དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཏང་ཡོངས་སུ་གཅིག་སྡུད་ཐོག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཧ་ཅང་དུས་ལ་བབས་པ་ཞིག་དང་དགོས་པ་ཤིན་ཏུ་ཆེ་བ་ཞིག་རེད།

སྤེལ་དུས 2021-02-23 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློང་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
           བྱ་བ་ཐམས་ཅད་གོང་དུ་འཕེལ། བསྐྱོད་ཟིན་ལམ་བུ་བརྗེད་མི་རུང་། ཐག་རིང་དུ་ཇི་ཙམ་སླེབས་པ་དང་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བཏོད་ཐུབ་ཀྱང་བསྐྱོད་ཟིན་པའི་ལམ་བུ་བརྗེད་མི་རུང་ལ། མདུན་སྐྱོད་བྱེད་པའི་དམིགས་ཡུལ་ཡང་བརྗེད་མི་རུང་།
           “ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་གདེང་ཚོད་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་པ་བཅས་ཀྱི་ཐབས་ཇུས་གལ་ཆེན་ཞིག་རེད”ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཙོ་གནད་དང་ལས་ཀའི་བླང་བྱ་གཏིང་ཟབ་སྒོ་ནས་ཞིབ་པར་གསུངས་ཡོད་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་ཀྱང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཐོ་གཟིགས་འོག་བསྐྱངས་དང་། གཟིགས་རྒྱང་རིང་བ། དགོངས་པ་གཏིང་ཟབ་པ་ཞིག་བཅས་ཡིན་པས་ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
           ལོ་རྒྱུས་ནི་དགེ་རྒན་ཡག་ཤོས་དེ་ཡིན། རང་རེའི་ཏང་གིས་སྔར་ནས་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མཐོང་ཆེན་བྱེད་པ་མ་ཟད། ད་དུང་ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་དང་རླབས་ཆེན་གྱི་གྲུབ་འབྲས་དྲངས་ནས་དཔའ་སེམས་འཕེལ་བ་བྱེད་པ་དང་ཁ་ཕྱོགས་གསལ་སྟོན་བྱེད་པ་དང་། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཕུལ་བྱུང་གི་སྤྱོད་ཚུལ་ཐོག་ནས་དད་སེམས་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཏང་གི་ལག་ལེན་གསར་གཏོད་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་བློ་སྒོ་འབྱེད་པ་དང་གཤིས་རྒྱུད་ཞུན་བརྡར་གཏོང་བ་བཅས་ལའང་སྣང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བླང་བྱ་རབ་དང་རིམ་པ་བཏོན་ཡོད། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དུས་སྐབས་གལ་ཆེན་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩའི་མཚམས་ཚིགས་དེར་ཏང་ཡོངས་སུ་གཅིག་སྡུད་ཐོག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཧ་ཅང་དུས་ལ་བབས་པ་ཞིག་རེད་ལ། དགོས་པ་ཤིན་ཏུ་ཆེ་བ་ཞིག་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ནི་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པའི་བསླབ་གཞི་ཞིག་ཡིན་པ་དང་ཀྲུང་གོའི་ཉེ་རབས་དང་དེང་རབས་ཚུན་གྱི་ལོ་རྒྱུས་ཁྲོད་དགའ་སྐྱོ་གཉིས་ལྡན་གྱི་ལེའུ་ཞིག་ཡིན་པས་ཏང་གི་ལོ་རྒྱུས་ལ་གཅེས་འཛིན་ལྡབ་བརྒྱ་བྱེད་པ་དང་། ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་ནན་ཏན་བྱེད་པ། ཏང་གི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་ཀྱི་གནའ་རྟོགས་དེང་དཔྱད་དང་སྲིད་སྐྱོང་མི་སྐྱོང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས།
           2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན། རང་རེའི་ཏང་གི་ལོ་བརྒྱ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པའི་ལོ་བརྒྱ་དང་། དཀའ་ངལ་ཁྱད་བསད་ཀྱིས་རྨང་གཞི་འདིང་བ་དང་བྱ་གཞག་གཏོད་པའི་ལོ་བརྒྱ། འོད་སྟོང་དང་འབྱུང་འགྱུར་བཏོད་པའི་ལོ་བརྒྱ་བཅས་ཡིན། ལོ་བརྒྱའི་རྒྱུན་མཐུད་འབད་འཐབ་ཁྲོད་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་ལོ་རྒྱུས་བཏོད་པ་དང་། རླབས་ཆེན་གྱི་སྙིང་སྟོབས་བཏོད་པ། རྩ་ཆེའི་ཉམས་མྱོང་ཆགས་པ། ཀྲུང་ཧྭ་མི་རིགས་ཡར་ལངས་ཐུབ་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་འབྱོར་ལྡན་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་བ། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལོ་རྒྱུས་ཀྱི་རླབས་ཆེན་ངོ་མཚར་བཏོད་ཡོད། འདས་ཟིན་པའི་འབད་འཐབ་ཀྱི་ལམ་བུར་ཕྱིར་ལྟ་དང་མདུན་ཕྱོགས་ཀྱི་འབད་འབུངས་ལམ་བུར་རྒྱང་ལྟ་བྱེད་པར། ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་སྡོམ་ཡག་པོ་བྱས་ཏེ་ཏང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་དགོས། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་དང་། དད་མོས་དང་དད་སེམས་བརྟན་དུ་གཏོང་བ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་ཡིན་པ་ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས།
           ལོ་རྒྱུས་སློབ་སྦྱོང་བྱེད་པ་ནི་དེ་བས་ལེགས་པའི་སྒོ་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཆེད་ཡིན་པས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ས་གནས་དང་། སྡེ་ཚན། ཚན་པ་བཅས་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པའི་ཐད་དམ་པོར་དམིགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཀྲུང་གོ་གསར་པའི་ལོ་རྒྱུས་དང་། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་ཐུབ་པ་བྱེད་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། དྲང་སྲུང་གསར་གཏོད་ཀྱིས་གོ་སྐབས་དམ་འཛིན་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འབུངས་ཧུར་ཐག་བྱེད་དགོས།
           ལོ་བརྒྱའི་རྒྱང་སྐྱོད་ལམ་བུར་བརྗིད་ཆགས་ཉམས་དང་ལྡན། ལོ་བརྒྱའི་ཐོག་མའི་བསམ་འདུན་རྡོ་རྗེ་བྲག་ལྟར་བརྟན། ཏང་དབུ་བརྙེས་ནས་གནམ་ས་གསར་པ་གཏོད་པ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་གནམ་སྒྱུར་ས་བརྗེས་བྱས་པའི་བར་དང་། སྒྱུར་བཅོས་སྒོ་དབྱེའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་བར། དེ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་བཅས་ཀྱི་རྩ་བའི་རྒྱུ་རྐྱེན་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཀྱི་ཆེད་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཆེད་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་པས་རེད། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཅིག་སྡུད་ཐོག་སྤེལ་བ་བརྒྱུད། དེ་བས་ལེགས་པའི་སྒོ་ནས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་པ། ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པ་བཅས་བྱེད་པ་དང་། དེ་བས་ལེགས་པའི་སྒོ་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱེད་པ། དེ་བས་ལེགས་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། སྔར་བས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཚེ། ང་ཚོས་དེ་བས་སྟོབས་དང་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྱོང་བྱེད་ཐུབ་ངེས་རེད་ལ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་ལེན་ཐུབ་ངེས་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།