དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

རྨང་གཞི་ཡག སྤུས་ཚད་ལེགས། གྲུབ་འབྲས་བཟང་།

ལྷ་ས་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་བཅད་པའི་སྐོར་བཀོད་པ།

སྤེལ་དུས 2021-02-22 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
             སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་གནད་སྨིན་དབུལ་སྒྲོལ་གྱི་སྤུས་ཚད་ལེགས་སུ་བཏང་བ།
             2020ལོ་ནི་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ལེན་པའི་མཇུག་བསྡུའི་ལོ་ཡིན་པས་ལྷ་ས་གྲོང་ཁྱེར་གྱིས“དབུལ་སྐྱོར་གྲུབ་འབྲས”དགའ་འོས་པ་ཞིག་བཏོད་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་འབོར་དབུལ་པོ་སྟབས་བསྟུན་གཙང་སེལ་དང་། གྲོང་ཚོ(གྲོང་ལྷན)དབུལ་པོ་ཚང་མ་ཕྱིར་འཐེན་པ། རྫོང་དང་ཆུས་དབུལ་པོ་ཡོངས་རྫོགས་དབུལ་ཞྭ་ཕུད་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་13741.44ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་20%འཕར་བ་བཅས་ལས་ཞིང་འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཟབ་ཏུ་སོང་ཡོད།
             ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་དམ་འཛིན་ལྷོད་མེད་དང་དབུལ་སྒྲོལ་བྱེད་ཐབས་ཁག་དྲུག་གསར་གཏོད་དང་སྐུལ་འདེད་བཏང་བ་དང་འབྲེལ། ཏང་འཛུགས་སྐྱོང་གི་དབུལ་སྐྱོར་དང་དངུལ་རྩའི་དབུལ་སྐྱོར་སོགས་དང་ཟུང་འབྲེལ་གྱིས་ཁྱད་ཆོས་ལྡན་པའི“ལྷ་སའི་དབུལ་སྐྱོར་ཉམས་མྱོང”ཆགས་པར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གོམ་པ་བརྟན་པོ་སྤོས་པ་དང་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
             “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི“ཁག་གཅིག་བྱས་པ་ལྔ”དང“གནད་སྨིན་དྲུག”ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དབུལ་སྒྲོལ་གྱི་བྱེད་ཐབས་ཁག་དྲུག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་ལས་དོན་ཁག་དོན་འཁྱོལ་བྱེད་ཤུགས་ཆེ་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
             ཆུ་ཤུར་རྫོང་གསུམ་ལྡན་གྲོང་ཚོ་ནི་རང་ལྗོངས་ཀྱིས་བསྐྲུན་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཐོག་མ་དེ་རེད། 2016ལོའི་ཟླ་7པར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་100ལྷག་ཙམ་དེར་སྤོས་པ་རེད། ད་ཆ་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། དུད་ཚང་མི་ཉུང་བ་ཞིག“གནས་སྤོས་དབུལ་སྒྲོལ”ཐུབ་ནས“བདེ་ཐང་དང་། ཁང་པ། ཐོན་ལས”བཅས་ཡོད་པར་གྱུར་ཡོད།
             “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷ་ས་གྲོང་ཁྱེར་གྱིས་ཁྱོན་ཐོན་ལས་རྣམ་གྲངས་485ལག་བསྟར་བྱས་པ་དང་། ཐོན་ལས་རྣམ་གྲངས་ཀྱི་མ་རྐང་བགོ་འགྲེམས་དང་ལས་མི་བསྡུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། མི་ཁྲི་4.3གྱི་འབབ་འཕར་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་སྟེ་ཏ་ཀྲའོ་གཏེར་ཆུ་དང་། ཆུ་ཤུར་ས་གཙང་། སྙེ་མོའི་སྤུས་རྟགས་གསུམ་སོགས་དབུལ་སྐྱོར་ཐོན་ལས་ཁག་གཅིག་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་བས། ཤང་ཚང་མར་ཐོན་ལས་ཡོད་པ་དང་གྲོང་ཚོ་ཚང་མར་རྣམ་གྲངས་ཡོད་པར་གྱུར་ནས་ཤང་གྲོང་དར་རྒྱས་ཀྱི་ཐོག་མའི་རྣམ་པ་རགས་ཙམ་ཆགས་པ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱིས“ཁེ་ལས་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བ་དང“ཁེ་ལས་དང་། རྟེན་གཞི། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་དབུལ་སྐྱོར་བྱེད་སྟངས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཞིང་འབྲོག་པའི་མཉམ་ལས་ཁང་200ལྷག་ཙམ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ནང་ཞུགས་ནས་མང་ཚོགས་དབུལ་པོ་9000གི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད།
             རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་བ།
             “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷ་ས་གྲོང་ཁྱེར་གྱིས་དབུལ་སྐྱོར་ཆེན་པོའི་རྣམ་པ་ཆགས་པར་བྱེད་རྒྱུར་དམིགས་ཏེ་ལས་རིགས་དང་། གནས་གཏན་འཁེལ། ཁ་གཏད་བོད་སྐྱོར། སྤྱི་ཚོགས། དེ་བཞིན་དངུལ་རྩའི་དབུལ་སྐྱོར་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
             སྙེ་མོ་རྫོང་ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་དེང་རབས་ཅན་གྱི་འགྱིག་ཤོག་དྲོད་ཁང་སྟར་དུ་ཆགས་པ་དང་། དྲོད་ཁང་ནང་གི་ཤིང་འབྲས་དང་སྔོ་ཚལ་སྣ་ཚོགས་སྐྱེ་འཚར་བཟང་པོ་ཡོད་པས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་གྲུབ། “བར་སྣང་སྔོ་ཚལ”ལ་བརྟེན་ནས་སྙེ་མོའི་མི་སེར་ཚོའི་ཡོང་འབབ་མང་དུ་སོང་ཞིང་། པེ་ཅིང་གི་བོད་སྐྱོར་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་འོག 2019ལོར་གཉེར་སྐྱོང་བྱས་ཚུན་འདེབས་འཛུགས་བྱས་པའི་ཤིང་འབྲས་དང་སྔོ་ཚལ་ལས་སྔོན་དཔག་བྱས་ན་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བཏོད་དེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་98ཀྱི་མང་ཚོགས་ལ་ངལ་ནུས་བགོ་འགྲེམས་སྒོར་ཁྲི་12.62སྤྲད་པ་དང་བགོ་འགྲེམས་མཐོ་ཤོས་སྒོར་12700ཟིན་ཡོད།
             2016ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”བྱ་སྤྱོད་སྤེལ་བ་བརྒྱུད། སྤྱི་ཚོཌ་ཀྱི་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་162ཀྱིས་སྤྱི་ཕན་རང་བཞིན་གྱི་དངུལ་དང་དངོས་པོ་ཞལ་འདེབས་དང་། སློབ་སྐྱོར་རོགས་དངུལ་ཞལ་འདེབས། ནད་ཆེན་རོགས་སྐྱོབ། ཐོན་ལས་དབུལ་སྐྱོར། མཉམ་སྡེབ་དཔལ་འབྱོར་རྒྱ་བསྐྱེད། རྩལ་ནུས་དབུལ་སྐྱོར། ལས་ཞུཌ་དབུལ་སྐྱོར་སོགས་ཀྱི་བྱེད་ཐབས་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཞུགས་ཤིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.04བཏང་བར་མི་ཁྲི་3.08ལ་ཕན་པ་ཐོབ་ཡོད།
             ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ནས་དབུལ་སྒྲོལ་གྱི་རྨང་གཞི་འགན་ལེན་བྱས་པ།
             2020ལོའི་ཟླ་3པར་འདམ་གཞུང་རྫོང་གི་འབྲོག་པ་ཤེས་རབ་ཚེ་རིང་གིས་རང་ཉིད་ཀྱི་གསོག་དངུལ་དང་དབུལ་སྐྱོར་གྱི་འབོར་ཉུང་དངུལ་བུན་ལ་བརྟེན་ནས། “གནམ་མཚོ་གྲོང་ཚོའི་དབུལ་སྐྱོར་དམངས་ཕན་རླངས་འཁོར་དང་སྦག་སྦག་ཉམས་བཟོ་ཁང”བཙུགས་ཤིང་། ཡོང་འབབ་ཉུང་བའི་དུད་ཚང་དབུལ་པོ་ནས་ཕྱུག་འགྱུར་སྣེ་ཁྲིད་པའི་བར་ཁོང་གིས་ཉམས་བཟོའི་ལག་རྩལ་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་བཏང་བས་2018ལོའི་ལྷ་ས་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི“འབད་འཐབ་བྱ་དགའ”རག་ཡོད།
             ལྷ་སར་ཤེས་རབ་ཚེ་རིང་དང་འདྲ་བར་དབུལ་སྒྲོལ་བྱུང་རྗེས་རང་ཉིད་ཀྱི་ཉམས་མྱོང་གཞན་ལ་སློབ་མཁན་གྱི་ཞིང་འབྲོག་པ་མང་དག་ཅིག་ཡོད་ཅིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱིས་མང་ཚོཌ་དབུལ་པོའི་ནང་གནས་སྒུལ་ཤུཌ་འཕེལ་རྒྱུར་མཐོང་ཆེན་གྱིས“དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་དང་དབུལ་སྒྲོལ་བྱེད་པར་སྔོན་ལ་རྨོངས་སེལ”བྱེད་རྒྱུ་མངོན་གསལ་དོད་སར་བཞག་སྟེ། དཔེ་སྟོན་སྣེ་ཁྲིད་དང་མིག་དཔེ་སྟོན་རྒྱུ་རྒྱུན་འཁྱོངས་དང་བསམ་བློའི་ཐོག་ནས་ཞིང་འབྲོག་མང་ཚོཌ་དབུལ་སྒྲོལ་ཡོང་རྒྱུར་སྐུལ་ལྕག་བྱས་ཏེ། རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་འབབ་འཕར་ཡོང་བར་སློབ་གསོ་ཁྲིད་སྟོན་བྱས་ཡོད།
             དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་རིང་། དུད་ཚང་དབུལ་པོར་ཕན་པ་ཐོབ་པ་དང་ཁོ་ཚོའི་ལས་ཀ་ཧུར་ཐག་བྱེད་པ་དང“འཚོ་བ་ཡག་པོ་སྐྱེལ་བའི”སེམས་ཤུགས་སྔར་བས་འཕེལ་ཆེད། ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོ་ལེགས་གཏོང་ཁྲོད་མང་ཚོགས་ཀྱི་ཡོང་འབབ་མང་དུ་དང་བསམ་བློ་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུ་གཉིས་ཀ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ཏེ། ཕྱུག་འགྱུར་ཐད“གཞན་སྐུལ”ནས“རང་འགུལ”དུ་འགྱུར་བ་དང་། མང་ཚོགས་དགེ་བརྩོན་ཡར་ཐོན་དང་ནང་གནས་སྒུལ་ཤུགས་འཕེལ་རྒྱུར་ཁྲིད་སྟོན་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོལ།