། གནད་སྨིན་དབྱེ་འབྱེད་དང་། གནད་སྨིན་གོ་རིམ་ལྡན་པ། གནད་སྨིན་དབུལ་སྒྲོལ་བཅས་མཐའ་གཅིག་ཏུ་བྱས་པ་རེད། མིག་སྔའི་བར་གྲོང་ཁྱེར་དེས་གནད་སྨིན་དབྱེ་འབྱེད་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་19191གི་མི་57844ཚང་མ་དབུལ་སྒྲོལ་ཐུབ་ཡོད་པ་རེད།
          བློ་རིག་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱས་པ། བསྡོམས་རྩིས་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན་གྲོང་ཁྱེར་དེས་དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲོག་འགྲེལ་ཐེངས་ཁྲི་14.9བྱས་པ་དང་མཚན་མོའི་སློབ་གྲྭ་ཐེངས་5200གཉེར་ནས་སློབ་གསོ་དང་ལེན་བྱེད་མཁན་མི་ཐེངས་ཁྲི་870ལྷག་ཙམ་ཟིན་ཡོད་པ་རེད། གསོ་སྦྱོང་ལ་ཁྱོན་མ་དངུལ་སྒོར་ཁྲི་3472.99བཏང་བ་དང་ངལ་རྩོལ་ནུས་ཤུགས་ཀྱི“མི་ཁྲིར་རྩལ་ནུས་གསོ་སྦྱོང”བྱེད་པའི་འདུ་འགོད་ལག་ལེན་བསྟར་ནས་དུད་ཚང་དབུལ་པོའི་ངལ་ནུས་ལྡན་པའི་མི་ཁྲི་1.64ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད། གྲོང་སྲོལ་དམངས་ཆིངས་ཁག་1688བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལམ་ལུགས་ལ་བརྟེན་ནས་གྲོང་མིའི་ལས་དོན་ལ་དོ་དམ་ཏན་ཏིག་བྱས་ཡོད།
          ཐོན་ལས་འཕེལ་རྒྱས་བཏང་ནས་རྨང་གཞི་བརྟན་དུ་བཏང་བ།
          ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ་དང་། ཐོན་ལས་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ནན་པོ་བྱེད་པ། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཟོ་བ། འཕེལ་རྒྱས་ཀྱི་མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བརྒྱུད། མང་ཚོགས་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གྲོང་ཁྱེར་དེས་ཐོན་ལས་གནད་སྨིན་དབུལ་སྐྱོར་རྣམ་གྲངས་217ལག་བསྟར་བྱས་པ་དང་།
          དབུལ་སྐྱོར་རྣམ་གྲངས་206འཛུགས་སྐྲུན་བྱས་ཟིན་པ། མི་ཁྲི་2.8ལྷག་ཙམ་ལ་ཕན་པ་ཐོབ་པ། མི་16850ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་བཅས་བྱུང་ཡོད།
          གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་རམ་འོག་སྣེ་གདོང་ཆུས་ཕོ་བྲང་ཤང་ཞོལ་གྲོང་ཚོར་སྡོང་ཕྲུག་རྟེན་གཞི་བཙུགས་ཡོད་པ་རེད། “སྡོང་ཕྲུག་རྟེན་གཞིར་ལས་ཀ་བྱས་ནས་ང་དང་བཟའ་ཟླར་ཟླ་རེར་གླ་ཆ་སྒོར་6000འདུག ད་ཆ་ང་ཚོའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་ནས་འཚོ་བར་སེམས་ཁྲལ་མི་འདུག ཐོན་ལས་འཕེལ་རྒྱས་བཏང་ན་དངོས་འབྲེལ་ཡག་པོ་འདུག དེས་ང་ཚོ་མང་ཚོགས་དབུལ་པོའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ལའང་སྐུལ་འདེད་ཐུབ་ཀྱི་འདུག”ཅེས་ཐོན་ལས་འཕེལ་རྒྱས་སྐོར་གླེང་སྐབས་གྲོང་ཚོ་དེའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲོང་མི་ཉི་མས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
          དམངས་འཚོ་ལེགས་སུ་བཏང་ནས་སྒུལ་ཤུགས་འཕེལ་བར་བྱས་པ།
          “དེ་སྔོན་བྱེ་རླུང་ལྡང་བ་དང་། ས་རྒྱ་ཆུང་བ། ཡོང་འབབ་དམའ་བ་བཅས་ཡིན་པས་འཚོ་བ་འཁྱོལ་ཁག་པོ་འདུག”གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲོང་མི་སྐལ་བཟང་གིས་གསར་འགོད་པར“གནད་སྨིན་དབུལ་སྐྱོར་བྱས་རྗེས་ཏང་དང་སྲིད་གཞུང་གིས་ང་ཚོའི་སྣེ་ཁྲིད་དེ་སྐྱེ་ཁམས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་ལས་དོན་སྤེལ་བས་ང་ཚོའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པ་མ་ཟད། ཉེ་འཁོར་དུ་རྩྭ་རྩི་ཤིང་མང་དུ་དང་བྱེ་རླུང་ལྡང་ཚད་ཉུང་དུ་ཕྱིན་པ་དང་འབྲུ་རིགས་ཀྱི་ཐོན་འབབ་ཀྱང་མང་དུ་ཕྱིན་སོང”ཞེས་བཤད།
          ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་18ཙམ་བཏང་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་བྱེ་འགོག་བྱེ་བཅོས་བྱས་ནས་སྐྱེ་ཁམས་དབུལ་སྐྱོར་གྱི་རྣམ་གྲངས་30ལག་ལེན་བསྟར་བ་དང་། ཤིང་འབྲས་སྡོང་པོ་སོགས་མུའུ་ཁྲི་4བཙུགས་པ། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་4.5ལེགས་གྲུབ་ཟིན་ནས། བྱེ་འགོག་བྱེ་བཅོས་ཀྱི་གཞི་ཁྱོན་མུའུ་ཁྲི་40ཟིན་ཡོད། མུའུ་ཁྲི་ཡི་སྡོང་ཕྲུག་རྟེན་གཞི་དང་། མུའུ་སྟོང་གི་ཤིང་འབྲས་རྟེན་གཞི། མུའུ་སྟོང་གི་སྐྱ་རྩྭའི་རྟེན་གཞི་སོགས་སྐྱེ་ཁམས་ཐོན་ལས་རྣམ་གྲངས་ཁག་དང་པོ་བསྐྲུན་ནས་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་དཔལ་འབྱོར་ཁུལ་རགས་ཙམ་ཆགས་ཏེ་གོང་དཀར་རྫོང་ནས་ཟངས་རི་རྫོང་བར་གྱི་སྤྱི་ལེ་160དང་ཞེང་ཚད་སྨི་1800ཡོད་པའི་ཡར་ཀླུང་གཙང་པོའི་སྐྱེ་ཁམས་བར་ཁྱམས་བཏོད་ཡོད་པ་རེད།
          དམངས་འཚོ་ལེགས་སུ་བཏང་རྗེས་མང་ཚོགས་ཀྱི་དབུལ་སྒྲོལ་སེམས་ཤུགས་ཆེ་རུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བ། “ལོ་ཤས་རིང་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་སོང་། ད་ཆ་སླར་ཡང་ང་ཚོའི་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་སྤེལ་བཞིན་ཡོད། བློ་བརྟན་འགྱུར་མེད་ངང་ཏང་དང་སྲིད་གཞུང་གི་རྗེས་སུ་འབྲངས་ནས་ལས་ཀ་ཧུར་ཐག་བྱས་ཚེ་གྲོང་གསེབ་དར་རྒྱས་འགྲོ་ངེས་རེད་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་རེད་བསམ་གྱི་འདུག”ཅེས་སྐལ་བཟང་གིས་བཤད།
རྩོམ་སྒྲིག་པ། བདེ་སྒྲོལ།