ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ལོ་རྒྱུས་མེ་ལོང་དུ་འཛིན་ནས་འབྱུང་འགྱུར་གཏོད་དགོས།

སྤེལ་དུས 2021-09-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ལོ་རྒྱུས་ནི་བསླབ་གཞི་ཡག་ཤོས་ཤིག་ཡིན་ལ་དྭངས་གསལ་གྱི་སྨན་ཡག་ཤོས་ཤིག་ཀྱང་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོའི་ཚོགས་ཆེན་ཐོག་ཏང་ཁྱོན་ཡོངས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དེས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་།ཏང་གི་འགོ་ཁྲིད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་མ་ཟད།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་“རྒྱལ་ཁབ་ཀྱི་དོན་ཆེན“བློ་ལ་བརྟན་པོར་ངེས་དགོས་པ་ནན་བཤད་གནང་ནས་ཏང་གིས་ཚན་རིག་དང་མཐུན་པའི་སྲིད་འཛིན་དང་། དམངས་གཙོའི་སྲིད་འཛིན། ཁྲིམས་ལྟར་སྲིད་འཛིན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་ཡོངས་ཀྱིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། ལོ་རྒྱུས་ལ་བརྟེན་ནས་ཕུགས་བསམ་གསལ་རྟོགས།ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་ལ་བཞག་པའི་བྱས་རྗེས་རླབས་པོ་ཆེ་དང་རྩ་བའི་གྲུབ་འབྲས་ཤེས་རྟོགས་བྱེད་པ་དང་།དེང་རབས་ཀྱི་ཀྲུང་གོས་བཟུང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསལ་རྟོགས་བྱ་དགོས། ཉེན་ཁ་དང་འགྲན་སློང་གི་མདུན་དུ་བློ་སྟོབས་ཆེར་སྐྱེད་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པའི་ཡིད་ཆེས་དང་སྒུལ་ཤུགས་སྐུལ་སློང་བྱས་ཏེ།ཆར་རླུང་འགོག་ནས་ཞུན་བརྡར་མདུན་སྐྱོད་བྱས་ཏེ་ང་ཚོའི་མི་རབས་འདིར་དབང་བའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱ་དགོས།
          ལོ་རྒྱུས་མེ་ལོང་དུ་བཟུང་ན་དར་རྒུད་ཤེས་ཐུབ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བའི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་རེད”ཅེས་ནན་བཤད་བྱས་ཡོད།བསླབ་ཚན་འདི་ངེས་པར་དུ་སྦྱོང་དགོས་པ་མ་ཟད་ངེས་པར་དུ་ཤེས་པ་བྱེད་དགོས།གནའ་ནས་ད་བར་ལོ་རྒྱུས་དེབ་ཐེར་ཁག་གཅིག་ནང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་བཀོད་ཡོད་པ་དང་དུས་སྐབས་མི་འདྲ་བའི་ཉམས་འགྱུར་ཅུང་ཆ་ཚང་བའི་སྒོ་ནས་མཚོན་ནས་རྩ་ཆེའི་རིག་གནས་ཤུལ་བཞག་ཅིག་ཏུ་གྱུར་ཡོད་ལ་དེ་བས་གལ་ཆེ་བ་ཞིག་ནི་མི་རིགས་རིག་གནས་ཀྱི་བློ་ཁ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་ཆེན་པོ་མཚོན་པ་དང་།མི་རིགས་ཁག་གི་ལོ་རྒྱུས་རིག་གནས་ཀྱི་མོས་སེམས་ལས་བྱུང་བ་ཞིག་རེད།དུས་ཚོད་ཀྱི་གོམས་བགྲོས་དང་ལོ་རྒྱུས་རྒྱུན་འཛིན་བྱས་ནས་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་ཀྲུང་གོ་གུང་ཁྲན་ཏང་གི་ལག་ཏུ་སྤྲད་ཡོད།ལོ་ངོ་100ཡི་རིང་ལ་ང་ཚོའི་ཏང་གིས་སྙིང་སྟོབས་རླབས་པོ་ཆེ་རབ་དང་རིམ་པ་བསྐྲུན་པ་དང་།ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་དབྱངས་རྟ་བཙུགས་པ་རེད།ལམ་བར་དུ་བསྐྱོད་པའི་ཆར་རླུང་དྲག་པོ་དང་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་རྐང་རྗེས་མངོན་གསལ་དོད་པོ་བཀོད་པ་དང་།ལོ་རྒྱུས་ཀྱི་ཡུལ་དུས་བར་དུ་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་སྐྲུན་ཡོད།
          ལོ་རྒྱུས་མེ་ལོང་དུ་འཛིན་ནས་འབྱུང་འགྱུར་གཏོད་དགོས། ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟས་ན། གནའ་རབས་དང་དེང་རབས། རང་རྒྱལ་དང་ཕྱི་རྒྱལ་ཚང་མར་ཀྲུང་གོ་གུང་ཁྲན་ཏང་ལྟ་བུའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་འཚོལ་ཞིབ་ཐུབ་མི་སྲིད་ལ།ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་རང་ངོས་ཀྱི་གསར་བརྗེ་མཐིལ་ཕྱིན་པ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རང་ཉིད་ལེགས་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་དང་སྐུལ་སྤེལ་ནུས་ལྡན་བྱེད་དཀའ། ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་གྱི་ཕུགས་རྒྱང་རིང་ལ་རླབས་ཆེན་བསྐྱར་དར་གྱི་ལམ་བུ་རིང་མོ་ཞིག་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཆེད་དུ་ཀྲུང་གོ་གུང་ཁྲན་ཏང་གིས་དེའི་དོན་དུ་འབད་འཐབ་དང་། རང་སྲོག་བློས་བཏང་། ལོ་ངོ་བརྒྱ་ཐམ་པ་གསར་སྐྲུན་བཅས་བྱས་ཡོད་ཅིང་། འོས་འགན་དང་ཐེ་ཚོམ་སྤུ་ཙམ་མེད་པར་མུ་མཐུད་དེར་འབད་འཐབ་བྱས་ཏེ“རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གཞི། རླབས་ཆེན་གྱི་བྱ་གཞགརླབས་ཆེན་གྱི་ཕུགས་འདུན”བཅས་ཟུང་འབྲེལ་དམ་ཟབ་དང་། ཕན་ཚུན་འབྲེལ་མཐུད། ཕན་ཚུན་ནུས་པ་ཐོན་པ་བཅས་བྱས་ཡོད།
          རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་བདེ་སྡོད་ཉེན་བསམ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་བ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱས་པ།ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་དང་། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ། འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ། རི་བོ་དང་ཐུག་དུས་ལམ་ཕྱེ་བ་དང་ཆུ་དང་ཐུག་དུས་ཟམ་སྐྲུན་པ། ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ་པ་བཅས་བྱ་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།